Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
December 10, 2021ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བཀག་འགོག - ཟླ་བ་བཅུ་གཉིས། ༡༠, ༢༠༢༡༄༅།། ཨ་མི་རི་ཀའི་གྲོས་ཚོགས་འོག་མས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་པའི་ཁྲིམས་གཞི་ཞིག་ལ་མང་མོས་ཀྱིས་རྒྱབ་སྐྱོར་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།3 minPlay
December 10, 2021སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༡༠, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 09, 2021བོད་རྒྱའི་འབྲེལ་མོལ་ལ་ཀུན་གྱིས་འགན་ཁུར་ལེན་དགོས་པའི་ནན་སྐུལ། - ཟླ་བ་བཅུ་གཉིས། ༡༠, ༢༠༢༡༄༅།། ཟླ་༡༢་པའི་ཚེས་༨་ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཤེས་རབ་དར་རྒྱས་ཀྱིས་བརྩམས་པའི་དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱའི་འབྲེལ་མོལ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་ཅིང་།6 minPlay
December 09, 2021རྒྱ་ནག་ནི་གསར་འགོད་པ་བཀག་ཉར་བྱེད་མཁན་སྡུག་ཤོས་ཡིན་པ། - ཟླ་བ་བཅུ་གཉིས། ༡༠, ༢༠༢༡རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེའི་ནང་དུ་རྒྱ་ནག་ནི་འཛམ་གླིང་འདིར་གསར་འགོད་པ་འཛིན་བཟུང་བཀག་ཉར་བྱེད་མཁན་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ཞིང་། ད་ལྟའི་ཆར་གསར་འགོད་པ་༡༢༧་བཀག་ཉར་བྱེད་མུས་རེད་ཅེས་བཀོད་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་ཞུ་ཡི་རེད།།5 minPlay
December 09, 2021འབྲུག་ཡུལ་གྱིས་ས་མཚམས་ཁག་ལ་སྲུང་སྐྱོབ་བྱ་རྒྱུའི་འབད་བརྩོན། - ཟླ་བ་བཅུ་གཉིས། ༡༠, ༢༠༢༡༄༅།། རྒྱ་དཀར་ནག་གཉིས་ལ་ཧིན་བོད་ས་མཚམས་སུ་རྩོད་གཞི་ཆེན་པོ་ཡོད་པ་སེལ་ཐུབ་ཀྱི་མེད་ཅིང་། ད་ལྟ་འབྲུག་གཞུང་གིས་མཐའ་མཚམས་ཀྱི་ས་གནས་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་པའི་འབད་བརྩོ་བྱེད་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
December 09, 2021ཐེ་ཝན་དུ་རྒྱལ་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་པ་མཇུག་སྒྲིལ། - ཟླ་བ་བཅུ་གཉིས། ༡༠, ༢༠༢༡༄༅།། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགློ་གླེང་སྐབས་བཅུ་པ་རྒྱལ་ས་ཐེ་པེར་མཇུག་བསྒྲིལ་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་གིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།།6 minPlay
December 09, 2021ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དྲུག་མཆོད། - ཟླ་བ་བཅུ་གཉིས། ༠༩, ༢༠༢༡ད་ལྟ་ལོ་༢༥་རྗེས་སུ་ཐེངས་དང་པོར་རྟག་བརྟན་མ་དགོན་ནས་དགེ་ཤེས་༨་ཐོན་པ་རྣམས་ལ་ལག་འཁྱེར་ཕུལ་བ་དང་ཇོ་ནང་རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བས་ཇོ་ནང་ལོ་རྒྱུས་སུ་བྱུང་བའི་རྟག་བརྟན་དགེ་ཤེས་ཐེངས་དང་པོ་ཐོན་པ་རྣམས་ལ་འཚམས་འདྲི་ཞུས་འདུག་པ་བཅས་ཀྱི་སྐོར།5 minPlay
December 09, 2021སྲིད་དབང་སྒེར་གཅོད་འགོག་ཐབས་ཀྱི་དམངས་གཙོའི་ལྷན་ཚོགས། - ཟླ་བ་བཅུ་གཉིས། ༠༩, ༢༠༢༡༄༅།། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱལ་སྤྱིའི་ཐོག་ཏུ་སྲིད་དབང་སྒེར་གཅོད་ལམ་ལུགས་ཁྱབ་སྲིད་པའི་ཉེན་ཁ་འགོག་ཐབས་སུ་འཛམ་གླིང་གི་རྒྱལ་ཁབ་༡༡༡་གི་ཆེས་མཐོའི་འགོ་ཁྲིད་སོགས་བསྡུ་སྐོང་གནང་ནས་དྲྭ་ལམ་དུ་དམངས་གཙོའི་ལྷན་ཚོགས་ཤིག་འཚོགས་བཞིན་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་5 minPlay
December 09, 2021དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༡༢་ཚེས་༨། - ཟླ་བ་བཅུ་གཉིས། ༠༩, ༢༠༢༡རྒྱ་གར་གྱི་དམག་དཔུང་བཀོད་འདོམས་པར་སྲོག་སྐྱོན་བྱུང་བར་ཐུགས་གསོ།ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དྲུག་མཆོད། སྲིད་དབང་སྒེར་གཅོད་འགོག་ཐབས་ཀྱི་དམངས་གཙོའི་ལྷན་ཚོགས། འབྲུག་ཡུལ་གྱིས་ས་མཚམས་ཁག་ལ་སྲུང་སྐྱོབ་བྱ་རྒྱུའི་འབད་བརྩོན། རྒྱ་ནག་ནི་གསར་འགོད་པ་བཀག་ཉར་བྱེད་མཁན་སྡུག་ཤོས་ཡིན་པ། བོད་རྒྱའི་འབྲེལ་མོལ་ལ་ཀུན་གྱིས་འགན་ཁུར་ལེན་དགོས་པའི་ནན་སྐུལ།1 hrPlay
December 09, 2021བྷ་ཌན་དང་ཕུ་ཊིན་གྱི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པ། - ཟླ་བ་བཅུ་གཉིས། ༠༩, ༢༠༢༡༄༅།། གཟའ་མིག་དམར་ཉིན་ཨ་མི་རི་ཀ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་དྲྭ་ལམ་དུ་ཐུག་འཕྲད་བྱས་ནས་ཡུཀ་རེན་གྱི་མཐའ་མཚམས་སུ་ཨུ་རུ་སུའི་དམག་དཔུང་འབུམ་༢་མ་ཟིན་ཙམ་ཞིག་འགྲེམ་འཇོག་བྱས་ནས་དམག་འཁྲུག་གི་ཉེན་ཁ་ཡོད་པ་སོགས་ལ་གྲོས་མོལ་བྱས་ཡོད་ཅིང་།6 minPlay