Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 02, 2022འབར་མའི་དམག་གིས་སྲིད་དབང་འཕྲོག་ནས་ལོ་གཅིག་འདས།། - ཟླ་བ་གཉིས་པ། ༠༢, ༢༠༢༢འབར་མའི་དམག་གིས་སྲིད་དབང་འཕྲོག་སྟེ་ལོ་གཅིག་ཕྱིན་པའི་མཚམས་འདིར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དང་རྒྱལ་ཡོངས་སུ་སྡེ་གཟར་ལངས། ཚོགས་སྡེ་ཁ་འཐོར་སོང་བ་དང་ཞི་བའི་ངོ་རྒོལ་བ་ཚོར་གཞུང་དམག་གིས་མེ་མདའ་བརྒྱབ་ནས་དྲག་གནོན་བྱུང་། འབར་མ་ནི་ནང་འཁྲུག་དང་འཐབ་རྩོད་ཀྱི་ཀློང་དུ་ཚུད་ཡོད་པའི་སྐོར།6 minPlay
February 02, 2022ཡུ་རོབ་ཀྱི་རྒྱབ་རྟེན་འོག་ཡུཀ་རེན་གྱི་དྲག་ཤུགས་ཡར་རྒྱས། - ཟླ་བ་གཉིས་པ། ༠༢, ༢༠༢༢གཟའ་མིག་དམར་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་མ་འོངས་པའི་ལོ་གསུམ་གྱི་ནང་ཚུད་དུ་རྒྱལ་ནང་གི་དམག་མིའི་གྲངས་འབོར་འབུམ་གཅིག་ཙམ་དང་དམག་གི་གླ་ཕོགས་ཀྱང་སྤར་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག་པའི་སྐོར།4 minPlay
February 02, 2022ཉི་ཧོང་གྲོས་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཆོད། - ཟླ་བ་གཉིས་པ། ༠༢, ༢༠༢༢རྒྱ་ནག་ལ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་གྲབས་ཡོད་པའི་སྐབས་འདིར་ཉི་ཧོང་གྲོས་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་ཡོད་པར་གྲོས་ཆོད་ཅིག་བཞག་ཡོད་ཅིང་།5 minPlay
February 02, 2022བྷ་ལི་མཚོ་གླིང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་སྒོ་འབྱེད་རྒྱུ། - ཟླ་བ་གཉིས་པ། ༠༢, ༢༠༢༢ཨིན་རྡུ་ནེ་ཤི་ཡའི་སྤྲོ་གསེང་ས་ཁུལ་བྷ་ལི་མཚོ་གླིང་ཕྱི་ཟླ་༢་པའི་ཚེས་༤་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་འབྱེད་རྒྱུ་ཡིན་ཞེས་རེས་གཟའ་ཟླ་བའི་ཉིན་རྒྱལ་ཁབ་དེའི་གཞུང་འབྲེལ་མི་སྣ་ཚོས་གསལ་བསྒྲགས་སྤེལ་ཡོད་ཅིང་།5 minPlay
February 02, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༠༢, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 01, 2022ཨོ་ལིམ་ཕིཀ་ལྷན་ཚོགས་ཀྱིས་ཐེ་ཝན་ལ་གནོན་ཤུགས། - ཟླ་བ་གཉིས་པ། ༠༢, ༢༠༢༢༄༅།། ཐེ་ཝན་གྱི་རྩེད་རིགས་ལྷན་ཚོགས་ཀྱིས་ལོ་འདིའི་དགུན་ཁའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་འགོ་འཛུགས་དང་མཇུག་སྡོམ་གྱི་མཛད་སྒོ་ཁག་ལ་ཐེ་ཝན་གྱི་རུ་ཁག་མཉམ་ཞུགས་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་མོད།6 minPlay
February 01, 2022རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པོ། - ཟླ་བ་གཉིས་པ། ༠༡, ༢༠༢༢༄༅།། རྒྱ་གར་གཞུང་གི་དཔལ་འབྱོར་འཕེལ་རྒྱས་དཔྱད་ཞིབ་གྱི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། ཏོག་དབྱིབས་ནད་ཡམས་མགོ་འཇོམས་པའི་གཞུག་ཏུ་རྒྱ་གར་གྱི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཆེ་ཤོས་ཀྱི་གྲས་སུ་ཚུད་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར།4 minPlay
February 01, 2022ཁེ་ན་ཌའི་སྲིད་བློན་ལ་ཏོག་དབྱིབས་ནད་རྟགས་ཐོན། - ཟླ་བ་གཉིས་པ། ༠༡, ༢༠༢༢༄༅།། ཁེ་ན་ཌའི་སྲིད་བློན་ཊུ་རུ་དྷོས་རེས་གཟའ་ཟླ་བའི་ཉིན་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཐོན་སོང་། ཡིན་ནའང་ཁོ་བོ་ལུས་ཁམས་བདེ་ཐང་ཡིན་པ་དང་གཟིམ་ཁང་དུ་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་ཅིང་།4 minPlay
February 01, 2022ཨ་རི་དང་དབྱིན་ཡུལ་གྱིས་ཨུ་རུ་སུར་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ། - ཟླ་བ་གཉིས་པ། ༠༡, ༢༠༢༢༄༅། ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་རྒྱལ་ཁབ་དེའི་སྲིད་དོན་པ་དང་ཚོང་པ་དྲག་གྲས་ཁག་ལ་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་སོགས་ཀྱི་ཉེས་ཆད་དྲག་པོ་འགེལ་རྒྱུ་ཡིན་ཞེས་སྡིགས་སྐུལ་དང་ཉེན་བརྡ་བཏང་ཡོད་པའི་སྐོར།5 minPlay
February 01, 2022ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་གྲོས་མོལ། - ཟླ་བ་གཉིས་པ། ༠༡, ༢༠༢༢༄༅། ཨ་མི་རི་ཀ་དང་ཨུ་རུ་སུའི་སྐུ་ཚབ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་ཡུཀ་རེན་གྱི་གནད་དོན་ལ་བཤད་རེས་ཤུགས་ཆེན་ཐུག་ཡོད་ཅིང་། རེས་གཟའ་མིག་དམར་ཉིན་ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཁ་པར་ནང་དུ་གྲོས་མོལ་གནང་ཡོད་པའི་སྐོར།5 minPlay