Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
December 02, 2021ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གི་འཕུར་མདེལ་ཚོད་ལྟར་སྐྱོན་བརྗོད། - ཟླ་བ་བཅུ་གཉིས། ༠༣, ༢༠༢༡༄༅།། ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གིས་ཆེས་ཐོན་གསར་གྱི་མཚོན་ཆ་བཟོ་སྐྲུན་བྱས་ནས་ཚོད་ལྟ་བྱེད་ཀྱི་ཡོད་པ་དེས་མངའ་ཁུལ་དེར་འཁྲུག་རྩོད་ཇེ་ཆེར་གཏོང་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གི་ཕྱོགས་ནས་ཉེན་ཁ་ཡོང་སྲིད་པ་འགོག་ཐབས་སུ་ཨ་མི་རི་ཀས་དྲག་ཤུགས་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར།4 minPlay
December 02, 2021རྒྱ་ནག་ལ་རྒྱལ་སྤྱིའི་བུད་མེད་ཀྱི་དྲྭ་གྲུག་རྩེད་འགྲན་འཚོགས་རྒྱུ་ཕྱིར་འཐེན། - ཟླ་བ་བཅུ་གཉིས། ༠༣, ༢༠༢༡གར་སོང་ཆ་མེད་དུ་གྱུར་པའི་རྒྱ་ནག་གི་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་ཕེང་ཧྲུའེ་དང་རྩེད་འགྲན་པ་གཞན་གྱི་བདེ་འཇགས་དོན་དུ་རྒྱ་ནག་ལ་རྒྱལ་སྤྱིའི་བུད་མེད་ཀྱི་དྲྭ་གྲུག་རྩེད་འགྲན་འཚོགས་རྒྱུ་གཏན་ཁེལ་བྱུང་ཡོད་པ་རྣམས་རེ་ཞིག་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར།6 minPlay
December 02, 2021རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་ཀྱི་ལས་འཆར་གསར་པ། - ཟླ་བ་བཅུ་གཉིས། ༠༣, ༢༠༢༡ཡུ་རོབ་མཉམ་འབྲེལ་གྱིས་ཡུ་སྒོར་ཁྲག་ཁྲིག་གསུམ་འགྲོ་སོང་བཏང་སྟེ་ཕྱི་གསལ་ནང་གསལ་དང་དོ་དམ་གྱི་རྩ་འཛིན་ཐོག་ཏུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཁོར་ཡུག་ལྗང་འགྱུར་དང་གློག་རྡུལ་ཅན་གྱི་སྤྱི་ཚོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེར་ཁ་གཏད་གཅོག་རྒྱུའི་འཆར་གཞི་གསར་པ་ཞིག4 minPlay
December 02, 2021རྒྱ་ནག་གི་ལོག་བཤད་ཐེར་འདོན་གྱི་དྲི་ཚིགས་གསར་པ་སྒོ་འབྱེད། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་གཞུང་གི་ལོག་བཤད་ཁག་ཐེར་འདོན་བྱེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པའི་དྲ་ཚིགས་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་ཅིང་།4 minPlay
December 02, 2021ཏོག་དབྱིབས་ནད་དུག་གསར་པར་འཛེམ་ཟོན་བྱེད་དགོས་པའི་ནན་སྐུལ། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་གཉིས་ཀྱིས་ཉེ་དུས་ཤིག་ནས་ཁྱབ་གདལ་འགྲོ་བཞིན་པའི་ཨོ་མི་ཁོ་རོན་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་གསར་པ་དེར་མང་ཚོགས་ཀྱིས་དངངས་སྐྲག་བྱ་རྒྱུའི་ཚབ་ཏུ་སྔོན་འགོག་གི་ལས་ཐབས་བསྟེན་རྒྱུ་དེར་དོ་གཟབ་བྱ་དགོས་ཞེས་ལམ་སྟོན་གནང་འདུག5 minPlay
December 02, 2021དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༡༢་ཚེས་༢། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡རྒྱ་ནག་ལ་རྒྱལ་སྤྱིའི་བུད་མེད་ཀྱི་དྲྭ་གྲུག་རྩེད་འགྲན་འཚོགས་རྒྱུ་ཕྱིར་འཐེན། ཏོག་དབྱིབས་ནད་དུག་གསར་པར་འཛེམ་ཟོན་བྱེད་དགོས་པའི་ནན་སྐུལ། ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གི་འཕུར་མདེལ་ཚོད་ལྟར་སྐྱོན་བརྗོད། ཨ་རིར་ནད་དུག་གསར་པ་འགོས་པའི་ནད་པ་དང་པོ་ངེས་གཏན།1 hrPlay
December 02, 2021རྒྱ་གཞུང་གིས་བོད་ནང་གི་སྐད་ཡིག་སློབ་གྲྭ་ཁག་ལ་གནོན་སྡོམ། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡༄༅།། རྒྱ་ནག་གི་དབང་འཛིན་པ་ཚོས་སྤྱི་སྐད་ཅེས་རྒྱ་ཡིག་རྒྱ་སྐད་དར་ཁྱབ་བཏང་ནས་བོད་ཀྱི་ཨ་ཁམས་ཕྱོགས་་ཀྱི་ས་གནས་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་གྲྭ་ཁག་ལ་མུ་མཐུད་དུ་གནོན་སྡོམ་བྱེད་ཀྱི་ཡོད་པའི་སྐོར།7 minPlay
December 02, 2021ཨ་རིས་འགྲུལ་པ་ཚོར་བརྟག་དཔྱད་བྱ་རྒྱུ་དམ་དུ་གཏོར་འཆར། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡༄༅།། ཉེ་ཆར་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་གདལ་བྱུང་བའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་སྟེ། མིང་ལ་ཨོ་མི་ཁོ་རོན་ཞེས་བཏགས་ཡོད་པ་དེ་ཉུང་མཐར་ཡང་ཨ་ཧྥི་རི་ཀ་དང་ཡུ་རོབ། ཨེ་ཤི་ཡ་དང་ཨོ་གླིང་། ལྷོ་ཨ་མི་རི་ཀ་དང་ཁེ་ན་ཌ་སོགས་འཛམ་གླིང་རྒྱལ་ཁབ་༢༠་ལྷག་ལ་ཁྱབ་ཟིན་ཡོད་ཅིང་།4 minPlay
December 02, 2021གྭམ་དང་ཨོ་གླིང་གི་ས་ཐོག་ཏུ་ཨ་རིའི་དམག་སྒར་རྒྱ་སྐྱེད། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡༄༅།། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་ལ་ཁ་གཏད་གཅོག་པར་གྭོམ་མཚོ་གླིང་དང་ཨོ་གླིང་གི་ས་ཐོག་ཏུ་ཨ་རིའི་དམག་སྒར་རྒྱ་སྐྱེད་གཏོང་རྒྱུ་དེར་ཤུགས་སྣོན་རྒྱག་འཆར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
December 02, 2021ཉི་ཧོང་གི་སྲིད་བློན་ཟུར་པས་ཐེ་ཝན་སྲུང་སྐྱོབ་གྱི་གཏམ་བཤད། - ཟླ་བ་བཅུ་གཉིས། ༠༢, ༢༠༢༡༄༅།། ཉི་ཧོང་གི་སྲིད་བློན་ཟུར་ཤཱིན་ཛོ་ཨ་བྷེས་རྒྱ་ནག་གིས་ཐེ་ཝེན་ལ་དྲག་རྒོལ་བྱེད་ན་ཨ་རི་དང་ཉི་ཧོང་གིས་སྣང་མེད་དུ་འཇོག་ཐབས་མེད་པ་དེ་པེ་ཅིང་སྲིད་གཞུང་གིས་ཤེས་དགོས་པ་ཞིག་རེད་ཅེས་གསུངས་ཡོད་ཅིང་། ཉི་ཧོང་ནི་ཐེ་ཝན་དང་བར་ཐག་ཉེ་བའི་ས་ཐོག་ཏུ་ཨ་རིའི་དམག་གི་ལྟེ་གནས་ཡོད་པ་ཞིག་ཀྱང་ཡིན་པ་སོགས་ཀྱི་སྐོར།5 minPlay