Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
March 15, 2022ཡུཀ་རེན་གྱི་རྒྱལ་སར་གཏོར་རྒོལ་དྲག་པོ་ཕོག - ཟླ་བ་གསུམ་པ། ༡༦, ༢༠༢༢ཨུ་རུ་སུའི་དམག་གིས་རྒྱང་ནས་མེ་སྒྱོགས་དང་འཕུར་མདེལ་བརྒྱབ་ནས་ཡུཀ་རེན་རྒྱལ་ས་ཀིབ་གྲོང་ཁྱེར་ལ་གཏོར་རྒོལ་དྲག་པོ་བྱེད་ཀྱི་ཡོད་ཅིང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁག་ཅིག་ཡུཀ་རེན་གྱི་རྒྱལ་སར་ཕེབས་6 minPlay
March 15, 2022ཨུ་རུ་སུའི་བརྙན་འཕྲིན་རྒྱང་སྲིང་སྐབས་སུ་དམག་འཁྲུག་ལ་ངོ་རྒོལ། - ཟླ་བ་གསུམ་པ། ༡༥, ༢༠༢༢༄༅།། ཨུ་རུ་སུའི་གཞུང་གཉེང་བརྙན་འཕྲིན་རྒྱང་སྲིང་ཁང་དུ་གསར་འགྱུར་ཐད་གཏོང་བྱེད་བཞིན་པའི་སྐབས་སུ་མདོ་འཛིན་པའི་རྒྱབ་ལོགས་སུ་བརྙན་འཕྲིན་ཁང་དེའི་བུད་མེད་ལས་བྱེད་པ་ཞིག་གིས་དམག་འཁྲུག་ལ་ངོ་རྒོལ་ཡོད་ཅེས་ཡིག་བྱང་འཕྱར་ནས་དུས་ཡུན་སྐར་ཆ་འགའ་ཞིག་ལ་ངོ་རྒོལ་བྱས་ཡོད་པ་བཅས་ཀྱི་སྐོར།6 minPlay
March 15, 2022རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མི་ཆོག་ཅེས་ཨ་རིས་ནན་བརྗོད། - ཟླ་བ་གསུམ་པ། ༡༥, ༢༠༢༢ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་དང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ཀྱིས་དུས་ཡུན་ཆུ་ཚོད་༧་ལ་གྲོས་མོལ་བྱས་ནས་ཨ་རིས་རྒྱ་ནག་ལ་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མི་ཆོག་ཅེས་ནན་བརྗོད་བྱས་འདུག་པའི་སྐོར།4 minPlay
March 15, 2022སྲིད་སྐྱོང་གིས་བོད་ནང་ལོགས་སུ་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ། - ཟླ་བ་གསུམ་པ། ༡༥, ༢༠༢༢བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གིས་བོད་ནང་ལོགས་སུ་བོད་ཀྱི་ཆོས་དང་སྐད་ཡིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་འདིས་འབྱུང་འགྱུར་ལོ་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་བོད་མི་རིགས་ཀྱི་ངོ་བོ་གནས་ཐུབ་མིན་གྱི་ཧ་ཅང་གི་ཉེན་ཚབས་ཆེ་བའི་སྲིད་བྱུས་ཤིག4 minPlay
March 15, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༡༥, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
March 15, 2022ཡུཀ་རེན་བ་ས་ཡ་༢་དང་འབུམ་༨་ལྷག་སྐྱབས་བཅོལ་དུ་བྲོས། - ཟླ་བ་གསུམ་པ། ༡༥, ༢༠༢༢ཨུ་རུ་སུས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་པོ་ལན་ཌིའི་ས་མཚམས་སུ་ཆགས་པའི་ཡུཀ་རེན་གྱི་དམག་སྒར་ཞིག་ལ་གཏོར་རྒོལ་བྱས་པའི་རྗེས་སུ་མངའ་ཁུལ་དེའི་མི་མང་སྟོང་ཕྲག་མང་པོ་ཤར་ཡུ་རོབ་ཀྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པའི་སྐོར།5 minPlay
March 15, 2022རྒྱ་ནག་གིས་རང་ལ་ཡུཀ་རེན་གྱི་དམག་འཁྲུག་ནས་ཁེ་ཕན་ཐོབ་རེ། - ཟླ་བ་གསུམ་པ། ༡༥, ༢༠༢༢ཨུ་རུ་སུས་ཡུཀ་རེན་ལ་དམག་འཁྲུག་རྒྱག་བཞིན་པ་དེ་མཇུག་བསྒྲིལ་མེད་ཀྱང་རྒྱ་ནག་ལ་ཨུ་རུ་སུ་དང་ཡུཀ་རེན་གྱི་འཐབ་འཁྲུག་དེ་འདྲ་ཞིག་བྱུང་ཚེ། རྒྱ་ནག་ལ་དཔལ་འབྱོར་དང་ཕྱི་འབྲེལ་གྱི་དཀའ་ངལ་མི་ཡོང་བའི་གྲྭ་འགྲིག་བྱེད་ན་ཕན་ཐོགས་འདུག་ཅེས་རྒྱ་ནག་གི་དཔོན་རིགས་ཚོས་ངོས་འཛིན་གྱི་ཡོད་པ་བཅས་ཀྱི་སྐོར།6 minPlay
March 15, 2022སི་ཤེས་ཡོན་གྱི་སྒྲོམ་གཞིའི་སྐོར། - ཟླ་བ་གསུམ་པ། ༡༥, ༢༠༢༢༄༅།། ཐེངས་འདིའི་བདེ་སྐྱིད་ཀྱི་ས་བོན་གྱི་ལེ་ཚན་ནང་དུ་ཨ་མི་རི་ཀའི་ཨེ་མོ་རི་གཙུག་སློབ་གྲྭ་ཆེན་མོའི་སི་ཤེས་ཡོན་བསླབ་གཞིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་སུ་ཀུན་བཟང་སྒྲོལ་མས་སློབ་གྲྭ་ཁག་ཏུ་སི་ཤེས་ཡོན་གྱི་བསླབ་གཞི་འདི་སློབ་ཁྲིད་བྱེད་ཕྱོགས་ཀྱི་སྒྲོམ་གཞིའི་སྐོར་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།13 minPlay
March 15, 2022རྒྱ་ནག་ལ་ཨོ་མི་ཁོ་རོན་ནད་དུག་ཁྱབ་གདལ། - ཟླ་བ་གསུམ་པ། ༡༥, ༢༠༢༢༄༅།། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་མང་དག་ཅིག་ལ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཨོ་མི་ཁོ་རོན་ཞེས་འབོད་པ་དེ་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་བསྙན་སྒྲོན་ཞུ་ཡི་རེ6 minPlay
March 15, 2022གཞིས་ཀ་རྩེ་ཁུལ་གྱི་གམ་པ་རྫོང་གི་བོད་པ་ན་གཞོན་ཞིག་འཛིན་བཟུང་། - ཟླ་བ་གསུམ་པ། ༡༥, ༢༠༢༢༄༅།། རྒྱ་གཞུང་གིས་ཕྱི་ཟླ་༣་པའི་ཚེས་༡༡་ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་གྱི་གམ་པ་རྫོང་། རྒྱལ་རུས་གྲོང་རྡལ་གྱི་བོད་པ་ན་གཞོན་པ་སངས་ནོར་ཟེར་བ་ཞིག་འཛིན་བཟུང་བྱས་ཏེ་ཉི་མ་འགའ་ཞིག་ཕྱིན་ཀྱང་བཟའ་མི་སྤུན་མཆེད་སོགས་ཀྱིས་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་ཐུག་འཕྲད་ཀྱང་བྱེད་དུ་འཇུག་གི་མེད་པའི་གནས་ཚུལ་ཐོན་འདུག4 minPlay