Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 14, 2022རྒྱ་ནག་གིས་རྩེད་འགྲན་དང་གསུམ་བཅུའི་དུས་དྲན་ལ་དམིགས་ནས་དམ་དྲག - ཟླ་བ་གཉིས་པ། ༡༤, ༢༠༢༢རྒྱ་ནག་ལ་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་བཞིན་པ་དང་ཟླ་བ་རྗེས་མར་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་ལོགས་སུ་སྔོན་ཆད་ཆབ་སྲིད་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་མྱོང་མཁན་གྱི་མི་ཚང་མའི་འགྲོ་འདུག་ལ་ལྟ་རྟོག4 minPlay
February 14, 2022ཨ་རི་དང་ཁེ་ན་ཌའི་ས་མཚམས་ཀྱི་ངོ་རྒོལ་མཇུག་སྒྲིལ། - ཟླ་བ་གཉིས་པ། ༡༤, ༢༠༢༢གཟའ་ཉི་མའི་ཕྱི་དྲོར་ཨ་རི་དང་ཁེ་ན་ཌའི་ཚོང་ལམ་ཉིན་དྲུག་ལ་བཀག་པའི་རྗེས་སུ་ལས་བཤོལ་ངོ་རྒོལ་གྱི་ལས་འགུལ་མཇུག་སྒྲིལ་ནས་ཚོང་ལམ་སྒོ་ཕྱེ་ཡོད་ཅིང་། ཁེ་ན་ཌའི་ས་མཚམས་སྲི་ཞུ་ཁང་གི་ཉེན་རྟོག་པ་ཚོས་ཀྱང་རིམས་ནད་སྔོན་འགོག་གི་བཀའ་རྒྱ་དང་འགོག་ཁབ་ལ་ངོ་རྒོལ་བྱེད་མཁན་ཚོས་ངོ་རྒོལ་མཚམས་འཇོག་བྱས་འདུག་ཅེས་བསྒྲགས་ཡོད་པའི་སྐོར།5 minPlay
February 14, 2022ཁམས་བྲག་འགོར་བོད་པ་གསུམ་འཛིན་བཟུང་། - ཟླ་བ་གཉིས་པ། ༡༤, ༢༠༢༢༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་བྲག་འགོའི་བོད་པ་གནས་སྐོར་བ་གསུམ་གྱི་ཁ་པར་ལ་སྔོག་བཤེར་བྱས་པའི་རྗེས་སུ་འཛིན་བཟུང་བྱས་ཡོད་པའི་སྐོར། འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཁག་གིས་སྤེལ་བའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།6 minPlay
February 14, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༡༤, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 14, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༡༤, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 13, 2022བོད་རང་བཙན་གྱི་གསལ་བསྒྲགས་བསྐྱངས་ནས་མི་ལོ་༡༠༩་འཁོར་བའི་དུས་དྲན། - ཟླ་བ་གཉིས་པ། ༡༤, ༢༠༢༢རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ཚེས་༡༣་ཉིན་དེ་སྔ་རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་དེ་བཞིན་རང་དབང་རང་བཙན་གཙང་མ་ཡིན་པའི་བཀའ་རྩ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༡༠༩འཁོར་བའི་དུས་དྲན་དེ་མཁས་དབང་གི་གཏམ་བཤད་གོ་སྒྲིག་བརྒྱུད་སྲུང་བརྩི་ཞུས་ཡོད་པ།6 minPlay
February 13, 2022རྒྱ་གར་དང་ཐེ་ལྦན་གྱི་ཕྱི་འབྲེལ་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་ཡོད་པ། - ཟླ་བ་གཉིས་པ། ༡༤, ༢༠༢༢ཐེ་ལྦན་གྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་གར་གྱི་བརྒྱུད་ལམ་ལ་དེང་སྐབས་རྒྱ་གར་དང་ཐེ་ལྦན་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ཡར་རྒྱས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། འབྲེལ་ལམ་དེ་མུ་མཐུད་ཡར་རྒྱས་འགྲོ་རྒྱུའི་མདུན་ལམ་གང་ཆེ་ཡོད་པ་གསུངས་ཡོད་པའི་སྐོར་གསན་རོགས་གནང་།7 minPlay
February 13, 2022ས་མཚམས་ཐོག་རླང་འཁོར་ཁག་གི་ངོ་རྒོལ། - ཟླ་བ་གཉིས་པ། ༡༣, ༢༠༢༢ཁེ་ན་ཌ་དང་ཨ་རིའི་ས་མཚམས་ཐོག་དོལ་འཁྱེར་རླངས་འཁོར་ཐོག་ནས་འགྲོ་ལམ་བཀག་འགོག་བྱས་ཏེ་ངོ་རྒོལ་སྤེལ་མཁན་ཁག་གིས་ཁྲིམས་ཐོག་གི་བཀོད་ཁྱབ་ལྟར་ རླང་འཁོར་ཁག་རིམ་པས་ཕྱིར་འཐེན་བྱས་ཡོད་ནའང་ ད་དུང་ངོ་རྒོལ་གྱི་རྣམ་པ་འདྲ་མིན་ཞིག་སྤེལ་མུས་ཡིན་པ་རེད་འདུག5 minPlay
February 13, 2022རིམ་ནད་སྔོན་འགོག་གི་དམ་དྲག་ལ་མོས་མཐུན་མ་བྱེད་མཁན་རིགས་ཅིག་གིས་རྒྱལ་ས་པེ་རི་སིའི་ནང་ངོ་རྒོལ། - ཟླ་བ་གཉིས་པ། ༡༣, ༢༠༢༢༄༅། ཏོག་དབྱིབས་གཉེན་རིམས་༡༩པའི་ནད་དུག་སྔོན་འགོག་གི་དམ་དྲག་ལ་ངོ་རྒོལ་བྱེད་མཁན་ཕྷ་རན་སིའི་ཡུལ་མི་ཚོས་ཡུལ་དེའི་རྒྱལ་ས་པེ་རི་སིའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།5 minPlay
February 13, 2022ཕྱི་ཕྱོགས་ཀྱི་གསར་འགྱུར་གྱིས་བོད་དང་འཛམ་གླིང་གི་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ། - ཟླ་བ་གཉིས་པ། ༡༣, ༢༠༢༢དེང་སྐབས་རྒྱ་གཞུང་གིས་བོད་ནང་སྐད་འཕྲིན་དང་སྤྱི་ཚོགས་དྲ་ལམ་སོགས་གང་སར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར་གསར་འགོད་པས་བོད་ནང་གི་བོད་མི་ཁག་ཅིག་ལ་འབྲེལ་བ་བྱས་ཏེ་དེང་སྐབས་བོད་ནང་ཕྱི་ཕྱོགས་ཀྱི་གསར་འགྱུར་ཉན་ཐུབ་ཀྱི་ཡོད་མེད་དང་ཕན་ཐོགས་ཇི་ཙམ་ཡོད་མེད་ཀྱི་སྐོར་གསན་རོགས་གནང་།6 minPlay