ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༦།༢༣ Tibet TV Daily News – June 23 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༦།༢༣ Tibet TV Daily News – June 23 2022
    ༡། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཁག་ལྔ་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག
    ༢། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གི་གཙོས་པའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་མང་དག་ཞིག་མཉམ་བཞུགས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་བཞིན་པ།
    ༣། དྲྭ་རྒྱའི་བརྒྱུད་བརྡ་འཕྲིན་དང་འཕྲུལ་ལས་ཞབས་ཞུ་མཁོ་སྤྲོད་ཞུ་ཕྱོགས་ཀྱི་ལས་རིགས་སྦྱོང་བརྡར་ཐེངས་དང་པོ་འགོ་འཛུགས་གནང་འདུག
    13 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༦།༢༢ Tibet TV Daily News – June 22 2022
    ◆སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་སམ་མངའ་སྡེར་ཆུ་ལོག་གོད་ཆག་བྱུང་བར་གདུང་སེམས་མཉམ་སྐྱེ་མཛད་པ།
    ◆བོད་མི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་གཙོ་བོ་བྱས་པའི་བོད་མི་ཤེས་ཡོན་ཅན་ཁག་གཅིག་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་ཡོག་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་པ།
    ◆ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཀེ་པི་ཊོལ་ཧིལ་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་དབུ་འཛུགས་གནང་གཏན་འཁེལ་བ།
    ◆དཔལྡན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྲིད་སྐྱོང་བཅས་ཀྱི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཇལ་འཕྲད་གནང་བ།
    ◆ཐའེ་ཝན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་པ།
    བོད་མིའི་སློབ་གྲྭ་དང་ཚོགས་སྡེ་ཁག་གི་དཔེ་མཛོད་དོ་དམ་པའི་བགྲོ་གླེང་ཚོགས་འདུ་འགོ་འཛུགས་གནང་བ།
    ཀ་ལོན་སྦུག་དང་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཉིས་ཀྱི་ས་གནས་འགོ་འཛིན་གསར་པས་ལས་ཁུར་འགོ་འཛུགས་གནང་བ།
    16 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༦།༢༡ Tibet TV Daily News – Jun. 21, 2022
    ◆ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པའི་གསར་འགོད་བསྒྲགས་གཏམ་སྤེལ་བ།
    ◆ སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་མི་ནི་སོ་ཊའི་བོད་མིར་གསུང་བཤད་གནང་བ།
    ◆ ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་སྲུང་བརྩི་ཞུས་པ།
    ◆ འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་སེམས་ཁམས་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་བ།
    ◆ དྲ་ལམ་གཞུང་འཛིན་ལས་གཞིའི་འོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གྲངས་བཅུ་ཨེ་སི་ཊོ་ནི་ཡར་ཕྱོགས་ཕེབས་གནང་བ།
    ◆ ནིའུ་ཡོག་ནིའུ་ཇར་སི་བོད་ཀྱི་སྐད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
    9 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༦།༢༠ Tibet TV Daily News – Jun. 20, 2022
    ◆ སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིར་བདུན་ཕྲག་གཉིས་ཀྱི་གཞུང་འབྲེལ་འཚམས་གཟིགས་འགོ་འཛུགས་གནང་།
    ◆ སྟོན་པའི་རིང་བསྲེལ་སོག་ཡུལ་དུ་གདན་ཞུས་ཀྱིས་མི་མང་ལ་མཇལ་ཁའི་ཆེད་བཤམ་སྟོན་གནང་།
    ◆ སྦེལ་ཇམ་ཤེས་རབ་སྣང་འབྱེད་གཟའ་མཇུག་སློབ་གྲྭའི་དཔལ་འབྱོར་འདུ་འགོད་ཀྱི་རིག་གཞུང་དགོངས་ཚོགས་ཚོགས་པ།
    ◆ བལ་ཡུལ་སྤོག་ར་བཀྲིས་གླིང་ས་འཐུས་སྐབས་ ༡༡ པའི་དམ་འབུལ་གྲུབ་པ།
    9 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༦།༡༦ Tibet TV Daily News – Jun. 16, 2022
    ◆ བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་དང་བསྟུན་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་བ།
    ◆ སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་བ།
    ◆ སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་ཁག་ཅིག་གཞུང་འབྲེལ་ལས་དོན་སླད་ཨ་རིར་ཕྱོགས་ཕེབས་གནང་བ།
    ◆ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བློ་འཚབ་གནང་བ།
    ◆ ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱིས་ཉི་ཧོང་གྲོས་ཚོགས་ཀྱི་གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་བ།
    ◆ དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་སྦྱོང་མཇུག་སྒྲིལ་བ།
    ◆ སྲིད་སྐྱོང་མཆོག་གིས་གུ་རུ་ཀུལ་ལས་གཞིའི་འོག་བཞུགས་སྒར་རྡ་སར་བཅར་བའི་རྒྱ་གར་མཐོ་སློབ་སློབ་མར་བོད་དོན་སྐོར་ངོ་སྤྲོད་གནང་བ།
    13 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༦།༡༥ Tibet TV Daily News – June 15, 2022
    ◆སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྩལ་བ།
    ◆དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་སྐུའི་གྱ་སྟོན་བརྟན་བཞུགས་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་བ།
    ◆དཔལ་ལྡན་སྲིད་སྐྱོང་མཆོག་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་དབུ་འབྱེད་མཛད་སྒོར་ཕེབས་པ།
    ◆༧བྱམས་མགོན་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་མཚམས་གཟིགས་སུ་ཞབས་སོར་འཁོད་པ།
    ◆བེལ་ཇམ་སྐུ་ཚབ་དོན་གཅོད་མཆོག་གིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།
    6 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༦།༡༣ Tibet TV Daily News – June 13, 2022
    ◆སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྔོན་འགྲོའི་སྟ་གོན་མཛད་པ།
    ◆དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་བྱུང་བ།
    ◆དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
    ◆ཤེས་རིག་བཀའ་བློན་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆེད་གནང་བ།
    ◆རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་མཇལ་འཕྲད་གནང་བ།
    ◆ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་དབུས་ལས་ཁུངས་ཁག་གི་རྩིས་པ་རྣམས་ལ་ཟབ་སྦྱོང་གནང་བ།
    ◆ཨ་རི་སྐུ་ཚབ་དོན་ཁང་གི་ལས་བྱེད་ནས་ཨ་རིའི་རྒྱལ་ཡོངས་མེ་ཏོག་ཞག་འཁོར་སྒྲོན་འབུལ་མཛད་སྒོར་མཉམ་ཞུགས་གནང་བ།
    ◆༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༧ པ་འགོ་བཙུགས་པ།
    ◆རྒྱལ་ཚོགས་ཀྱི་ཁྱད་མཁས་མི་སྣ་བཞི་བཅུས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་བ།
    13 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༦།༩ Tibet TV Daily News – Jun. 9, 2022
    ◆ སྲིད་སྐྱོང་མཆོག་ཀེ་ལོ་གྷལ་འཚམས་གཟིགས་གྲུབ་སྟེ་མོན་གྷོ་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ།
    ◆ སྔོན་འགྲོའི་དགེ་རྒན་ཚོར་གནང་བའི་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་མཇུག་སྒྲིལ་བ།
    ◆ སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུགས་རྗེ་ལེགས་འབུལ་གྱི་གསོལ་སྟོན་ཕུལ་བ།
    ◆ འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་པ།
    13 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.