ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༧ Tibet TV Daily News – Sept 27, 2022
    ◆ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་བ།
    ◆ བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།
    ◆ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་རྣམ་གཉིས་ལ་དྭགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
    ◆ སུད་སི་དང་ Liechtenstein ས་གནས་བོད་མི་ཚོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་བ།
    ◆ སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་སྦེང་ལོར་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།
    ◆ ཡུ་རོབ་ཁུལ་ཧོ་ལེན་ཌི་དང་སྦེལ་ཇེམ་ས་ཁུལ་གྱི་དང་བླང་བོད་དོན་ཞུ་གཏུག་ཚོགས་མི་རྣམ་པས་བོད་དོན་ཞུ་གཏུག་ལས་འཆར་ཐད་གོ་བསྡུར་གནང་བ།
    10 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༦ Tibet TV Daily News – Sept 26, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༦ Tibet TV Daily News – Sept 26, 2022
    ◆ རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་གཙང་སེལ་གཏོང་བའི་སྲིད་བྱུས་ཟེར་བ་དེའི་འོག་བོད་མིའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་དཔལ་ལྡན་བཀའ་ཤག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ།
    ◆ རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་མི་མང་གི་དཀའ་ངལ་སེལ་ཆེད་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ཚོགས་འདུར་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཞུགས་གནང་བ།
    ◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་མཇུག་སྒྲིལ་བ།
    ◆ རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཚོགས་འདུར་ཨོ་སི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་ལྷན་ཞུགས་གནང་བ།
    ◆ ཤེས་རིག་ལས་ཁུངས་ནས་དཔེ་དབེ་ཁྲོམ་འདུས་ཐེངས་གཉིས་པ་གོ་སྒྲིག་ཞུས་པ།
    11 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༢ Tibet TV Daily News – Sept 22, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༢ Tibet TV Daily News – Sept 22, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་ཤེས་ཚད་དང་བློ་རྒྱ་ཆེ་རུ་གཏོང་ཆེད་དུ་ཚད་དང་ལྡན་པའི་རང་དབང་དགོས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པོ་གསུང་པ།
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲང་བདེན་དང་བཟོད་བསྲན་ཉམས་ལེན་ཐོག་མིག་དཔེ་འོས་པའི་མི་སྣ་ངོས་འཛིན་གྱིས་ Spendlove Prize ཞེས་པའི་གཟེངས་རྟགས་འབུལ་བཞེས་མཛད་པ།
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་དང་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སྙན་ཐོ་འདོན་སྤེལ་གནང་དགོས་པའི་རེ་སྐུལ་ཞུས་པ།
    ◆ བལ་ཡུལ་སྐུ་ཚབ་དོན་གཅོད་ཟུར་པ་དབང་ཕྱུག་ཚེ་རིང་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ནས་སྨོན་ལམ་གསུང་འདོན་དང་མྱ་ངན་ཞུས་པ།
    14 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༡ Tibet TV Daily News – Sept 21, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༡ Tibet TV Daily News – Sept 21, 2022
    ◆ རྒྱ་ནག་གཞུང་གི་ནད་ཡམས་རྩ་མེད་ཀྱི་སྲིད་བྱུས་ཟེར་བའི་འོག་བོད་མི་མང་པོར་ཟས་དང་སྡོད་གནས། སྨན་བཅོས་ཐོག་དཀའ་ངལ་ཤུགས་ཆེ་བཟོ་བཞིན་པར་བོད་མིའི་སྒྲིག་འཛུགས་ནས་བློ་འཚབ་ཤུགས་ཆེ་གནང་བ།
    ◆ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
    ◆ བལ་ཡུལ་སྐུ་ཚབ་དོན་གཅོད་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་བ།
    ◆ བོད་མི་མང་སྤྱི་འཐུས་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་དང་བྱང་ཤར་ཁུལ་དུ་གཞུང་ཕྱོགས་ཕེབས་གནང་གཏན་འཁེལ་བ།
    ◆ ལྷ་མོ་ཚེ་རིང་ལགས་ཀྱིས་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་གྱི་ལས་ཁུར་རྩིས་བཞེས་གནང་བ།
    7 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༢༠ Tibet TV Daily News – Sept 20, 2022
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་སྒྱུ་སྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་དབུ་འབྱེད་གནང་བ།
    ◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་དབུ་འཛུགས་གནང་བ།
    ◆ སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུ་ཚོགས་པ།
    ◆ མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།
    ◆ དབུ་རྒྱན་ལྷ་འཛོམས་ལགས་ཀྱིས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་གྱི་ལས་ཁུར་ཞུས་པ།
    11 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༡༩ Tibet TV Daily News – Sept.19, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༡༩ Tibet TV Daily News – Sept.19, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།
    ◆ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་བ།
    ◆ སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གཟའ་མཇུག་སློབ་གྲྭའི་ཚོགས་འདུ་ཐེངས་ལྔ་པ་བསྐོང་ཚོགས་གནང་བ།
    ◆ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁག་ཅིག་ལ་བོད་ཡིག་ཟབ་སྦྱོང་དབུ་འཛུགས་གནང་བ།
    9 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༡༥ Tibet TV Daily News – Sept. 15, 2022
    ◆ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་ཉིན་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་མཛད།
    ◆ སྲིད་སྐྱོང་མཆོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ཚབ་གསར་སྐུ་ཞབས་ཝོལ་ཀར་ཀྲག་ Volker Turk མཆོག་ལ་འཚམས་འདྲི་ཞུས།
    ◆ སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨིན་ཡུལ་རྒྱལ་པོ་ཅར་ལེར་སི་གསུམ་པ་ King Charles III གསུམ་པ་མཆོག་ལ་འཚམས་འདྲི་ཞུས།
    ◆ ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་སྦ་ར་ཛིལ་འཕྲོད་བསྟེན་ལྷན་ཁང་གི་གནད་ཡོད་མི་སྣ་ཞིག་སྦ་ར་ཛིལ་བོད་ཁང་དུ་ཕེབས་བསུ་ཞུས།
    11 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༡༤ Tibet TV Daily News – Sept.14, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༩།༡༤ Tibet TV Daily News – Sept.14, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏེ་ནམ་གྱི་མཇལ་བཅར་བ་ཉིས་བརྒྱ་ལྷག་ལ་བཀའ་སློབ་བཀའ་དྲིན་སྩལ་བ།
    ◆ གྲོས་ཚོགས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཇི་ཆགས་ཐོག་བགྲོ་གླེང་གནང་བ།
    ◆ གསོ་བ་རིག་པའི་ཉིན་མོ་ཐེངས་བཞི་པ་སྲུང་བརྩི་ཞུས་པ།
    6 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.