༢༠༢༥ ལོའི་ཟླ ༣ པའི་ཚེས ༡༦ ཉིན་ཀྱི་ཨམ་སྐད་ཀྱི་སྔ་དྲོའི་ལས་རིམ། ༡༽ ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་རྣམས་མཚམས་འཇོག་བྱེད་སྲིད་པའི་གནས་སྟངས་ཆགས་ཡོད། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རེས་གཟའ་སྤེན་པའི་ཉིན་འབྱོར་བའི་མ་དངུལ་མཚམས་འཇོག་གི་བརྡ་ཐོའི་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་རིའི་གཞུང་གི་མ་དངུལ་གནང་བཞིན་པ་ཁག་མཚམས་འཇོག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད།
༢༽སྐབས་བཅུ་བདུན་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ ༢༠༢༥ ལོའི་ཟླ ༣ པའི་ཚེས ༡༧ ནས ༣༡ བར་འཚོག་གནང་རྒྱུ་ཡིན་པ་དང་། ཚོགས་འདུ་བརྗོད་བྱ་གཙོ་བོ་ཞིག་ནི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ ༢༠༢༥-༢༠༢༦ ལོའི་དངུལ་རྩིས་འགོད་འབུལ་གནང་རྒྱུ་དེ་ཡིན་པ་རེད།
༣༽བོད་ནས་ཆུ་ཤུགས་གློག་འདོན་གྱི་ནུས་ཤུགས་རྒྱ་ནག་ནང་བཏང་བར་བརྟེན་ནས་རྒྱ་ནག་གིས་གློག་འདོན་ཆེད་རྡོ་སོལ་ལ་ཉུང་ཙམ་ལས་བརྟེན་མི་དགོས་པའི་གནས་སྟངས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
1. RFA operations may cease following federal grants termination
2. 6000 people regrouped in London to prevent China’s ‘super embassy’ from breaking through with
3. the 9th session of the Tibetan Parliament-in-Exile, known as the ‘Budget Session’ will begin on Monday for 13 days in the aftermath of foreign aid freeze for CTA.
Hosted on Acast. See acast.com/privacy for more information.