Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
April 14, 2022ཨུ་རུ་སུའི་ལས་རྩོལ་བའི་ལས་ཀ་ཤོར་བའི་དཀའ་ངལ། - ཟླ་བ་བཞི་པ། ༡༤, ༢༠༢༢༄༅།། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་རྒྱལ་སྤྱིའི་ཐོག་རུ་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པའི་མཇུག་འབྲས་སུ་ཨུ་རུ་སུའི་ལས་རྩོལ་བའི་འཚོ་རྟེན་ལས་ཀའི་གོ་སྐབས་ཤོར་བའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།4 minPlay
April 14, 2022ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཕུ་ཊིན་གྱིས་མི་རིགས་གཙང་སེལ། - ཟླ་བ་བཞི་པ། ༡༤, ༢༠༢༢༄༅། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་བརྒྱབ་ནས་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་འདུག་ཅེས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྐྱོན་བརྗོད་བྱས་ཡོད་ཅིང་། མི་རིགས་གཙང་སེལ་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་འབྱུང་ཁུངས་སོགས་ཀྱི་སྐོར། རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།5 minPlay
April 14, 2022རྒྱ་ནག་གིས་ནད་འགོག་སྲིད་ཇུས་དང་དངོས་ཟོག་མཁོ་འདོན་ལ་དཔྱད་པ། - ཟླ་བ་བཞི་པ། ༡༤, ༢༠༢༢༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་འགྲོ་འོང་བཀག་སྡོམ་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པས་འཛམ་གླིང་ཡོངས་ཀྱི་ཕྱིར་ཚོང་དང་ནང་འདྲིན་གཉིས་ཀར་ཉམས་ཆག་འགྲོ་བཞིན་ཡོད་པའི་སྐོར།3 minPlay
April 14, 2022ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་མངོན་དུ་ཕྱོགས། - ཟླ་བ་བཞི་པ། ༡༤, ༢༠༢༢༄༅།། ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་མངོན་དུ་ཕྱོགས་ཡོད་ཅིང་། དེའི་རྗེས་སུ་ཁྱིམ་མཚེས་རྒྱལ་ཁབ་སུད་ཌེན་ཡང་ནུབ་ཆིངས་ཁོངས་སུ་ཞུགས་འཆར་ཡོད་པ་སྟེ།6 minPlay
April 14, 2022མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུར་གཏོར་སྐྱོན། - ཟླ་བ་བཞི་པ། ༡༤, ༢༠༢༢༄༅།། ཨུ་རུ་སུས་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་རྒོལ་རྡུང་ཤུགས་ཆེ་རུ་གཏོང་བཞིན་པའི་དུས་འདིར་གཟའ་ཕུར་བུའི་ཉིན་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུ་ཆེན་པོ་ཞིག་ལ་གཏོར་རྒོལ་ཕོག་སྟེ་གནོད་སྐྱོན་ཚབས་བྱུང་ཡོད་ཅིང་།4 minPlay
April 14, 2022བཀྲ་ཤིས་དབང་ཕྱུག་ལ་མུ་མཐུད་དུ་བརྙས་བཅོས་དང་དམ་དྲག - ཟླ་བ་བཞི་པ། ༡༤, ༢༠༢༢ཕྱི་ཟླ་༤་པའི་ཚེས་༡༤་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་བཀྲ་ཤིས་དབང་ཕྱུག་གི་བདེ་འཇགས་ལ་སེམས་འཚབ་འདུག་ཅེས་གསལ་བསྒྲགས་སྤེལ་འདུག5 minPlay
April 14, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༡༤, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
April 14, 2022ཟི་ལིང་གཙོས་མཚོ་སྔོན་གྱི་ས་གནས་ཁག་ལ་སྒོ་རྒྱ་བསྡམས། - ཟླ་བ་བཞི་པ། ༡༤, ༢༠༢༢བོད་ནང་གི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་ཁུལ་ཁག རྫོང་ཡོངས་ཀྱི་མང་ཚོགས་ལ་འགྲོ་འོང་བཀག་སྡོམ་བྱས་འདུག་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག4 minPlay
April 14, 2022ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ། - ཟླ་བ་བཞི་པ། ༡༤, ༢༠༢༢༄༅། ཕྱི་ཟླ་༤་པའི་ཚེས་༡༢་ཏེ། རེས་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ནས་༢༠༢༡་ལོའི་སྙན་ཐོ་བཏོན་ཡོད་ཅིང་།9 minPlay
April 14, 2022ཨོ་གླིང་གིས་སོ་ལོ་མིན་ལ་རྒྱ་ནག་དང་གྲོས་མཐུན་མི་འཇོག་པའི་ནན་སྐུལ། - ཟླ་བ་བཞི་པ། ༡༤, ༢༠༢༢6 minPlay