Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 07, 2022ཡུ་གུར་བ་ཚོས་གངས་ཤུད་གཏོང་མཁན་ཞིག་ལ་བསྔགས་བརྗོད། - ཟླ་བ་གཉིས་པ། ༠༧, ༢༠༢༢པེ་ཅིང་གི་ཨོ་ལིམ་ཕེཀ་རྩེད་འགྲན་སྐབས་སུ་ཏུར་ཀི་རྒྱལ་ཁབ་ཀྱི་གངས་ཤུད་གཏོང་མཁན་ཞིག་གིས་གངས་ཤུད་བཏང་བའི་སྐབས་སུ་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་གི་ཡུ་གུར་བའི་རྒྱལ་དར་འདྲ་པོ་ཞིག་བསྟན་པར་འཛམ་གླིང་ཡུལ་གྲུ་གང་ཤར་གནས་འཁོད་ཡུ་གུར་མི་རིགས་ཀྱི་རང་དབང་དོན་གཉེར་བ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུས་ཡོད་པའི་སྐོར།5 minPlay
February 07, 2022ཧྥིན་ལན་ཌིའི་རྩེད་འགྲན་པ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད། - ཟླ་བ་གཉིས་པ། ༠༧, ༢༠༢༢༄༅།། ཡུ་རོབ་རྒྱལ་ཁབ་ཧྥིན་ལན་ཌིའི་འཁྱག་རའི་དབྱུག་རྩེད་ཕང་ལོ་འགྲན་སྡུར་བ་ཞིག་གི་དགེ་རྒན་ལ་ཏོག་དབྱིབས་ནད་དུག་འགོས་ནས་དོ་དམ་བྱས་ཡོད་ཅིང་། རྩེད་འགྲན་པ་དེས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་སོགས་ཀྱི་སྐོར།4 minPlay
February 07, 2022རྒྱ་ནག་གི་ལས་དོན་ཀུན་གྱི་གཙོ་འཛིན་ཞིས་ཅིན་ཕིང་། - ཟླ་བ་གཉིས་པ། ༠༧, ༢༠༢༢ཕྱི་ལོ་༢༠༡༣་ལོར་ཞིས་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་ལ་བསྐོ་བཞག་བྱུང་བའི་རྗེས་སུ་དཔལ་འབྱོར་དང་ཚོ་ལས། དྲིལ་བསྒྲགས་དང་ཚན་རྩལ། དམག་དོན་དང་ཕྱི་འབྲེལ་སོགས་རྒྱ་ནག་གི་ལས་དོན་མཐའ་དག་ལ་ཐེ་ཇུས་བྱེད་ཀྱི་ཡོད་པས་རྒྱལ་སྤྱིའི་ཐོག་ཏུ་ཞིས་ཅིན་ཕིང་ལ་རྒྱ་ནག་གི་ལས་དོན་ཀུན་གྱི་གཙོ་འཛིན་ཞེས་འཕྱ་སྨོད་བྱེད་ཀྱི་ཡོད་པའི་སྐོར།7 minPlay
February 07, 2022སྲིད་འཛིན་བྷ་ཌན་དང་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་ཐུག་འཆར། - ཟླ་བ་གཉིས་པ། ༠༧, ༢༠༢༢ཨ་རི་དང་རྒྱ་ནག་གི་འགལ་ཟླ་སེལ་ཐུབ་ཀྱི་མེད་པའི་སྐབས་འདིར་སྲིད་འཛིན་བྷ་ཌན་ཉི་ཧོང་ལ་ཕེབས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་མཇལ་འཕྲད་གྲོས་མོལ་གནང་འཆར་ཡོད་པར་མ་ཟད། སྲིད་འཛིན་བྷ་ཌན་གྱི་ཨེ་ཤི་ཡའི་འཚམས་འདྲིའི་སྐབས་སུ་མངའ་ཁུལ་དེའི་འགོ་ཁྲིད་གཞན་ཁག་ཅིག་ལའང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར།5 minPlay
February 07, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༠༧, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 07, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༠༧, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 06, 2022རྒྱལ་སྤྱིའི་རྩེད་འགྲན་པ་ཚོར་ཟུར་བཀག་མགྲོན་ཁང་ནང་དགོས་མཁོའི་མཐུན་རྐྱེན་མེད་པའི་དཀའ་ངལ། - ཟླ་བ་གཉིས་པ། ༠༧, ༢༠༢༢སྦད་ཅིང་ནང་ཨོ་ལེམ་སྤེག་གྱི་མགྲན་བསྡུར་ལ་ཡོང་མཁན་འགའ་ཞིག་ལ་ཏོག་དབྱིབས་ཀྱི་ནད་དུག་འགོས་ཡོད་པ་དོགས་པ་བྱས་ཏེ་མགྲོན་ཁང་ནང་ཟུར་བཀག་བྱེད་བཞིན་ཡོད་པ་དེ་ཚོར་ཟ་ཆ་ཡག་པོ་མེད་པ་དང་ཧ་ཅང་བཙོག་པོ་ཡོད་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར་སྙན་སྒྲོན་ཞུས་གནང་གི་རེད།6 minPlay
February 06, 2022རྒྱ་གར་གྱི་གཞས་མ་གྲགས་ཅན་ལཱ་ཏཱ་མཱང་གྷེ་ཤི་ཀར་རང་ལོ་༩༢ཐོག་འདས་གྲོངས་ཕྱིན་པ། - ཟླ་བ་གཉིས་པ། ༠༦, ༢༠༢༢རྒྱ་གར་གྱི་གླུ་གཞས་གཏོང་མཁན་གྲགས་ཅན་ལཱ་ཏཱ་མཱང་གྷེ་ཤི་ཀར་རང་ལོ་༩༢འི་ཐོག་འདས་གྲོངས་སུ་གྱུར་ཡོད་པ་དང་ ཁོང་ནི་རྒྱ་གར་གྱི་རིག་གཞུང་གི་ངོ་བོའི་མཚོན་དོན་གྲགས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་སྙན་སྒྲོན་ཞུ་གི་ཡིན།6 minPlay
February 06, 2022རྒྱལ་ཚོགས་ནས་ཤིང་ཅང་སོགས་ཀྱི་ནང་གཟིགས་སྐོར་ཕེབས་ཐུབ་པའི་རེ་སྒུག - ཟླ་བ་གཉིས་པ། ༠༦, ༢༠༢༢འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་རྒྱ་ནག་གི་འགོ་ཁྲིད་ཚོར་ ཁོང་ཚོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་སྤྱི་ཁྱབ་ལྕམ་བྷེ་ཆེ་ལེཌ་དེར་ཤིང་ཅང་སོགས་ཀྱི་ནང་ཡིད་ཆེས་འཕེར་བའི་འཚམས་འདྲི་གཟིགས་སྐོར་ལ་ཕེབས་ཐུབ་པ་བཟོ་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པའི་སྐོར་གསན་རོགས་གནང་།4 minPlay
February 06, 2022དགེ་བཤེས་གཉིས་ཐུགས་དམ་ལ་བཞུགས་ཡོད་པ། - ཟླ་བ་གཉིས་པ། ༠༦, ༢༠༢༢དགའ་ལྡན་ཤར་རྩེ་ནང་དགུང་ལོ་༡༠༣ དང་དགུང་ལོ་༨༣ ཕེབས་པའི་དགེ་བཤེས་མཚན་སྙན་གྲངས་པ་གཉིས་དགོངས་པ་རྫོགས་ཏེ་ཐུགས་དམ་ལ་བཞུགས་ཡོད་པ་རེད་འདུག7 minPlay