དབུས་སྐད་ལས་རིམ།

བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༦།༣༠


Listen Later

1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ནས་ནས་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་ནས་སྐུ་ཁམས་དྭངས་སྐྱེད་ཡག་པོ་ཡོད་པ་སྐུ་བཅར་བླ་སྨན་པས་གསུངས་པ།

2 ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་བཏོན་པ།

3 ཨོསི་ཊརེ་ལི་ཡར་བོད་དོན་ཞུ་འབོད་སྐབས་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ཕྱིར་འཐེན་དགོས་པའི་རེ་སྐུལ་ཞུས་པ།

4 ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ཚོགས་ཆུང་གིས་རྒྱ་གཞུང་གི་ཁྲིམས་གསར་ལ་སྐྱོན་བརྗོད་གནང་བ།

5 ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གཞུང་གི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པས་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་དཔྱད་ཞིབ་སྙན་ཐོ་སྤེལ་བ།

6 ཨོསི་ཊརེ་ལི་ཡའི་གཞུང་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་གནང་པ་དང་དེར་གདོང་ལེན་གནང་རྒྱུ་ཡིན་པ།

7 ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱིས་རྒྱ་ནག་གི་ཁྲིམས་གསར་ལ་སྐྱོན་བརྗོད་གནང་བ།

8 རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ནི་བོད་ནང་དུ་རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱི་སྲིད་བྱུས་འཛིན་པ་རྣམས་ཁྲིམས་ཐོག་ནས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་ཤིག་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་ཡོད་པ།

9     རྒྱལ་སྤྱིའི་བོད་དོན་ཚོགས་པ་ ༡༥༡ གིས་རྒྱལ་ཁབ་ ༡༤ ཡི་ཕྱི་སྲིད་བློན་ཆེན་ཚོར་ཁ་གཏད་གཅོག་དགོས་པའི་རེ་སྐུལ་ཞུས་པ།

10 ཨི་ཊ་ལིའི་ཆབ་སྲིད་མི་སྣ་ཁག་གིས་རྒྱ་ནག་གི་ཁྲིམས་ཡིག་ལ་སྐྱོན་བརྗོད་དང་བོད་དོན་ལ་རྒྱབ་སྐྱོར་གནང་བ།

11 ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་གྱིས་གཙོས་འཐུས་མི་ཚོས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ལ་སྐྱོན་བརྗོད་གནང་བ།

12 རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་གཞིར་བཟུང་བོད་ནང་བསམ་བློ་སྒྱུར་བཀོད་ཀྱི་དྲིལ་བསྒྲགས་དང་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པ།

13 ཝེ་ནེ་ཛུའི་ལར་ས་ཡོམ་བྱུང་བར་༧གོང་ས་མཆོག་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་ཐུགས་གསོ་གནང་བ།

14    བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་ཡོ་རོབ་དང་། ཨ་རི། ཐའེ་ཝན། རྒྱ་གར་བཅས་ནས་ཉམས་ཞིབ་པ་བཅས་ཀྱིས་མཉམ་ཞུགས་ཀྱིས་བཞུགས་སྒར་དུ་ཚོགས་འདུ་ཞིག་སྐོང་ཚོགས་གནང་པ།

15    ཧོང་ཀོང་དུ་བདེ་འཇགས་ཁྲིམས་གཞི་ལག་བསྟར་བྱས་ཏེ་ལོ་ ༦ རྗེས་རང་དབང་སྡུག་རུ་ཕྱིན་པ།

16    རྒྱ་རིགས་ཚོང་པ་ཀའོ་ཝིན་ཀུའེ་ལ་ལོ་ ༣༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ།

Hosted on Acast. See acast.com/privacy for more information.

...more
View all episodesView all episodes
Download on the App Store

དབུས་སྐད་ལས་རིམ།By RFA