
Sign up to save your podcasts
Or


1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་མཁན་ལ་མཇལ་ཁ་གནང་བ།
2 ༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ།
3 བོད་ནས་འབྱོར་བའི་གནས་ཚུལ་ནང་རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པར་རྒྱ་ནག་གཞུང་གིས་བཅོས་སྒྲིག་ལས་འགུལ་སྤེལ་ཡོད་བཞིན་ཡོད་འདུག
4 བོད་ནང་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱས་པ་དང་སེར་ཤུལ་དགོན་དུ་གྲ་ཤག་གཏོར་བཤིག་དང་དགེ་འདུན་པའི་ཞལ་གྲངས་ཉུང་རུ་བཏང་པའི་གནས་ཚུལ་ཐོག་འབྲེལ་ཡོད་ནས་དོ་སྣང་གནང་སྐོར།
5 མགོན་པོ་སྐྱིད་ཀྱིས་ལྷ་སའི་མཐོ་རིམ་མི་དམངས་ཁྲིམས་ཁང་མདུན་གཅུང་པོ་རྡོ་རྗེ་བཀྲ་ཤིས་ཀྱི་ཆེད་དྲང་བདེན་གྱི་རེ་འབོད་མུ་མཐུད་གནང་བ།
6 འབྲུག་རྒྱལ་ཁབ་ལ་ཉིན་གཅིག་ནང་མཆོད་རྟེན་༡༠༨བཞེངས་ཀྱི་ཡོད་པར་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་གདན་ཞུ་གནང་འདུག
7 འབྲུག་རྒྱལ་ཁབ་ཏུ་ཉིན་གཅིག་ཏུ་བཞེངས་རྒྱུའི་བྱང་ཆུབ་མཆོད་རྟེན་༡༠༨ཀྱི་ལས་གཞི་དང་འབྲེལ་བའི་བཅའ་འདྲི།
8 འབྲུག་ནང་ཆུ་ལོག་གི་གནོད་འཚེ་བྱུང་ཡོད་རུང་མི་ཤི་སྐྱོན་ཆག་གི་གནད་དོན་ཚབས་ཆེན་བྱུང་མེད་པ།
9 དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྐུ་ཚབ་དོན་གཅོད་ནས་བོད་དོན་གླེང་པ།
10 རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་གྱི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་བྱུང་ཡོད་པ།
11 བོད་པ་ཁེ་ན་ཌའི་མི་སེར་ཡིན་པ་འབུམ་རམས་པ་རྒྱལ་ལོ་ལགས་ལ། ཁོང་གི་དེ་སྔའི་ལས་ཁུངས་རྙིང་པ་སྟེ། རྒྱ་ནག་གི་ཡུན་ནན་དགེ་འོས་མཐོ་སློབ་ཀྱིས་དམངས་དོན་གྱོད་འཛུགས་བྱས་འདུག
12 བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་རྒྱ་ནག་གི་བོད་ནང་འཛིན་པའི་སྲིད་བྱུས་འོག་དཀའ་སྡུག་དུ་མ་མྱངས་ཡོད་པའི་དྲན་གསོ་གནང་པ།
13 བུད་མེད་ཀྱི་གཞོན་སྐྱེས་གློག་བརྙན་བཟོ་སྐྲུན་པ་ཁག་ཅིག་གིས་བོད་པའི་སྤྱི་ཚོགས་དང་འབྲེལ་བའི་སྒྲུང་གཏམ་རྣམས་སྤྱི་ཚོགས་ལ་ལེགས་སྐྱེས་སུ་འབུལ་ཐུབ་པའི་རེ་བ་གནང་གི་འདུག
Hosted on Acast. See acast.com/privacy for more information.
1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་མཁན་ལ་མཇལ་ཁ་གནང་བ།
2 སྐབས་དགུ་པའི་དགེ་བཤེས་མ་དང་། བཙུན་མའི་འཇང་དགུན་ཆོས་ལ་ཕེབས་པ་རྣམས་ལ་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་དང་། མཇལ་ཁ་བཀའ་དྲིན་སྩལ་གནང་ཡོད་པ།
3 བོད་ཀྱི་ཟློས་གར་ཚོགས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་ལྷ་མོ་ཚོགས་པ་གསུམ་གྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།
4 ནག་ཆུ་སྦྲ་ཆེན་རྫོང་དུ་ས་ཡོམ་འགུལ་ཚད་ ༧ བྱས་པ་ཞིག་བརྒྱབ་འདུག
5 བོད་ནག་ཆུ་སྦྲ་ཆེན་རྫོང་གི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་ཀྱི་གྲངས་འབོར་ནི་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པ་ལས་མང་བ་ཡོད་པ་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་མི་སྣ་བཅས་ཀྱིས་གསུང་གི་འདུག
6 རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་ལྷ་སའི་ནང་དམ་དྲག་ཆེན་པོ་ཡོད་པའི་ཐོག་དམིགས་བསལ་ཕོ་བྲང་པོ་ཏ་ལའི་ཁུལ་དུ་ཉེན་རྟོག་སྐོར་སྲུང་བའི་ལྟ་ཞིབ་ནན་པོ་ཡོད་འདུག
7 རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་སོགས་ཉར་ཚགས་གནང་བའི་ཉེས་འཛུགས་འོག་རྒྱ་ནག་གཞུང་གིས་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱས་ཏེ་མི་རིགས་རྩ་བརླག་གཏོང་བའི་བྱ་ཐབས་ཡིན་པ་བརྗོད་ཀྱི་འདུག
8 མགོ་ལོག་ར་རྒྱའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་ལོ་༢༡ གི་རྗེས་སུ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་པ་ཡོད་ཅིང་། སློབ་གྲྭ་སྒོ་བརྒྱབ་དགོས་དོན་དང་སློབ་མ་ཚོ་གང་དུ་སློབ་ཞུགས་བྱ་མིན་ཁ་གསལ་མི་འདུག
9 བོད་ནང་སློབ་གྲྭ་སྒོ་བརྒྱབ་པའི་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་སློབ་གྲྭ་ཁག་ཏུ་མི་རིགས་གསོན་གནས་ཀྱི་ལས་དོན་འགྲུབ་བཞིན་པར་ངོས་འཛིན་གྱིས་སློབ་གྲྭ་སྒོ་བརྒྱབ་པ་ཡིན་སྐོར་གསུངས་འདུག
10 མགོ་ལོག་ཏུ་བོད་ཀྱི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་རྒྱ་བསྒྱུར་སློབ་གསོ་ཤུགས་ཆེ་རུ་ཕྱིན་པར་སེམས་འཚབ།
11 མགོ་ལོག་གི་སློབ་གྲྭ་གསུམ་སྒོ་བརྒྱབ་པའི་གནད་དོན་དང་འབྲེལ་བའི་བཅའ་འདྲི།
12 ཨ་རིའི་ཆབ་སྲིད་ཚོགས་པ་སུས་གཞུང་འཛིན་མིན་ལ་མ་ལྟོས་པར་༧གོང་ས་མཆོག་དང་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ། རྡ་སར་༧གོང་ས་མཆོག་གི་མཇལ་ཁར་བཅར་བའི་ཨ་རིའི་གྲོས་ཚོགས་འཐུས་མིས་གསུངས་པ།
13 ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་པ་བོད་ནང་བཀག་འདོམས་མེད་པར་བསྐྱོད་བཅུག་དགོས་པའི་འབོད་སྐུལ་གནང་པ།
14 ཐེ་ཝན་དང་ཨའོ་སི་ཁྲོ་ལི་ཡའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག
15 དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེན་མཆོག་གིས་སྒང་ཏོག་ཏུ་ཉི་ཡག་ནེེ་རཱཏྨྱ་ཆོས་ཚོགས་དབུ་འབྱེད་གནང་པ་དང་། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་ཡོད་པ།
16 བལ་ཡུལ་ནང་ཆུ་ལོག་དང་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཕོག་པ་ཚོར་བོད་པའི་དགེ་འདུན་པ་གཙོ་གྱུར་གྱི་སྤྱི་སྒེར་ཚོས་དཔལ་འབྱོར་དང་། ཛ་དྲག་ངལ་སེལ་གྱི་མཁོ་ཆས་བགོ་འགྲེམས་ཀྱིས་རོགས་སྐྱོར་གནང་འདུག
Hosted on Acast. See acast.com/privacy for more information.
1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་མཁན་ལ་མཇལ་ཁ་གནང་བ།
2 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ་ཆེད་སྤྱན་རས་གཟིགས་ཆོས་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།
3 ༧གོང་ས་མཆོག་ནས་༢༠༢༦ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནཱ་ཝི་ཕིལ་ལེ་ལགས་ལ་འཚམས་འཕྲིན་བསྩལ་བ།
4 རྒྱ་གར་གྱི་རྩེད་འགྲན་པ་དང་སྒྱུ་རྩལ་བ་ཁག་གིས་༧གོང་ས་མཆོག་མཇལ་ཁར་བཅར་མཁན་མང་པོ་ཡོང་གི་ཡོད་པ་བཞིན་འབྲེལ་ཡོད་ཀྱི་གནས་ཚུལ།
5 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ནཱ་ལེནྡྲའི་༧པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཞུ་སྒྲིག་དང་པར་སྐྲུན་ཞུས་ཏེ་སྤྱན་འབུལ་ཞུས་ཡོད་པ།
6 ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་སྣུམ་གྱི་མེ་སྲེག་འབར་མདེལ་གཡུགས་འདུག
7 ཨ་རི་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་གི་འདུག
8 བལ་ཡུལ་དབུས་ཕྱོགས་གོར་ཁ་རྫོང་ཁུལ་ལ་ཆུ་ལོག་གི་དོན་རྐྱེན་ཚབས་ཆེ་བྱུང་བའི་ཁྲོད་བལ་བོད་ས་མཚམས་བཙུམ་ཁུལ་གྱི་འབྲོག་པ་ལྔ་གར་སོང་ཆ་མེད་དུ་འགྱུར་འདུག
9 བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་པ།
10 བོད་ནང་ཉེ་བའི་ལོ་ཤས་ནང་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་གནས་ཚུལ་ལ་ཞིབ་བཤེར་གྱི་གྱོད་གཞི་ ༦༠༠༠ ལྷག་ཐོ་བཀོད་བྱས་འདུག
11 བོད་ནང་དཔོན་རིགས་ལ་ཞིབ་བཤེར་བྱས་པ་དང་འབྲེལ་བའི་སྐོར་ལ་བཅའ་འདྲི།
12 ཡུ་རོབ་གྲོས་ཚོགས་སུ་བོད་ནང་ཆུ་ལོག་གི་གནོད་འཚེའི་སྐོར་ལན་འདེབས་དགོས་པ་དང་བཅའ་སྡོད་སློབ་གྲྭ་མཚམས་འཇོག་དགོས་པའི་འབོད་སྐུལ།
13 བོད་པའི་སྤྱི་ཚོགས་ཁྲོད་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་རྒྱ་ཕྱོགས་ནས་དྲྭ་ཐོག་སིམ་འཛུལ་གྱིས་སོ་ཉུལ་བྱས་པའི་དོན་རྐྱེན་ ༤༩ ངོས་འཛིན་བྱུང་པ་སྙན་ཐོ་འདོན་སྤེལ་གནང་པ།
14 ལ་དྭགས་སུ་དགའ་ལྡན་ཁྲི་པ་ ༡༠༢ མཆོག་གི་ཡང་སྤྲུལ་རིན་པོ་ཆེའི་དགུང་ལོ་ ༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
15 དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་ནང་གི་གཞི་རིམ་སློབ་གྲྭ་ཁག་ཏུ་སྐད་ཡིག་དང་ངོ་བོ་གཅེས་འཛིན་ཐོག་ཤུགས་གནོན་བསྐྱོན་བཞིན་པ།
16 ལ་དྭགས་སུ་ཆོས་རྒྱུད་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཚོགས་པ་དང་། ནང་ཆོས་དངོས་སུ་ཉམས་ལེན་བྱེད་རྒྱུ་འདི་གལ་ཆེ་ཡིན་པར་ངོས་འཛིན་གནང་གི་འདུག
Hosted on Acast. See acast.com/privacy for more information.
1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་བཀའ་སློབ་གནང་བ།
2 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དམག་འཁྲུག་ཁྲོད་ཚུད་པའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་འགན་འཛིན་དང་མཇལ་གནང་བ།
3 རྒྱ་གར་ནས་རྒྱལ་སྤྱིའི་དགེ་རྒན་གྱི་ཕུལ་བྱུང་གཟེངས་རྟགས་ཐོག་མར་ཐོབ་མཁན་རཱན་ཇིཏ་སིངྷ་ཌིས་ལེ་ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ།
4 རྒྱ་རིགས་ཡི་ཤུའི་ཆོས་དཔོན་ཨེཛ་ར་ཇིན་ལ་ ༢༠༢༦ ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་གནང་རྒྱུ་རེད་འདུག
5 ༢༠༢༦ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གསལ་བསྒྲགས་གནང་བ།
6 བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ཟླ་བ་གསུམ་སོང་བའི་སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་གྱི་གནས་སྟངས་དང་རྗེས་དྲན་གྱི་ལས་དོན་མདུན་སྐྱོད་བྱེད་བཞིན་ཡོད་པ།
7 མེས་པོ་དམ་པ་གྷན་དྷིའི་འཚེ་བ་མེད་པའི་ཐབས་ལམ་གྱིས་བོད་མིའི་འཐབ་རྩོད་ལ་བློ་སྐྱེད་སྐྲུན་ཡོད་པ་སྲིད་སྐྱོང་མཆོག་གི་གྷན་དྷིའི་འཁྲུངས་སྐར་ཉིན་གསུངས་པ།
8 བོད་ནང་གི་དཔོན་རིགས་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ།
9 རྒྱ་ནག་གཞུང་གི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་པ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱས་རྗེས་ཡིན་ཞེས་གསུང་གི་འདུག
10 བོད་ཀྱི་སློབ་གྲ་ཁག་ཏུ་དམག་སྦྱོང་བྱས་པ་དང་མཉན་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་ཚོགས་འདུག
11 བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཤུགས་རྐྱེན་དང་བོད་ཕྲུག་གི་སེམས་ཁམས་སློབ་གསོ།
12 བོད་དེ་རྒྱ་ནག་དམར་ཤོག་གིས་ལྟ་སྲུང་མ་ལག་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཚོད་ལྟ་བྱེད་ཡུལ་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ།
13 རྒྱ་གར་ལྷོ་ཕྱོགས་སློབ་ཕྲུག་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་སྐབས་སློབ་མ་ཚོས་གཙོ་བོ་འགན་འཁུར་བླངས་སྟེ་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲོད་ཡོད་པ།
14 བོད་ནང་རྒྱ་ནག་དམག་གིས་བཙན་འཛུལ་བྱེད་སྟངས་ཀྱི་ལོ་རྒྱུས་ལ་གཞི་བཅོལ་ཏེ་དངོས་བྱུང་ལོ་རྒྱུས་གྱི་གཏམ་བརྗོད་གསར་པ་ཕ་ཡུལ་ཞེས་པ་བཟོ་སྐྲུན་གནང་ཡོད་པ།
Hosted on Acast. See acast.com/privacy for more information.
1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་ཚུལ་གྱི་སྡོམ་པ་གནང་བ།
2 ཨ་རིའི་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་མཇལ་ཁ་ཞུས་པ།
3 ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པས་བོད་ལ་ཨ་རི་ནང་བཞིན་རང་དབང་རང་བཙན་ཐོབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ།
4 ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ་བཞུགས་སྒར་དུ་ཕེབས་པ་དང་འབྲེལ་བའི་བཅའ་འདྲི།
5 སིཔེན་གྱི་ཆོས་ཚོགས་ ༣༦ གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།
6 དཔལ་རྒྱལ་དབང་ཀརྨ་པ་རིང་མིན་འབྲུག་ཡུལ་དུ་ཆིབས་བསྒྱུར་གནང་གཏན་འཁེལ་བ།
7 ༡༧ བཀའ་ཤག་གིས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཡིག་ཆ་འདོན་སྤེལ་གནང་པ།
8 སྐྱིད་གྲོང་ལ་གནོད་འཚེ་བྱུང་ནས་ཟླ་གཅིག་ལྷག་སོང་ན་ཡང་མཐའ་མའི་གྲངས་ཐོ་ཁ་གསལ་མེད་པའི་ཐོག་བོད་མིས་ངལ་སེལ་ལས་དོན་སྤེལ་བར་བཀག་སྡོམ་དམ་དྲག་བྱས་པ།
9 བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་བོད་ཀྱི་ཁོར་ཡུག་ཐོག་བསྒྱུར་ཚེ་དགེ་མཚན་ཆེན་པོ་ཡོང་ངེས་གཟིགས་ཀྱི་ཡོད་སྐོར།
10 བོད་དོན་ལས་འགུལ་དང་རྒྱལ་མཚམས་རྒལ་བའི་དྲག་གནོན་སྐོར།
11 རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་༧༧སོང་བའི་སྐབས་དེར་ཨ་རི་དང་སུད་སི་སོགས་ནས་བོད་དོན་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ།
12 ཨ་རིའི་མངའ་སྡེ་མན་ནི་སོ་ཌ་ནས་གྲོང་ཁྱེར་ནིའུ་ཡོག་བར་ཞི་བའི་གོམ་བགྲོད་གནང་མཁན་བསོད་ནམས་རྡོ་རྗེ་ལགས་ཨ་རིའི་རྒྱལ་སར་འབྱོར་བ།
13 ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལ་བར་བོད་མི་སྒེར་གྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ།
14 ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་གྲོས་མོལ་སྐབས་བོད་དོན་གླེང་ཡོད་མེད་སྐོར།
15 བོད་མི་རིགས་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩིའི་ཁྲོད་རྒྱ་གར་བ་ཞིག་གིས་དོ་འཁུར་ཆེན་པོས་མཉམ་ཞུགས་གནང་ཡོད་པ།
16 ལ་དྭགས་ཁུལ་དུ་བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་ཐོག་གླེང་སྐབས་བོད་ཡིག་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ།
Hosted on Acast. See acast.com/privacy for more information.
1 འཛམ་གླིང་ས་ཕྱོགས་གང་ས་ནས་ནང་པའི་དད་ལྡན་པ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་མང་པོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་གནང་བ།
2 ༧གོང་ས་མཆོག་དགུན་དུས་རྒྱ་གར་ལྷོ་ཕྱོགས་ཀྱི་བཀྲིས་ལྷུན་པོ་དགོན་པར་ཆུབས་བསྒྱུར་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ།
3 ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།
4 རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་རྒྱལ་སར་འབྱོར་པའི་སྐབས་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བ་ཧ་ཅང་མང་པོ་འདུས་ཡོད་པ་ཚོས་བོད་མི་དང་ཧོང་ཀོང་གི་ལས་འགུལ་བར་འགོག་རྐྱེན་བཟོས་པ།
5 རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་མི་རི་ཀར་མ་འབྱོར་བའི་ཉིན་གཅིག་གི་གོང་བོད་མི་སློབ་ཕྲུག་ཅིག་གིས་བོད་ལ་རང་དབང་དགོས་ཞེས་འཕྲེད་དར་དང་བོད་ཀྱི་རྒྱལ་དར་ཕྱར་ཏེ་ངོ་རྒོལ་བྱས་པར་ལས་འགུལ་བ་དེ་འཛིན་བཟུང་དོ་དམ་བྱས་འདུག
6 ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་ཀྱིས་མིས་བཟོས་རིག་ནུས་སོགས་གནད་དོན་ཁག་གི་ཐོག་གླེང་པའི་སྐབས་དེར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
7 ཞི་ཅིན་ཕིང་ཕྱིར་ལོག་མ་བྱེད་བར་དུ་ང་ཚོས་ངོ་རྒོལ་མཚམས་འཇོག་བྱེད་ཀྱི་མིན་ཞེས་སློབ་ཕྲུག་ལས་འགུལ་བས་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཞི་རྒོལ་བྱས་སྐབས་བརྗོད་བྱུང་།
8 རྒྱ་ནག་གི་སྲིད་འཛིན་ཨ་རིར་འཚམས་འདྲིར་སྐྱོད་པའི་སྐབས་ཚེས་༢༤ཉིན་གྱི་ཉིན་རྒྱབ་བོད་མི་ཚོས་ཨ་རིའི་གྲོས་ཚོགས་སུ་འདུ་འཛོམས་གྱིས་བོད་དོན་ལས་འགུལ་སྤེལ་ཡོད་པ་མ་ཟད། ཕོ་བྲང་དཀར་པོའི་གཡས་གཡོན་ལ་ཡང་བོད་དོན་ལས་འགུལ་སྤེལ་ཡོད་པ་དང།
9 ཚེས་༢༥ཉིན་ཞི་ཡོད་སའི་མགྲོན་ཁང་དུ་བོད་དོན་ལས་འགུལ་མུ་མཐུད་སྤེལ་ཡོད་པ་དང། ཞི་ཡི་འཚམས་འདྲི་མཇུག་བསྒྲིལ་ཡོད་པ།
10 མཇུག་བསྡོམས་ཀྱི་བཅའ་འདྲི།
11 བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས་ཀྱི་ཆེས་མཐོའི་དཔོན་རིགས་ཀྱི་འགྱུར་བ་བཏང་པ་དང་། ཧུའུ་ཁྲང་ཧྲེང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་འདུག
12 བཙན་བྱོལ་བོད་མི་གཞུང་མང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཁ་གཏད་ཆེད་བོད་ཀྱི་གཟའ་འཁོར་འགོ་འཛུགས།
13 རྒྱ་གར་གྱི་དམག་སྡེའི་ཁོངས་དྭང་སློབ་དམག་སྡེ་ཨང་ ༢༢ ནང་དེ་སྔ་ཞུགས་པའི་དམག་ཟུར་ལ་བཅའ་འདྲི།
14 སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་ཁུལ་དུ་དགོན་སྡེ་སོགས་རིག་གནས་གསར་བརྗེའི་སྐབས་སུ་རྩ་གཏོར་བཏང་པ་རྣམས་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པ།
15 བོད་ཆས་བོད་ཟས་དང་བོད་སྐད་གཙང་མ་སྤྱོད་དེ་མི་རིགས་ཀྱི་ངོ་བོ་གཅེས་སྲུང་བྱ་ཐབས་ཀྱི་ཐོག་ཤུགས་རྒྱབ་དགོས་པའི་སྐུལ་མ་བྱེད་བཞིན་འདུག
Hosted on Acast. See acast.com/privacy for more information.
1 སྤྱི་ནོར་༧གོང་ས་མཆོག་ནས་མཇལ་ཁ་བཀའ་སློབ་གནང་ཡོད་པ།
2 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ལ་འཚམས་འདྲི་ཞུས་གནང་བ།
3 རྒྱ་ནག་གཞུང་གིས་མིས་བཟོས་རིག་ནུས་བེད་སྤྱོད་བཏང་ནས་བོད་མིར་སོ་ལྟ་བྱེད་ཀྱི་ཡོད་པ།
4 བལ་བོད་ས་མཚམས་སུ་མི་སྣ་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པར་ཐུགས་འཚབ་བྱུང་སྐོར།
5 རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་ལས་གྲ་ཆེ་ཁག་མཚམས་འཇོག་དགོས་པ་བརྗོད་སྐོར།
6 རྔ་བ་མའོ་རྫོང་དུ་རི་ཉིལ་ནས་གཞུང་ལམ་དང་ཆུ་ལམ་འགག་པ།
7 རྒྱ་ནག་གི་བོད་ཐོག་འཛིན་པའི་ཐབས་བྱུས་དང་༧སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར།
8 རྒྱ་ནག་གི་གསང་བའི་བཙོན་ཁང་ཞེས་པའི་དེབ་གསར་པ་དང་འབྲེལ་བའི་བཅའ་འདྲི།
9 ཨ་རི་བ་གཉིས་ཀྱིས་ལོ་རབས་བརྒྱད་ཅུའི་ནང་གི་བོད་དོན་ལས་འགུལ་ལ་ཕྱིར་དྲན།
10 ཨ་རི་དང་རྒྱ་ནག་མཉམ་ལས་ཀྱི་འབྲེལ་བ་ནས་འགྲན་རྩོད་ཀྱི་འབྲེལ་བའི་ཁྲོད་བོད་ཀྱི་གནས་བབ།
11 སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་ལྷན་ས་མཚམས་སོགས་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་རྒྱུའི་གནད་འགག་ཆགས་སྐོར།
12 རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་སླེབས་པ་དང་སྐབས་རྒྱ་གར་གྱི་མེ་སོར་དུ་བཙན་བྱོལ་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་ཡོད་པ།
13 ཞི་ཅིན་ཕིང་ལྡི་ལིར་སྦརིཀསི་ཚོགས་འདུར་འབྱོར་སྐབས་ངོ་རྒོལ་གནང་མཁན་བོད་མི་ལས་འགུལ་བ་དོ་དམ་བྱས་པ་ཡོངས་རྫོགས་གློད་བཀྲོལ།
14 རྒྱ་ནག་གིས་དབང་བསྒྱུར་བྱས་པའི་མི་རིགས་གཞན་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་བྱུང་སྐོར།
15 རྒྱ་རིགས་གསར་འགོད་པ་ཞིག་གིས་དངོས་བདེན་གནས་ཚུལ་ལ་གཞིཊ་ཏེ་རྒྱ་རིགས་རྣམས་ཀྱི་བཙན་བྱོལ་བོད་མིར་ལྟ་ཕྱོགས་ལ་འགྱུར་བ་ཞིག་ཡོང་ཆེད་དཔེ་དེབ་ཅིག་རྩོམ་བྲིས་གནང་འདུག
16 བོད་ནང་དེ་སྔ་བོད་ཀྱི་ཐེབས་རྩས་རོགས་སྐྱོར་ཁག་ཅིག་གནང་ཡོད་པའི་གནས་ཚུལ།
17 ལ་དྭགས་ཁུལ་དུ་སྐད་ཡིག་དང་རིག་གཞུང་གཅེས་འཛིན་ཐོག་ལོ་འཁོར་མོའི་ལས་འགུལ་སྤེལ་བཞིན་ཡོད་འདུག
Hosted on Acast. See acast.com/privacy for more information.
1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོར་རྗེས་མཇལ་ཁ་དང་མཛད་འཕྲིན་ཁག་བསྐྱངས་གནང་ཡོད་པ།
2 རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ།
3 ཚེས་༡༡བར་བོད་དང་བལ་ཡུལ་གཉིས་ནས་མི་༡༣༠༠ ལྷག་འདས་གྲོངས་སུ་སོང་ཡོད་པ་དང་། མི་༥༣༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ།
4 རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བོད་སྐྱིད་གྲོང་དུ་མགྲོན་འབོད་བྱེད་ཡོད་པ།
5 སྐྱིད་གྲོང་འགག་སྒོའི་རི་ཟུར་གྲོང་ཚོ་ནས་མི་ ༢༦ འདས་གྲོངས་སུ་སོང་བ་དང་། ཚོང་ཁང་དང་ཟ་ཁང་བཅུ་གྲངས་མེད་པ་ཆགས་འདུག
6 ཞི་ཅིན་ཕིང་ལྡི་ལིར་སྦརིཀསི་ཚོགས་འདུའི་ཆེད་རྒྱ་གར་དུ་འབྱོར་གྱི་ཡོད་པ་དང་བསྟུན། བོད་མི་ཚོས་རྒྱ་ནག་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ།
7 རྒྱ་དཀར་ནག་གི་འབྲེལ་བ་དང་སྦརིཀསི་ཚོགས་འདུ་དང་འབྲེལ་བའི་བཅའ་འདྲི།
8 རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། རྒྱ་ནག་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་དོ་དམ་དུ་བཏང་ཡོད་པ།
9 མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པ་གསུངས་འདུག།
10 ལྷོ་ཀོ་རི་ཡའི་རྒྱལ་ས་སིའོལ་དུ་རྒྱལ་སྤྱིའི་རྒྱལ་སྲུང་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་འདུ་ཞིག་གི་ཐོག་ཕི་ལི་པིནསི་ཀྱི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གི་བྱ་སྤྱོད་འཐེར་བཏོན་བྱས་པ།
11 བྱང་ཨ་རིའི་བོད་རིཊ་སྤྱི་མཐུན་ཚོགས་པ་རྣམས་ཀྱིས་བོད་དོན་ཞུ་གཏུག་ཤུགས་ཆེ་རུ་གཏོང་རྒྱུ་དང་བདེ་འཇཊ་སྲུང་སྐྱོབ་ཐད་གྲོས་བསྡུར་གནང་ཡོད་པ།
12 མི་རིཊ་ཀྱི་ངོ་བོ་གཅེས་འཛིན་བྱེད་པར་བེུད་ཚོར་འགན་འཁུན་ཆེན་པོ་ཡོད་པ་འབྲས་ལྗོངས་མངའ་སྡེའི་གྲོས་ཚོཊ་ཀྱི་འཐུས་མི་ཞིག་གིས་གསུངས་པ།
13 ༡༩༥༩ གོང་གི་བོད་ཀྱི་ཕྱི་འབྲེལ་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་གསར་པ་ཞིག་ཐོན་ཡོད་པ།
14 ཆུ་བཞི་སྒང་དྲུག་གི་གློག་བརྙན་ཧིན་དྷི་ནང་ཕབ་བསྒྱུར་ཞུས་པ་དེ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་གཟིགས་འབུལ་ཞུས་པ།
Hosted on Acast. See acast.com/privacy for more information.
Summary
1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཟླ་བ་གཉིས་ལྷག་ཙམ་བཞུགས་གདན་འཇག་པའི་རྗེས་བཞུགས་སྒར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་ཡོད་པ།
2 བོད་དང་བལ་ཡུལ་དུ་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་པའི་རྗེས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུ་བླ་ཆེན་ནས་ནས་ཐུགས་སྨོན་གནང་ཡོད་པ།
3 ཚེས་༣༠ཉིན་ ༧གོང་ས་མཆོག་ལ་བོད་མི་དང་ལ་དྭགས་ཡུལ་པ་ཐུན་མོང་ནས་བརྟན་བཞུགས་ལྟར་འབུལ་ཞུས་ཡོད་པ།
4 ལ་དྭགས་ཀྱི་གསར་འགོད་པ་དང་ལྷན་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་གླེང་བ།
5 ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ས་གནས་སུ་ཡོད་པའི་ནང་པ་དང་། ཁ་ཆེ། ཡི་ཤུ་བཅས་ཆོས་ལུགས་འདྲ་མིན་ཐུན་མོང་གིས་༧མགོན་པོ་མཆོག་ལ་ཆེ་བསྟོད་སྣེ་ལེན་ཞིག་ཞུས་ཡོད་པ།
6 སྐྱིད་གྲོང་གི་ཁྱིམ་དུད་ ༡༥ དང་གར་སོང་ཆ་མེད་དུ་སོང་བའི་བོད་མི།
7 བལ་ཡུལ་ས་མཚམས་ཏི་མུ་རེ་ནས་བོད་པ་༣༥ ཙམ་ཆུས་འཁྱེར་ཡོད་པའི་གནས་ཚུལ་ཐོན་ཡོད་པ།
8 གནས་སྤོ་དང་མྱུར་སྐྱོབ་ཁྲོད་ཀྱི་གནས་ཚུལ་ལ་བོད་ནང་དུ་ཚོད་འཛིན།
9 བལ་བོད་ས་མཚམས་ཀྱི་བར་ཆད་ཁྲོད་བལ་ཡུལ་ཕྱོགས་སུ་ཡོད་པའི་བོད་མི་ཞིག་གང་སོང་ཆ་མེད་དུ་སོང་ཡོད་པས་ནིའུ་ཡོག་གི་སྤུན་མཆེད་ནས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ།
10 སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད།
11 བལ་ཡུལ་ཕྱོགས་ཀྱི་གནོད་འཚེ་ཕོག་ཡུལ་ནས་བལ་ཡུལ་གཞུང་གིས་བོད་མི་ཁག་ཅིག་སྐྱོབ་ཐུབ་ཡོད་པ།
12 བལ་བོད་ས་མཚམས་སུ་གངས་རི་བསྐྱར་དུ་ཉིལ་བའི་ཉེན་ཁ་ཡོད་བཞིན་པའི་ཐོག་མུ་མཐུད་མྱུར་སྐྱོབ་བྱེད་བཞིན་པ།
13 བལ་བོད་ས་མཚམས་སུ་གནོད་འཚེ་བྱུང་སྐབས་བཙན་བྱོལ་ནང་གི་བོད་མིས་རོགས་སྐྱོར་ལས་དོན་ནང་མཉམ་ཞུགས་གནང་ཡོད་པ།
14 སིཔེན་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་བོད་བལ་ས་མཚམས་ཀྱི་གོད་ཆག་ཕོག་པ་ཚོར་མྱ་ངན་ཞུ་སྐབས་དབྱིན་ཡིག་ཐོག་བོད་ཅེས་པའི་ཐ་སྙད་བེད་སྤྱོད་བྱས་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་པ།
15 རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐབས་སྣེ་འཁྲིད་མཁན་ཁོངས་ཀྱི་རྒྱ་རིགས་མང་གཙོ་དོན་གཉེར་བས། བོད་མི་རྣམས་དང་མཉམ་ལས་ཀྱི་ནུས་པ་སྤུངས་ཏེ་རྒྱ་ནག་གཞུང་ལ་རྒོལ་ལན་ཁ་གཏད་གཅོག་དགོས་གལ་ཆེ་བར་ངོས་འཛིན་གནང་འདུག
16 ལ་དྭགས་སུ་བཙན་བྱོལ་ནང་གི་དམངས་གཙོའི་དུས་ཆེན་དང་འབྲེལ་མཛད་སྒོ་གནང་ཡོད་པ།
17 བོད་ཀྱི་མ་འོངས་འཐབ་རྩོད་སྐོར་ལ་ཁ་ཕྱོགས་སྟངས་ཐོག་བསམ་ཚུལ་འདྲ་མིན་ཡོད་པ།
18 བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་གནང་པའི་རྗེས་སུ་རྒྱལ་སྤྱིའི་དོ་སྣང་དང་འབྲེལ་ཡོད་སྐོར།
Hosted on Acast. See acast.com/privacy for more information.
From the publisher's feed
Hosted on Acast. See acast.com/privacy for more information.