ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༤།༠༧ Tibet TV Daily News – April 07, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༤།༠༧ Tibet TV Daily News – April 07, 2022
    ◆སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ལྷ་མོ་ཚོགས་པའི་ཚོགས་མིར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
    ◆དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་དབུས་ཕྱོགས་བོད་མིིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
    ◆ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་གཙོས་པའི་ས་ཁུལ་གཞན་ཁག་གི་ནང་དྲག་གནོན་བྱེད་བཞིན་པའི་སྐོར་གླེང་གནང་བ།
    ◆བ་རཱ་ཛིལ་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་བོད་ཀྱི་རིག་གཞུང་སྐོར་གསུང་བཤད་གནང་བ།
    13 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༤།༦ Tibet TV Daily News – Apr. 6, 2022
    ◆ ལྷ་མོ་ཚོགས་པ་ཁག་ལ་མཐུན་སྦྱོར་གང་ཐུབ་གནང་རྒྱུ་ཡིན་ཞེས་སྲིད་སྐྱོང་མཆོག་གིས་དབུ་འབྱེད་མཛད་སྒོར་གསུང་པ།
    ◆ སྐབས་ ༡༦ པའི་བཀའ་ཤག་གིས་ལས་བྱེད་ཚང་འཛོམས་ཐོག་ཚོགས་འདུ་དང་པོ་སྐོང་ཚོགས་གནང་བ།
    ◆ བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་མཆོག་དང་མཇལ་འཕྲད་ཞུས།
    ◆ སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ ༥ པའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་བ།
    ◆ སྦེལ་ཇམ་དུ་ཆོས་རིག་འཛིན་སྐྱོང་སློབ་གྲྭས་རིག་གཞུང་དུས་སྟོན་གོ་སྒྲིག་ཞུས་པ།
    13 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༤།༠༥ Tibet TV Daily News – April 05, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༤།༠༥ Tibet TV Daily News – April 05, 2022
    ◆གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ཇེ་མང་དུ་འགྲོ་བཞིན་པར་བོད་མིའི་སྒྲིག་འཛུགས་ནས་བློ་འཚབ་བཏོན་པ།
    ◆ཨ་རིའི་སིལ་སྤོལ་རྩེད་མཁན་གྲགས་ཅན་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ Enes kanter Freedom ལགས་སུད་སིའི་སྐུ་ཚབ་དོན་ཁང་དུ་མགྲོན་འབོད་གནང་བ།
    ◆ཚེ་རིང་ཆོས་འཛོམས་ལགས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དང་རིག་འཛིན་ཆོས་སྒྲོན་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ།
    ◆སང་ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ པ་དབུ་འཛུགས་གནང་རྒྱུ་ཡིན་པ།
    ◆ཆོས་རིག་ལས་ཁུངས་དང་ས་རཱ་མཐོ་སློབ་ཟུང་འབྲེལ་གྱིས་དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ལས་གཞི་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ།
    14 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༤།༤ Tibet TV Daily News – Apr. 4, 2022
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀངྒ་ར་རྫོང་གི་རྒྱ་གར་དཔོན་རིགས་ཆེ་ཁག་ཚོར་མཇལ་ཁ་སྩལ་བ།
    ◆ ཀངྒ་ར་རྒྱ་གར་དཔོན་རིགས་རྣམ་པས་བོད་མིའི་སྒྲིག་འཛུགས་ལ་འཚམས་གཟིགས་གནང་བ།
    ◆ བོད་ནང་རང་ལོ་ ༨༡ ཡིན་པའི་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བ།
    ◆ བོད་མིའི་སྒྲིག་འཛུགས་ནས་རང་ལུས་མེར་སྲེག་གནང་མཁན་བཀྲ་ཕུན་ལགས་དམ་པ་དེ་ཉིད་ཆེད་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།
    ◆ དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
    ◆ ཀུམ་རའོ་སྒ་པ་གཞིས་ཆགས་ཀྱི་སྐབས་ ༨ པའི་ས་འཐུས་དམ་འབུལ་གྲུབ་པ།
    ◆ ཕྱི་དྲིལ་ལས་ཁུངས་ནས་དེབ་སྐྱེལ་ཞུས་པའི་ཚོགས་པ་(The Tibet Information Society) ཞེས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་བསྐོང་ཚོགས།
    10 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༣༡ Tibet TV Daily News – March 31, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༣༡ Tibet TV Daily News – March 31, 2022
    ◆བོད་ནང་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེག་གནང་བའི་ཛ་དྲག་གནས་ཚུལ་ཞིག་ཐོན་པ།
    ◆གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་རྟོག་ཞིབ་སླད་བོད་མིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་འཛུགས་རྒྱུ་དང་། སྣར་ཐང་པར་ཁང་སྒོ་རྒྱག་མི་དགོས་པ་སོགས་དང་འབྲེལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པའི་ཐོག་བགྲོ་གླེང་གནང་བ།
    ◆བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ པ་དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པར་སྲུང་བརྩི་ཞུ་གཏན་འཁེལ་བ།
    10 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༣༠ Tibet TV Daily News – March 30, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༣༠ Tibet TV Daily News – March 30, 2022
    ◆བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཇར་མན་རོགས་ཚོགས་ཀྱི་ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མཆོག་ལ་གསོལ་སྟོན་དང་རིག་གཞུང་འཁྲབ་སྟོན་གོ་སྒྲིག་ཞུས་པ།
    ◆ཤེས་རིག་བཀའ་བློན་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐོག་ལྷན་ཞུགས་གནང་བ།
    ◆ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་Cape town དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་འགྲེམས་སྟོན་གནང་བཞིན་པ།
    ◆བསྟན་འཛིན་རིན་ཆེན་ལགས་ཀྱིས་བསྟན་འཛིན་སྒང་ས་གནས་འགོ་འཛིན་གྱི་ལས་ཁུར་འགོ་འཛུགས་གནང་བ།
    7 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༢༩ Tibet TV Daily News – March 29, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༢༩ Tibet TV Daily News – March 29, 2022
    ◆བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་མ་ཟད། སྐུ་གདུང་བཞུགས་འབུལ་སྐབས་ས་གནས་སུ་རྒྱ་ནག་གཞུང་གིས་བཀག་སྡོམ་ཤུགས་ཆེ་བྱས་པ།
    ◆དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་བཀའ་ཤག་གི་ངོས་ནས་ཆབ་སྲིད་དང་། འཛིན་སྐྱོང་། སྤྱི་ཚོགས་བཅས་ཀྱི་ལས་དོན་གནང་ཕྱོགས་སྐོར་སྙན་གསེང་ཞུས་པ།
    ◆ཐའེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བ།
    ◆ཨ་རི་བོད་ཀྱི་ཐེབས་རྩའི་འགན་འཛིན་དང་འགན་འཛིན་གཞོན་པ་ནང་སྲིད་ལས་ཁུངས་སུ་ཆེད་ཕེབས་གནང་བ།
    11 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༢༤ Tibet TV Daily News – March 24, 2022
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༢།༠༣།༢༤ Tibet TV Daily News – March 24, 2022
    ◆འཛམ་གླིང་ཊི་སྦི་ཉིན་མོ་སྲུང་བརྩི་ཞུས་པ།
    ◆རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་བོད་ལ་མ་ཕེབས་པ་ཡིན་ན་རྒྱ་ནག་སོགས་ས་ཁུལ་ཁག་གི་འཚམས་གཟིགས་དེ་ཆ་མ་ཚང་བ་ཞིག་ཆགས་རྒྱུ་ཡིན་ཞེས་གསུང་པ།
    ◆རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་གནང་བ།
    ◆ལྡི་ལི་ས་གནས་འགོ་འཛིན་གྱིས་གསར་དུ་བསྐྱར་གསོ་ཞུས་པའི་བོད་མིའི་འཕྲོད་བསྟེན་སྨན་ཁང་དབུ་འབྱེད་གནང་བ།
    10 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.