ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༩།༥ Tibet TV Daily News September 05, 2023
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༩།༥ Tibet TV Daily News September 05, 2023
    ◆ ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་པ།
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་བཞུགས་སྒར་རྡ་ས་ཁུལ་དུ་འཚམས་གཟིགས་གནང་བཞིན་པ།
    ◆ དགེ་རྒན་གྱི་ཉིན་མོར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གི་གསུང་འཕྲིན་ཕེབས་པ།
    ◆ ཨོ་སི་ཀྲོ་ལི་ཡའི་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐད་བློ་འཚབ་བཏོན་པ།
    ◆ བཙན་བྱོལ་བོད་མི་གནས་ཡུལ་ཁག་ཏུ་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་པ།
    ◆ ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་གྱི་ཚོང་ལས་པའི་འདུ་འཛོམས་ཤིག་གི་ཐོག་བོད་དོན་གསུང་བཤད་གནང་བ།
    ◆ ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་བོད་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༢ པ་འཚོགས་གཏན་འཁེལ་བ།
    10 min
  • ༄༅། །དབུ་མ་འཇུག་པ་དང་དེའི་རང་འགྲེལ་གཉིས་ཀྱི་བཀའ་ཆོས། ཉིན་དང་པོ།
    ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་བ།
    2 hr 4 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༩།༤ Tibet TV Daily News September 04, 2023
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༩།༤ Tibet TV Daily News September 04, 2023
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་རྣམས་ལ་མཇལ་ཁ་སྩལ་བ།
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཞུགས་སྒར་རྡ་ས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་བ།
    ◆ བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༣ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།
    ◆ སུད་ཝི་ཌན་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གསར་འགོད་གསལ་བསྒྲགས་སྤེལ་བ།
    ◆བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སུད་ཝི་ཌན་གྲོས་ཚོགས་འཐུས་མི་རྣམས་ལ་གསོལ་སྟོན་འདེགས་འབུལ་ཞུས་པ།
    ◆ཨོ་སི་ཀྲོ་ལི་ཡའི་ངལ་རྩོལ་སྲིད་དོན་ཚོགས་པ་ནས་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་དང་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་བ།
    12 min
  • ༄༅། །བོད་ཀྱི་མ་འོངས་འགན་སྲུང་། བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད། ལེ་ཚན། གསུམ་པ།
    ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ་༼བོད་ཀྱི་མ་འོངས་འགན་སྲུང་།༽ ལག་བསྟར་བྱེད་སྒོ་ངོ་སྤྲོད་གནང་བ། ལེ་ཚན་གསུམ་པ།
    ལེའུ་གཉིས་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན།
    37 min
  • ༄༅། །བོད་ཀྱི་མ་འོངས་འགན་སྲུང་། བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད། ལེ་ཚན། གཉིས་པ།
    ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ་༼བོད་ཀྱི་མ་འོངས་འགན་སྲུང་།༽ ལག་བསྟར་བྱེད་སྒོ་ངོ་སྤྲོད་གནང་བ།
    ལེ་ཚན། གཉིས་པ། ལེའུ་དང་པོ། བོོད་དོན་བདེན་མཐའ་གསལ་ཐབས། དབུ་མའི་ལམ།
    26 min
  • ༄༅། །བོད་ཀྱི་མ་འོངས་འགན་སྲུང་། བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད། ལེ་ཚན། དང་པོ།
    ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆ་༼བོད་ཀྱི་མ་འོངས་འགན་སྲུང་།༽ ལག་བསྟར་བྱེད་སྒོ་ངོ་སྤྲོད་གནང་བ།
    ལེ་ཚན་དང་པོ། བོད་ཀྱི་གལ་གནད་སྐོར།
    32 min
  • ༧གོང་ས་༧སྐྱབས་མགོན་ཆེན་མཆོག་གི་བཀའ་རྩོམ་མཛད་རྣམ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། (ལེའུ་ ༡ པོ།)
    གསུང་རྩོམ་འདིར། ༧གོང་ས་༧སྐྱབས་མགོན་ཆེན་མཆོག་ནས། འཛམ་གླིང་རྒྱ་ཆེའི་མི་མང་ནས་བོད་ཀྱི་བདེན་པའི་གནས་ཚུལ་གསལ་རྟོགས་གང་ཆེ་ཡོང་ཐབས་སུ་སྐུ་ཉིད་ཀྱི་ལོ་རྒྱུས་དང་ཆབས་ཅིག་བོད་ཀྱི་བདེན་པའི་གནས་ལུགས་ཉུང་བསྡུས་སུ་གོ་བདེ་ཞིང་ཕྱི་རྒྱལ་སྐད་ཡིག་ཏུ་བསྒྱུར་བདེ་བ་གཙོ་བོར་མཛད་ནས་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལེའུ་བཅུ་གསུམ་དང་། ཁ་སྣོན་དང་པོ་ནང་པའི་ཆོས་ཀྱི་གནས་ཚུལ་དང་། ཁ་སྣོན་གཉིས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད། རྣམ་ཐར་སྙིང་བསྡུས་བཅས་བཞུགས།
    16 min
  • 2023 08 21 IMPAT Tsoktso Panel
    ༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་ད་ལྟའི་གནས་བབས་དང་མ་འོངས་ལས་དོན་གནང་ཕྱོགས་སྐོར་བཅར་འདྲི་ཞུས་པ། Current Status and future plans of International Network of Parliamentarians on Tibet (INPaT)
    21 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.