རེས་གཟའ་པ་སངས་ཉིན་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐོག་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་གཉིས་དངོས་སུ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། དེ་ནི་རྒྱ་དཀར་ནག་གཉིས་བར་ས་མཚམས་ཐད་རྩོད་རྙོག་བྱུང་རྗེས་མགོ་ཁྲིད་གཉིས་ཐེངས་དང་པོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས་ཡོད།