བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༧།༣༡ Tibet TV Daily News July ,31 2023
◆སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སྟོག་གྲོང་གསེབ་ཏུ་ཆིབས་བསྒྱུར་གྱིས་མང་ཚོགས་ལ་ནང་པའི་ཆོས་ལ་དད་པ་ཙམ་མ་ཡིན་པར་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་སྩལ་བ།
◆དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Arif Virani མཆོག་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་བྱུང་བར་འཚམས་འདྲི་ཞུས་པ།
◆དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་བ།
◆འཕགས་ཡུལ་སྔ་འགྱུར་ཤར་རྒྱལ་བ་ཀཿཐོག་པའི་བསྟན་པའི་མངའ་བདག་ཆོས་རྗེ་དམ་པ་བདེ་བར་གཤེགས་པ་འཇིག་རྟེན་ཁམས་འདིར་བྱོན་ནས་མི་ལོ་ ༩༠༠ འཁོར་བའི་དུས་དྲན་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་ཕེབས་ཞུགས་གནང་བ།
◆ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་ཇི་ཡོད་ཕྱི་ཟླ་ ༩ ཚེས་ ༢ མང་གཙོ་དུས་ཆེན་བར་ཚོགས་དྲུང་ལས་ཁུངས་སུ་འབུལ་ཟིན་པ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ།
◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
◆ བལ་ཡུལ་གློ་བོ་ཚེ་རོགས་གཞིས་ཆགས་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།