ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༡༠།༠༣𝑻𝒊𝒃𝒆𝒕 𝑻𝒉𝒊𝒔 𝑾𝒆𝒆𝒌 (Tibetan)- October.03,2025
    བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༡༠།༠༣𝑻𝒊𝒃𝒆𝒕 𝑻𝒉𝒊𝒔 𝑾𝒆𝒆𝒌 (Tibetan)- October.03,2025
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།
    ◆ ༧སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༠ ཐོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གསུང་འདོན་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ།
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་ས་ཨོ་ཊ་ཝར་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་དང་། རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་བ།
    ◆ བདམས་ཐོན་བྱུང་བའི་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ།
    ◆ བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷཾན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པ།
    ◆ སིམ་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་དང་མགོན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་བ།
    ◆ སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་རྣམ་གཉིས་ནས་ལ་དྭགས་གླེ་བྱང་གཉིས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།
    ◆ ཉི་འོང་དུ་རྒྱའི་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་སྐུ་ཚབ་ཐུན་མོང་ནས་རྒྱ་ནག་གཞུང་གིས་དྲག་གནོན་ལ་ངོ་རྒོལ་གྱི་ཚོགས་འདུ་བསྐོང་ཚོགས་གནང་བ།
    ◆ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv #weeklynews
    14 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༠།༠༡ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔–October.01, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༠།༠༡ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔–October.01, 2025
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མི་མང་ལ་ཆོས་འབྲེལ་དང་། ཨོ་གླིང་དང་ཡུ་རོབ་བོད་རིགས་སྤྱི་མཐུན་ཚོགས་པ། བོད་ཀྱི་གཞོན་ལྷན་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།
    ◆ བདམས་ཐོན་བྱུང་བའི་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ།
    ◆ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་གནང་བ།
    ◆ ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་བཞུགས་སྒར་དུ་བོད་ཀྱི་ལོ་ཙཱ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།
    ◆ ཉི་འོང་དུ་རྒྱའི་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་སྐུ་ཚབ་ཐུན་མོང་ནས་རྒྱ་ནག་གཞུང་གིས་དྲག་གནོན་ལ་ངོ་རྒོལ་གྱི་ཚོགས་འདུ་བསྐོང་ཚོགས་གནང་བ།
    ◆ སྟག་འཚེར་སྒྲ་བརྙན་འཛིན་གྲྭ་ཆེད་གཉེར་གནང་མཁན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་སུ་ཨ་སྒོར་སྟོང་ཕྲག་བཅོ་ལྔ་ཞལ་འདེབས་ཕུལ་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
    13 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༣༠ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.30, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༣༠ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.30, 2025
    ◆ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་འཚབ་གནང་བ།
    ◆ རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པས་ཧྥ་རན་སིའི་འགྲེམས་སྟོན་ཁང་གིས་བོད་ལ་ཡོངས་གྲགས་སུ་ Tibet ཞེས་པའི་ཐ་སྙད་དེའི་ཚབ་ཏུ་ཤི་ཙང་ཟེར་བ་བེད་སྤྱོད་བཏང་བར་ཐུགས་འཚབ་གནང་བ།
    ◆ ཨོ་ཊ་ཝ་ནས་ཀྲོ་རོན་ཊོ་བར་གྱི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ལས་འགུལ་ཐེངས་དྲུག་པ་དེ་མཇུག་སྒྲིལ་བ།
    ◆ བལ་ཡུལ་ར་སུ་ཝ་དང་སྦིར་ཅོན་ཏ་ར། སྦན་ད་ར་ནོར་རྒྱས་གླིང་བཅས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ཀྱིས་དམ་འབུལ་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
    8 min
  • འཛམ་གླིང་སྙིང་གི་ཉིན་མོ།
    ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ལོ་ལྟར་རྒྱལ་སྤྱི་དང་ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འཛམ་གླིང་སྙིང་གི་ཉིན་མོ་སྲུང་བརྩི་ཞུ་བའི་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་ཡོད་སྟབས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་གསོ་རིག་སྨན་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་འཇིགས་མེད་སྐལ་བཟང་ལགས་རྣམས་གཉིས་ལ་སྙིང་ནད་གཞི་དང་འབྲེལ་བཅར་འདྲི།
    30 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༢༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.29, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༢༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.29, 2025
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།
    ◆ བྱམས་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རབས་ ༡༠༤ པ་༧སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་དང་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།
    ◆ སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་རྣམ་གཉིས་ནས་ཤྲཱི་ན་གར་དང་དཀར་འཁྱིལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
    ◆ འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་གསར་དུ་བསྐོ་གཞག་བྱུང་བའི་ཀཱང་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་མཆོག་དང་མཇལ་འཕྲད་གནང་བ།
    ◆ སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་ནས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།
    ◆ ཨིན་ཡུལ་གྱི་ Bournemouth གྲོང་ཁྱེར་དུ་ཚོགས་པའི་གུ་ཡངས་མང་གཙོ་ཆབ་སྲིད་ཚོགས་པའི་ལྷན་ཚོགས་ཐོག་ཨིན་ཡུལ་སྐུ་ཚབ་དོན་ཁང་མཉམ་ཞུགས་ཀྱིས་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་བ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
    12 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༢༥ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.25, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༢༥ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.25, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་ཁེ་ན་ཌར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
    ◆ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཨོ་གླིང་གཞུང་ནས་རྒྱ་ནག་གཞུང་གིས་༧རྒྱལ་བའི་ཡང་སྲིད་ཀྱི་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་དང་། བོད་མིའི་སྐུ་ཚབ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསལ་འདོན་གནང་བ།
    ◆ ཧྥ་རན་སིིའི་གྲོས་ཚོགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
    ◆ སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་ལགས་ཨིན་ཡུལ་གྱི་ Bournemouth གྲོང་ཁྱེར་དུ་ཡོད་པའི་གཟའ་མཇུག་བོད་ཡིག་སློབ་གྲྭར་འཚམས་གཟིགས་གནང་བ།
    ◆ ཡུ་རོབ་གྲོས་ཚོགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་གསོལ་སྩལ་གནང་བའི་མང་གཙོ་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
    8 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༡༩ 𝑻𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– Sept.19,2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༩།༡༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.19, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ།
    ◆ ཆོས་རིག་ལས་ཁུངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
    ◆ སེར་བྱེས་མཁས་སྙན་གྲྭ་ཚང་གི་བྱ་བྲལ་ཁང་ཚན་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་གོ་སྒྲིག་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
    9 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར།། ༢༠༢༥།༩།༢༣ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– September.23, 2025
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཡུལ་ལུང་སོོ་སོའི་རིག་གཞུང་འཁྲབ་སྟོན་ལམ་ནས་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
    ◆ འབྲི་གུང་མཁན་ཆེན་རང་གྲོལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཉན་ཡོད་དུ་ཐེངས་གསུམ་པའི་དབྱར་གནས་ཀྱི་བྱེད་སྒོ་དགག་དབྱེ་དང་བཅས་པ་མཐའ་དག་ལེགས་གྲུབ་བྱུང་བ།
    ◆ སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་རྣམ་གཉིས་ལ་དྭགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
    ◆ ཨི་ཊ་ལིར་བོད་ཀྱི་དུས་སྟོན་དང་ཨ་རིར་བོད་ཀྱི་ཉིན་མོ་སྲུང་བརྩི། དེ་བཞིན་ཨོ་གླིང་དུ་རིག་རྩལ་འགྲན་ཚོགས་གོ་སྒྲིག་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
    https://ghoton.net https://hhthedalailama90.net
    #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv #weeklynews
    11 min
  • བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༩།༡༩𝑻𝒊𝒃𝒆𝒕 𝑻𝒉𝒊𝒔 𝑾𝒆𝒆𝒌 (Tibetan)- September.19,2025
    བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༩།༡༩𝑻𝒊𝒃𝒆𝒕 𝑻𝒉𝒊𝒔 𝑾𝒆𝒆𝒌 (Tibetan)- September.19,2025
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་སྐྱེས་སྐར་ལ་འཚམས་འདྲི་མཛད་པ།
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིིའི་སྒྲིག་འཛུགས་ནས་ལྕམ་སྐུ་ Sushila Karki མཆོག་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་མཛད་པ།
    ◆ དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ C.P Radhakrishnan མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།
    ◆ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་མཇུག་སྒྲིལ་བ།
    ◆ བཞུགས་སྒར་དུ་བརྟན་བཞུགས་བསྟར་འབུལ་ཞུ་བར་ཕེབས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པའི་མཐུན་ཚོགས་དང་དགོན་པ་ཁག་གི་གཙོ་འཛིན་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་གུང་ཚིགས་འདེགས་འབུལ་ཞུས་པ།
    ◆ བཞུགས་སྒར་དུ་ཕེབས་པའི་ཧྥ་རན་སིའི་ AET རོགས་ཚོགས་ཀྱི་ཚོགས་མི་རྣམ་པས་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་མཇལ་འཕྲད་གནང་བ།
    ◆ རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པས་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་དང་། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ལ་ཉེས་མེད་ཉེས་འགེལ་གྱིས་བཙོན་འཇུག་དང་གདུང་རྡེག་མནར་གཅོད་བཏང་བའི་སྐོར་རྒྱ་ནག་གཞུང་ལ་འདྲི་རྩད་གནང་བ།
    ◆ སུད་སིི་གྲོས་ཚོགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
    https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl
    https://ghoton.net/ https://hhthedalailama90.net/
    #dalailama #yearofcompassion #90thbirthday #compassionRevolution
    #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
    14 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.