Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
March 01, 2022ཨ་རིས་ཐེ་ཝན་ལ་སྐུ་ཚབ་བཏང་བར་རྒྱ་ནག་གིས་ངོ་རྒོལ། - ཟླ་བ་གསུམ་པ། ༠༢, ༢༠༢༢༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་བཞིན་པའི་སྐབས་འདིར་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་ཐེ་ཝན་ལ་གཞུང་འབྲེལ་སྐུ་ཚབ་ཏུ་བཏང་ཡོད་ཅིང་། རྒྱ་གཞུང་གིས་ཨ་མི་རི་ཀར་སྐྱོན་བརྗོད་དང་ངོ་རྒོལ་དྲག་པོ་བྱས་འདུག་པའི་སྐོར།4 minPlay
March 01, 2022ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་ནས་དངུལ་ལོར་གྱི་འཛའ་ཐང་ཆག - ཟླ་བ་གསུམ་པ། ༠༢, ༢༠༢༢ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་འཛའ་ཐང་ཆག་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་བྱུང་ཡོད་པ་བཅས་ཀྱི་སྐོར།5 minPlay
March 01, 2022ཡུཀ་རེན་གྱི་དམག་མི་༧༠་ཐམ་པར་སྲོག་སྐྱོན་ཕོག - ཟླ་བ་གསུམ་པ། ༠༢, ༢༠༢༢ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཉིན་དྲུག་པ་དེར་ཨུ་རུ་སུའི་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ཏེ་ཡུཀ་རེན་གྱི་དམག་མི་༧༠་ཐམ་པར་སྲོག་སྐྱོན་ཕོག དེ་བཞིན་ཨུ་རུ་སུའི་དམག་གི་དཔུང་ཆེན་ཞིག་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ལ་སླེབས་གྲབས་ཡོད་པའི་སྐོར།5 minPlay
March 01, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༠༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
March 01, 2022ཨུ་རུ་སུའི་བཙན་འཛུལ་གྱིས་ཨ་རིའི་བར་མའི་འོས་བསྡུར་ཤུགས་རྐྱེན། - ཟླ་བ་གསུམ་པ། ༠༡, ༢༠༢༢༄༅།། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་གིས་གཞན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་དེར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་གདོང་ལེན་བྱེད་ཕྱོགས་ལ་ཨ་མི་རི་ཀའི་མི་མང་གིས་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། ཡུཀ་རེན་ལ་ཨུ་རུ་སུའི་བཙན་འཛུལ་བྱུང་བ་འདིས་ཨ་མི་རི་ཀའི་བར་མའི་འོས་བསྡུར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་སྐོར།5 minPlay
March 01, 2022རྒྱལ་དོན་སྲི་ཞུ་སྙན་སྒྲོན་སྔོན་དེར་ཤེས་དགོས་པ་ཁག - ཟླ་བ་གསུམ་པ། ༠༡, ༢༠༢༢སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་རྒྱལ་དོན་སྲི་ཞུ་སྙན་སྒྲོན་གྱི་གསུང་བཤད་ཐེངས་དང་པོ་དེ་གནང་གི་ཡོད་ཅིང་། འདི་ནི་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག ཕུ་ཊིན་གྱིས་ཨུ་རུ་སུའི་དམར་ཤོག་བཙན་རྒྱལ་སླར་གསོ་ཡོང་ཐབས་ཀྱི་འབད་བརྩོན་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱེད་བཞིན་4 minPlay
March 01, 2022མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་ཚོགས་ཆེན། - ཟླ་བ་གསུམ་པ། ༠༡, ༢༠༢༢ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དང་གཟའ་ཉི་མར་སྲིད་འཛིན་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་གྲ་སྒྲིག་ཨང་གསར་བྱ་དགོས་པའི་བཀའ་བཏང་བས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཛ་དྲག་གི་རྒྱས་འཛོམས་ཚོགས་ཆེན་འཚོགས་དཀོན་པ་ཞིག་ཚོགས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།4 minPlay
March 01, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༠༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 28, 2022༧གོང་ས་མཆོག་གིས་རང་དབང་ནི་ཡར་རྒྱས་ཀྱི་རྨང་གཞི་ཡིན་ཞེས་གསུངས། - ཟླ་བ་གསུམ་པ། ༠༡, ༢༠༢༢ཨ་མི་རི་ཀའི་ལག་རྩེད་པོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཁན་ཊར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དྲྭ་ལམ་དུ་མཇལ་འཕྲད་ཞུས་པའི་སྐབས་སུ་༧གོང་ས་མཆོག་གིས་རང་དབང་ནི་འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་རྨང་གཞི་ཡིན་ཞེས་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
February 28, 2022ཨུ་རུ་སུའི་མི་དམངས་གིས་དམག་འཁྲུག་ལ་ངོ་རྒོལ། - ཟླ་བ་གསུམ་པ། ༠༡, ༢༠༢༢ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནས་སེ་བྷི་རི་ཡ་སོགས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཉིན་ལྟར་མི་མང་སྟོང་ཕྲག་མང་པོས་ཉེན་རྟོག་པར་ངོ་རྒོལ་དང་ཉེན་རྟོག་པས་མི་མང་ངོ་རྒོལ་བ་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱེད་ཀྱི་ཡོད་ཅིང་།5 minPlay