Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
January 11, 2022དགོང་དྲོའི་རླུང་འཕྲིན། ༢༠༢༢་ཟླ་༡་ཚེས་༡༡། - ཟླ་བ་དང་པོ། ༡༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
January 11, 2022ཕུ་ཊིན་གྱིས་ཁ་ཛཀ་སི་ཐན་ལ་སྲུང་སྐྱོབ་བྱས་ནས་རྒྱལ་ཁ་ཐོབ་སྐད། - ཟླ་བ་དང་པོ། ༡༡, ༢༠༢༢༄༅།། ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁ་ཛཀ་སི་ཐན་ལ་སྲུང་སྐྱོབ་བྱས་ནས་རྒྱལ་ཁ་ཐོབ་ཡོད་ཅེས་གསལ་བསྒྲག་སྤེལ་ཡོད་ཅིང་། ར་ཤི་ཡ་དང་མནའ་འཐུན་རྒྱལ་ཁབ་ཚོས་ཁ་ཛཀ་སི་ཐན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར།3 minPlay
January 11, 2022སིངྒ་ལས་རྒྱ་ནག་ལ་བུ་ལོན་སྤྲོད་འཇལ་ཐད་འགྱུར་བ་གཏོང་དགོས་འབོད་སྐུལ། - ཟླ་བ་དང་པོ། ༡༡, ༢༠༢༢སིངྒ་ལའི་སྲིད་འཛིན་གྱིས་རང་ཡུལ་ལ་དཔལ་འབྱོར་གྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་སེལ་ཐབས་སུ་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་མང་པོ་བུ་ལོན་ཆད་ཡོད་པ་རྣམས་སྤྲོད་འཇལ་བྱེད་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་རེ་སྐུལ་ཞུས་འདུག་ཅིང་།4 minPlay
January 11, 2022དབྱིན་ཡུལ་གྱི་ཧོང་ཀོང་བ་ཚོས་གསར་འགོད་རང་དབང་འཐབ་རྩོད། - ཟླ་བ་དང་པོ། ༡༡, ༢༠༢༢ཧོང་ཀོང་གི་དམངས་གཙོའི་ཤོག་ཁག་གི་གསར་འགྱུར་ལས་ཁང་གཉིས་རྒྱ་གཞུང་གིས་སྒོ་བརྒྱབ་སྟེ་གསར་འགོད་རང་དབང་གི་ཐོབ་ཐང་འཕྲོག་ཡོད་ཅིང་། ཕྱི་རྒྱལ་དུ་གནས་འཁོད་ཧོང་ཀོང་བ་ཚོས་མངའ་ཁུལ་དེའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་དཀའ་བར་གྱུར་ཡོད་པ་དང་ཧོང་ཀོང་གི་གསར་འགོད་རང་དབང་ལ་རྒྱབ་སྐྱོར་བྱས་ནས5 minPlay
January 11, 2022དབྱིན་ཇིའི་རྒྱལ་མོ་ཁྲི་ལ་ཕེབས་ནས་ལོ་༧༠་འཁོར་བའི་དུས་དྲན། - ཟླ་བ་དང་པོ། ༡༡, ༢༠༢༢༄༅།། དབྱིན་ཇིའི་རྒྱལ་མོ་ཁྲི་ལ་ཕེབས་ནས་ལོ་༧༠་ཐམ་པ་འཁོར་བའི་དགའ་སྟོན་རྟེན་འབྲེལ་ལོ་འདིའི་ཕྱི་ཟླ་༦་པར་སྲུང་བརྩི་ཞུ་འཆར་ཡོད་ཅིང་། དབྱིན་ཡུལ་དུ་སྔོན་ཆད་བཟས་མྱོང་མེད་པའི་མངར་ཟས་ཀྱི་རིགས་གསར་གཏོད་དང་དེ་བཞིན་ཤིང་སྡོང་འདེབས་འཛུགས་སོགས་ཀྱི་ལམ་ནས་དུས་དྲན་སྲུང་བརྩི་གཟབ་རྒྱས་ཤིག་ཞུ་འཆར་ཡོད་པ་བཅས་ཀྱི་སྐོར།4 minPlay
January 11, 2022ཞིན་ཅང་གི་དམག་སྤྱི་ཧོང་ཀོང་གི་དམག་སྤྱིར་གནས་སྤར། - ཟླ་བ་དང་པོ། ༡༡, ༢༠༢༢༄༅།། ཞིན་ཅང་གི་འཇིག་སྐུལ་རིང་ལུགས་པར་འཐབ་འཛིང་བྱེད་པའི་ལས་དོན་གྱི་འགོ་ཁྲིད་རྒྱ་ནག་གི་དམག་སྤྱི་དེ་ཧོང་ཀོང་དུ་བཅའ་སྡོད་རྒྱ་དམག་གི་འགོ་ཁྲིད་ལ་གནས་སྤར་བྱས་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
January 11, 2022ཨང་སང་སུ་ཅི་ལ་ལོ་༦་གི་བཙོན་འཇུག་ཉེས་ཆད། - ཟླ་བ་དང་པོ། ༡༡, ༢༠༢༢འབར་མའི་དམག་གི་འགོ་ཁྲིད་ཚོའི་སྟངས་འཛིན་འོག་ཏུ་ཡོད་པའི་ཁྲིམས་ཁང་ཞིག་གིས་ཨང་སང་སུ་ཅིས་ཆོག་མཆན་མེད་པར་བརྡ་གཏོང་ལག་ཐོགས་ཁ་པར་ཞིག་ཉར་འཛིན་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ད་ལྟ་ཁྱོན་བསྡོམས་འབར་མའི་དམག་གཞུང་གིས་ཨང་སང་སུ་ཅིར་ལོ་༦་གི་བཙོན་འཇུག་བཅད་ཁྲ་བསྒྲགས་ཡོད་པའི་སྐོར།4 minPlay
January 11, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༡༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
January 10, 2022པེ་ཅིང་གི་ཉེ་འཁྲིས་ཀྱི་ཐེན་ཅིན་གྲོང་ཁྱེར་ལ་ནད་དུག་ཁྱབ་གདལ། - ཟླ་བ་དང་པོ། ༡༡, ༢༠༢༢རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཕྱི་ཟླ་༢་པའི་ཚེས་༤་ནས་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་ཅིང་། ད་ལྟ་པེ་ཅིང་གི་ཉེ་འཁྲིས་སུ་ཆགས་པའི་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ཀྱི་ནད་དུག་ཁྱབ་གདལ་བྱུང་སྟེ་མི་དམངས་ལ་དམ་དྲག་བྱེད་ཀྱི་ཡོད་པ།5 minPlay
January 10, 2022ཨ་རི་དང་ར་ཤི་ཡའི་སྐུ་ཚབ་ཚོས་གྲོས་མོལ། - ཟླ་བ་དང་པོ། ༡༡, ༢༠༢༢༄༅།། དེང་སྐབས་ཡུཀ་རེན་ལ་ར་ཤི་ཡའི་དམག་གིས་བཙན་འཛུལ་བྱེད་སྲིད་པའི་ཛ་དྲག་གི་དུས་སྐབས་འདིར་གཟའ་ཉི་མའི་དགོང་མོ་དང་དེ་རིང་གཟའ་ཟླ་བའི་ཉིན་ཨ་རི་དང་ར་ཤི་ཡའི་སྐུ་ཚབ་ཚོས་ཡུཀ་རེན་གྱི་བདེ་འཇགས་ལ་གྲོས་མོལ་བྱས་འདུག་ཅིང་།4 minPlay