བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༠༡།༡༠ Tibet TV Daily News – Jan 10, 2023
◆ དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ ཀེ་ཝིན་མེག་ཀར་ཐི་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ།
◆ ས་གནས་འགོ་འཛིན་རྣམས་ལ་འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་ཐབས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བ།
◆ བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རྒྱུན་ལས་གསར་རྙིང་ལ་འཚམས་འདྲི་དང་ཐུགས་རྗེ་ཞུས་པ།
◆ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སྐོར་བསྐྱོད་འགྲེམས་སྟོན་གནང་བ།