ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༢།༡ Tibet TV Daily News – Dec. 1, 2022
    ◆ ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་བོད་པའི་བྱིས་པ་ཚོ་བཅའ་སྡོད་སློབ་གྲྭར་སྡོད་དུ་འཇུག་པའི་གནད་དོན་ལ་འཕྲལ་དུ་རྟོགས་ཞིབ་དགོས་པའི་ཞུ་ཡིག་ཕུལ་བ།
    ◆ ཨོ་སི་ཀྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་བོད་དོན་ཚོགས་འདུ་ཚོགས་པ།
    ◆ མ་འོངས་བོད་ཀྱི་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་པེ་རི་སིར་སྐོང་ཚོགས་གནང་།
    ◆ སྤྱི་འཐུས་ཚོགས་གཞོན་མཆོག་ཧྥིན་ལན་ཌི་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ལ་མཉམ་ཞུགས་གནང་རྒྱུ།
    ◆ ཤེས་རིག་བཀའ་བློན་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་།
    ◆ འཕྲོད་བསྟེན་དྲུང་ཆེས་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་གཟིགས་སྐོར་གནང་།
    ◆ གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་འཁྲིད་རྒྱུའི་གྲ་སྒྲིག་གནང་བཞིན་པ།
    10 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༣༠Tibet TV Daily News –Nov. 30, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༣༠Tibet TV Daily News –Nov. 30, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ནས་ད་བར་བོད་བསྟན་སྲིད་སླད་ཞབས་འདེགས་གང་ཐུབ་བསྒྲུབས་ཡོད་པ་བཞིན་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་ལྷག་ཐུགས་འཁུར་དེ་ལྟར་མཛད་རྒྱུ་ཡིན་པའི་བཀའ་སྩལ་བ།
    ◆ རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ལ་ཁྲིམས་ཐག་བཅད་པ།
    ◆ རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་མཇུག་སྒྲིལ་བ།
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་སྃ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུའི་མཇུག་བསྡོམས་མཛད་སྒོར་ཕེབས་ཞུགས་གནང་བ།
    ◆ ཧོན་སུར་རབ་རྒྱས་གླིང་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་ཆོས་ཀྱི་འཁོར་ལོ་ཞིག་ཕུལ་བ།
    ◆ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་ཁྲལ་འབབ་དང་ཤིང་ནགས་ལས་ཁུངས་ཀྱི་སྤྱི་ཁྱབ་ཆེ་མཆོག་དང་ཐུག་འཕྲད་གནང་བ།
    ◆བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཧོན་སུར་ས་གནས་འགོ་འཛིན་གྱི་ལས་འཁུར་རྩིས་བཞེས་གནང་བ།
    14 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༢༩ Tibet TV Daily News – Nov. 29, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
    ◆ རྒྱ་གར་རྒྱལ་ཡོངས་ཀྱི་ཚན་རིག་འགྲེམས་སྟོན་ཐེངས་ཞེ་དགུ་པར་བོད་ཕྲུག་ལྔ་མཉམ་ཞུགས།
    ◆ རྒྱ་ནག་མང་གཙོ་ཅན་དུ་འགྱུར་བར་ཤུགས་རྐྱེན་ཐེབས་ཐབས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཆེན་མོ་བསྐོང་ཚོགས།
    ◆ དཔལ་འབྱོར་ལས་ཁུངས་ནས་བལ་ཡུལ་གྱི་ས་གནས་རང་ཚོགས་ཀྱི་ལས་དོན་སྔར་ལྷག་ཚགས་ཚུད་ཡོང་སླད་ཟབ་སྦྱོང་གོ་སྒྲིག་གནང་།
    ◆ ཤེས་ལོང་ས་གནས་འགོ་འཛིན་གྱི་ལས་འཁུར་རྩིས་སྤྲོད་རྩིས་ལེན་གནང་།
    ◆ སྦེལ་ཇམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཇམ་དབྱངས་བློ་འཕེལ་སློབ་གྲྭར་འཚམས་གཟིགས་གནང་།
    ◆ ༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་མོན་གྷོ་རྒུ་གླིང་གཞིས་ཆགས་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་།
    11 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༢༨Tibet TV Daily News –Nov. 28, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༢༨Tibet TV Daily News –Nov. 28, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དཀའ་རྙོག་ཞི་འཇམ་ངང་སེལ་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ།
    ◆ རྒྱ་ནག་གི་རྒྱལ་ས་གཙོ་བོར་བྱས་པའི་ས་ཁུལ་ཁག་ཅིག་དང་ཤར་ཏུ་ཀི་སི་ཐན་བཅས་སུ་རྒྱ་ནག་དམར་པོའི་སྲིད་གཞུང་དང་ཞི་ཅིན་ཕིང་ལ་ཐད་ཀར་སྐྱོན་བརྗོད་ཀྱིས་དུས་རྒྱུན་མཐོང་རྒྱུ་མེད་པའི་གཞི་རྒྱ་ཆེ་བའི་མི་མང་སྐད་འབོད་བྱེད་བཞིན་པ།
    ◆ གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་མཇུག་སྒྲིལ་བ།
    ◆ རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཞུགས་གནང་བ།
    ◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སུད་ཌེན་ཁུལ་གྱི་གཞུང་འབྲེལ་ལས་དོན་ལེགས་པར་གྲུབ་པ།
    ◆ སྟག་འཚེར་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དང་ཆོས་རིག་དྲུང་འཕར་རྣམ་གཉིས་ལྷན་ཞུགས་གནང་བ།
    ◆སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅོ་ལྔ་པ་དབུ་འཛུགས་གནང་བ།
    ◆ཉི་ཧོང་སྐུ་ཚབ་དོན་ཁང་ནས་ཟླ་གྲངས་གཉིས་རིང་གོ་སྒྲིག་ཞུས་པའི་བོད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་ལེགས་པར་མཇུག་སྒྲིལ་བ།
    17 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༢༤ Tibet TV Daily News –Nov. 24, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༡༡།༢༤ Tibet TV Daily News –Nov. 24, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
    ◆ ཧི་མ་ཅལ་གཙུག་ལག་སློབ་ཁང་གི་དགེ་རྒན་ཚོགས་ཆུང་ནས་སློབ་དཔོན་ཀུལ་དྷིབ་ཅཱན་དྷ་ཨག་ནི་ཧོ་ཊྲི་མཆོག་ལ་གཟེངས་བསྟོད་ཕུལ་བའི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་ལྷན་ཞུགས་གནང་བ།
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་དང་ཁོང་གི་སྐུ་ཟླ་དོན་གྲུབ་སྒྲོལ་མ་ལགས་རྣམ་གཉིས་ཐུག་འཕྲད་གནང་བ།
    ◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་གཞུང་ཚབ་ཆེན་མོ་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།
    ◆ ལ་ཁན་ཝ་ལ་མི་མང་དང་སེ་ལ་ཀུའི་ལས་རིགས་སློབ་གཉེར་ཁང་གི་དགེ་སློབ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ།
    9 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.