ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༣༠ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 30, 2026
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༣༠ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 30, 2026
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་ཝེད་ནམ་ནང་ཆོས་སློབ་གཉེར་བ་རྣམས་ལ་མཇལ་ཁ་སྩལ་བ།
    ◆ ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོར་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་བ།
    ◆ བཞུགས་སྒར་དུ་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཞུས་པ།
    ◆ གཞི་རིམ་གོང་མའི་བོད་ཡིག་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་པ།
    ◆ འཕྲོད་བསྟེན་ལས་ཁུངས་ནས་ཏི་ཛུ་དར་རྒྱས་གླིང་གི་སྦྲུམ་མ་དང་ཨ་མ་རྣམས་ཀྱི་འཕྲོད་བསྟེན་དང་བྱིས་པའི་གཅེས་སྐྱོང་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    12 min
  • 2026_04_29News
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 29, 2026
    ◆ སྤྱི་འཐུས་ལྷན་ཚོགས་ནས་ཅོན་ཏ་ར་བོད་ཁྱིམ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་བ།
    ◆ ཨ་རིའི་མལ་སི་ཆུ་སི་ (Massachusetts) ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་གསུང་བཤད་ལས་རིམ་དང་པ་རིས་འགྲེམས་སྟོན་ལམ་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
    ◆ སྡེ་ར་ལྡུན་གྱི་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཨུ་ཏྟརཱ་ཁནྜ་ (Uttarakhand) མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།
    ◆ ཤེས་རིག་ལས་ཁུངས་ནས་ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར་གོ་སྒྲིག་ཞུ་རྒྱུའི་གསལ་བསྒྲགས་སྤེལ་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    6 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 28, 2026
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 28, 2026
    ◆ འཛམ་གླིང་ས་ཕྱོགས་གང་སར་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ལམ་ནས་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ།
    ◆ སྦར་སིལ་སྐུ་ཚབ་དོན་གཅོད་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ངན་བྱུས་སྐོར་གསལ་བཀྲོལ་གནང་བ།
    ◆ དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལོ་འཁོར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་བ།
    ◆ གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཁག་ལ་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    10 min
  • ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བཅར་འདྲི།
    ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་བསྟུན་རིན་པོ་ཆེ་ཁོང་དང་འབྲེལ། གནས་ཚུལ་ཤེས་རྟོགས་ཡོད་པ་ཁག་དང་། པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་རྒྱལ་སྤྱིའི་སྟེང་འབུར་དུ་ཐོན་པ་ལ་མང་ཚོགས་མི་རེ་ངོ་རེ་ནས་གནང་ཡས་སོགས་དང་འབྲེལ་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁན་ལགས་སུ་བཅར་འདྲི།
    35 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༧ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 27, 2026
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༧ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 27, 2026
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་པ།
    ◆ བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་ཐོག་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
    ◆ བཞུགས་སྒར་དུ་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དང་བླངས་དམག་ཟུར། བློ་སྒྲིག་དམག་ཟུར་སོགས་འདུ་བསྐོང་གིས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཤིག་ཚོགས་པ།
    ◆ རྒྱལ་ཁབ་ཁག་ ༢༧ ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་ཤོག་འཕངས་པ།
    ◆ ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་མེའོ་དང་ཏི་ཛུ་སློབ་གྲྭར་འཚམས་གཟིགས་གནང་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    17 min
  • བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༤།༢༤ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) April 24, 2026
    བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༤།༢༤ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) April 24, 2026
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་དང་གློ་སྒྲིག་བདེ་དོན་ཚོགས་པ། བོད་ཀྱི་བཙུན་མའི་ལས་འཆར་ཁོངས་ཀྱི་བཙུན་དགོན་ཁག་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
    ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་གཞུང་སློབ་གྲྭའི་སྒྲིག་འཛུགས་ཞེས་ KVS ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་འཚམས་ཞུའི་མཇལ་བཅར་ཞུས་པ།
    ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་དུ་ཚན་རིག་བརྟག་དཔྱད་ཁང་དབུ་འབྱེད་གནང་བ།
    ◆ དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ནང་མང་ཚོགས་ནས་ཆ་ཤས་ངེས་པར་དུ་ལེན་དགོས་པའི་ཞབས་སྐུལ་གནང་བ།
    ◆ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ཐུགས་འཚབ་བསྟན་པ།
    ◆ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཀུལླུ་ཁྱབ་ཁོངས་བོད་མིའི་འདུ་སྡོད་ས་གནས་ཁག་དང་ཌལ་ཧོར་ཕུན་ཚོགས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #tibettv #weeklynews
    14 min
  • 𝑻𝒊𝒃𝒆𝒕 𝑻𝒉𝒊𝒔 𝑾𝒆𝒆𝒌 – 24th April, 2026
    1. His Holiness the Dalai Lama Attends Offering of Long-life Prayers by Tibetan Associations
    2. CTA Leadership to Attend 37th Birthday of the His Eminence the 11th Panchen Lama
    3. Home Secretary Palden Dhondup Makes Assessment Visit to Kullu and Dalhousie
    4. UN Experts Raise Concerns Over People’s Republic of China’s Ethnic Unity and Progress Law
    5. Weekly Lookout: Year of Compassion
    8 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༣ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 23, 2026
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༣ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 23, 2026
    ◆ དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་དུ་ཚན་རིག་བརྟག་དཔྱད་ཁང་དབུ་འབྱེད་གནང་བ།
    ◆ མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སུད་སིར་གནས་སྡོད་བོད་མི་རྣམས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་བ།
    ◆ བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་ཐོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དམིགས་བསལ་སྲུང་བརྩི་ཞུ་རྒྱུ།
    ◆ སུ་ཇཱ་བོད་ཁྱིམ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་བ
    ◆ ལྷོ་ཀེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གཟའ་མཇུག་སློབ་གྲྭའི་སློབ་མ་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ངོ་སྤྲོད་གནང་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    12 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༢ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 22, 2026
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༢ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 22, 2026
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་དང་གློ་སྒྲིག་བདེ་དོན་ཚོགས་པ་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
    ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་དུ་ཚན་རིག་བརྟག་དཔྱད་ཁང་དབུ་འབྱེད་གནང་བ།
    ◆ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ཐུགས་འཚབ་བསྟན་པ།
    ◆ འཕྲོད་བསྟེན་ལས་ཁུངས་ནས་མེའོ་ཁུལ་གྱི་སྦྲུམ་མ་དང་ཨ་མ་རྣམས་ཀྱི་འཕྲོད་བསྟེན་དང་བྱིས་པའི་གཅེས་སྐྱོང་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    
#dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    8 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༡ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 21, 2026
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༤།༢༡ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– April 21, 2026
    ◆ སང་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་དང་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།
    ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་གཞུང་སློབ་གྲྭའི་སྒྲིག་འཛུགས་ཞེས་ KVS ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་འཚམས་ཞུའི་མཇལ་བཅར་ཞུས་པ།
    ◆ སྐུ་ཞབས་དམ་པ་ B.R. Ambedkar མཆོག་གི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་མཉམ་ཞུགས་གནང་བ།
    ◆ སྦེལ་ཇམ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་འཕྲིན་སྐོར་གྱི་པར་རིས་འགྲེམས་སྟོན་ལམ་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
    7 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.