ctatibettv

ctatibettv

By ctatibettvTV & Film
Download on the App Store

ctatibettv episodes

  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༩ Tibet TV Daily News – May.29, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༩ Tibet TV Daily News – May.29, 2025
    ◆ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པའི་ཐོག་མཉམ་ཞུགས་སླད་ཉི་འོང་གི་རྒྱལ་སར་ཕེབས་འབྱོར་བྱུང་བ།
    ◆ ཁེ་ན་ཌའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་རྣམ་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགོངས་ཚིགས་འདེགས་འབུལ་ཞུས་པ།
    ◆ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་རྒྱ་ནག་གཞུང་གིས་བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བ།
    ◆ སུ་ཇྰ་བོད་ཁྱིམ་དུ་ཁང་ཚན་ནང་ཁུལ་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ལམ་ནས་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པའི་མཛད་སྒོར་ཆོས་རིག་དྲུང་ཆེ་ཕེབས་ཞུགས་གནང་བ།
    ◆ ཀོ་ལི་གྷལ་དོན་ལྡན་གླིང་གི་ས་གནས་འཐུས་ཚོགས་སྐབས་ ༡༢ པའི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ།
    9 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༨ Tibet TV Daily News – May.28, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༨ Tibet TV Daily News – May.28, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་བར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཀྱིས་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་བ།
    ◆ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་ཉི་འོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
    ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་ཕེབས་ཞུགས་གནང་བ།
    ◆ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཡོངས་སུ་ལེགས་གྲུབ་བྱུང་བ།
    9 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༧ Tibet TV Daily News – May.27, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༧ Tibet TV Daily News – May.27, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀེལ་གྷེ་རིར་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ།
    ◆ སྐམ་ཁབ་དང་གསོ་རིག་འཇམ་དཔྱད་ཀྱི་ཟབ་སྦྱོང་དང་སྐར་རྩིས་ལག་ལེན་གྱི་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཕེབས་ཞུགས་གནང་བ།
    ◆ པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཧྥ་རན་སི་བོད་རིགས་ས་གནས་ཁག་ཅིག་ཏུ་ཆེད་ཕེབས་ཀྱིས་དང་བླངས་དཔྱ་དངུལ་བསྡུ་ལེན་གནང་བ།
    8 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༦ Tibet TV Daily News – May.26, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༦ Tibet TV Daily News – May.26, 2025
    ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།
    ◆ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ནས་བསུ་ན་མདའ་བཀྲ་ཤིས་གླིང་དང་རྡོ་རྗེ་གླིང་དུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།
    ◆ སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།
    ◆ སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཇར་མན་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།
    ◆ ཆོས་རིག་ལས་ཁུངས་ནས་ཟླ་དྲུག་ཟབ་ཁྲིད་ཐེངས་བཅུ་གཉིས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས་སྤེལ་བ།
    7 min
  • བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༠༥།༢༣ Tibet This Week (Tibetan)- May 23, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་ནང་གི་གཞུང་འབྲེལ་འཚམས་གཟིགས།
    ◆ འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་མྱུར་གློད་བཀྲོལ་དགོས་པའི་ཞབས་སྐུལ།
    ◆ དཔལ་ལྡན་སྲིད་ཚབ་མཆོག་གིས་བཞུགས་སྒར་དུ་ཕེབས་པའི་ཧིན་རྡུའི་ཆོས་ལུགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད།
    ◆ བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་མཇུག་སྒྲིལ་བ།
    ◆ སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།
    ◆ (Scotland)སི་ཀོཊ་ལེནྜ་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་བྱས་པའི་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་གསལ་སྟོན་གནང་བ།
    14 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༢ Tibet TV Daily News – May.22, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༢ Tibet TV Daily News – May.22, 2025
    ◆ དཔལ་ལྡན་སྲིད་ཚབ་མཆོག་གིས་བཞུགས་སྒར་དུ་ཕེབས་པའི་རྒྱ་གར་ཧིན་རྡུའི་ཆོས་ལུགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།
    ◆ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་དབུ་འཛུགས་གནང་བ།
    ◆ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།
    ◆ བོད་སློབ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་དབུ་འཛུགས་གནང་བ།
    7 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༡ Tibet TV Daily News – May.21, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༡ Tibet TV Daily News – May.21, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་བ།
    ◆ ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་ལྷ་མོ་འཁྲབ་སྟོན་གནང་མཁན་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུའི་ཆོད་སེམས་དང་། རྩ་ཆེའི་རིག་གཞུང་ལ་གཅེས་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་གྱི་རིག་གནས་འདི་ཉིད་མི་ཉམས་རྒྱུན་འཛིན་གནང་བཞིན་པར་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ།
    ◆ སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་ནས་བལ་ཡུལ་ར་སུ་ཝ་དགེ་རྒྱས་གླིང་དུ་འཚམས་གཟིགས་གནང་བ།
    ◆ བསྟན་འཛིན་ཚངས་པ་ལགས་ཀྱིས་སྦན་ད་ར་ས་གནས་འགོ་འཛིན་གྱི་ལས་འཁུར་རྩིས་བཞེས་གནང་བ།
    10 min
  • བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༠ Tibet TV Daily News – May.20, 2025
    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༢༠ Tibet TV Daily News – May.20, 2025
    ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་ Belleville-Trenton དུ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་བ།
    ◆ བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་མཇུག་སྒྲིལ་བ།
    ◆ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་དང་བསྟུན་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་དྲི་བ་གསུམ་ཅན་གྱི་ཡིག་འབྲེལ་ཞིག་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གི་གཙོ་འཛིན་མཆོག་ལ་ཕུལ་བ།
    ◆ སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་ནས་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་དུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།
    8 min

About ctatibettv

From the publisher's feed

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community.