Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
August 18, 2022མཚོ་སྔོན་གསེར་ཁོག་རྫོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་བྱུང་འདུག - ཟླ་བ་བརྒྱད་པ། ༡༩, ༢༠༢༢གཟའ་ལྷག་པའི་ཉིན་བོད་ཤར་ཕྱོགས་ཟི་ལིང་གྲོང་ཁྱེར་གྱི་ཁོངས་གཏོགས་གསེར་ཁོག་རྫོང་དུ་དྲག་ཆར་བབས་ཏེ་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་སྐྱོན་འོག་ཉུང་མཐར་ཡང་མི་༡༦ རྐྱེན་འདས་སུ་ཕྱིན་པ་དང་ །མི་༣༧གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་རྒྱལ་མཚན་ཆོས་གྲགས་ཀྱིས་སྙན་སྒྲོན་ཞུས་ཡོད།4 minPlay
August 18, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་བརྒྱད་པ། ༡༨, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
August 17, 2022ཤིན་ཅང་ནང་མི་མང་ལ་བཙན་བཤེད་ཀྱི་སྒོ་ནས་ངལ་སྩོལ་བསྐུལ་ཀྱི་ཡོད་པའི་ར་འཕྲོད། - ཟླ་བ་བརྒྱད་པ། ༡༨, ༢༠༢༢༄༅། །འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྲན་གཡོག་གནད་དོན་ཐད་ཀྱི་ཆེད་ལས་མཁས་པས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིན་ཅང་ནང་མི་མང་ལ་བཙན་བཤེད་ཀྱི་སྒོ་ནས་ངལ་སྩོལ་བསྐུལ་ཀྱི་ཡོད་པའི་གནས་ཚུལ་རྣམས་འདེང་འཇོག་འོས་པ་ཡིན་ལུགས་བརྗོད་ཡོད་པའི་སྙན་སྒྲོན་ཞུ་ཡི་རེད།།4 minPlay
August 17, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་བརྒྱད་པ། ༡༧, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
August 16, 2022ལྷོ་ཀོ་རི་ཡ་དང་ཨ་རི། ཉི་ཧོང་བཅས་ཟུང་འབྲེལ་གྱིས་མེ་ཤུགས་འཕུར་མདའི་དམག་སྦྱོང་། - ཟླ་བ་བརྒྱད་པ། ༡༧, ༢༠༢༢༄༅།། ཨ་མི་རི་ཁ་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཟུང་འབྲེལ་གྱིས་གཟའ་འཁོར་སྔོན་མར་ཨ་རིའི་གླིང་ཕྲན་ཧ་ཝ་ཡེ་ཡི་མཚོ་ཁའི་ཉེ་ཁུལ་དུ་མེ་ཤུགས་འཕུར་མདའི་སྲུང་སྐྱོབས་དམག་སྦྱོང་བྱས་ཡོད་པ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་གནང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།4 minPlay
August 16, 2022ཐེ་ཝན་གྱིས་རྒྱ་ནག་ནས་དམག་དོན་གྱི་དྲིལ་བསྒྲགས་རྫུན་མ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད། - ཟླ་བ་བརྒྱད་པ། ༡༧, ༢༠༢༢༄༅། །ཐེ་ཝན་གྱིས་རྒྱ་ནག་གིས་དམག་དོན༌དྲིལ་བསྒྲགས་རྫུན་བཟོ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་པ་དང་། ཡང་རྒྱ་ནག་གིས་ཐེ་ཝན་གཞུང་འཛིན་མི་སྣ་༧ ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་བྱས་པའི༌སྐོར་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།4 minPlay
August 16, 2022ཁེརཡེ་མི་ཡའི་ནང་རྟེན་གཞི་བྱས་པའི་ཨུ་རུ་སུའི་དམག་སྒར་ཞིག་ལ་གཏོར་རྒོལ། - ཟླ་བ་བརྒྱད་པ། ༡༧, ༢༠༢༢༄༅། །གཟའ་མིག་དམར་ཉིན་དེ་སྔ་ཨུ་རུ་སུས་བཙན་བཟུང་བྱས་པའི་ཁེརཡེ་མི་ཡའི་ནང་རྟེན་གཞི་བྱས་པའི་ཨུ་རུ་སུའི་དམག་སྒར་ཞིག་ལ་གཏོར་རྒོལ་འཚབ་ཆེ་བྱུང་བ་དེས་ཡུཀ་རེན་གྱིས་ཕར་རྒོལ་ཤུགས་ཆེ་བྱེད་འགོ་ཚུགས་སྲིད་པའི་སྐོར་ པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།5 minPlay
August 16, 2022བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕྱིན་པའི་ཐད་རྒྱལ་ཁབ་གཉིས་ཀྱི་བསྒྲགས་གཏམ་ལ་ཁྱད་པར་ཤོར། - ཟླ་བ་བརྒྱད་པ། ༡༧, ༢༠༢༢གཟའ་འཁོར་སྔོན་མར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་རྒྱལ་དོན་འཚམས་འདྲིར་ཕྱིན་ནས་ཕྱིར་ལོག་པའི་རྗེས་སུ། བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་དེ་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་ཡོད་པའི་ནང་དོན་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པའི་གནས་ཚུལ་ཀུན་བཟང་སྒྲོལ་མས་སྙན་སྒྲོན་ཞུས་ཡོད།4 minPlay
August 16, 2022རྒྱ་ནག་གི་སོ་མྱུལ་བར་དོགས་པའི་དམག་གྲུ་ཞིག་སིངྒ་ལའི་གྲུ་ཁར་འབྱོར་བ། - ཟླ་བ་བརྒྱད་པ། ༡༧, ༢༠༢༢རྒྱ་ནག་གི་སོ་མྱུལ་བ་ཡིན་པར་དོགས་པའི་དམག་གྲུ་ཞིག་གི་ཐད་ཨ་རི་དང་རྒྱ་གར་གྱིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ནའང་། སིངྒ་ལས་དེ་ལ་ཡ་མེད་ཀྱིས་ཁོ་ཚོའི་གྲུ་ཁ་ཞིག་ཏུ་རྒྱ་ནག་གི་དམག་གྲུ་དེ་ཉིན་ཤས་རིང་སྡོད་དུ་བཅུག་ཡོད་པའི་གནས་ཚུལ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས་ཡོད།5 minPlay
August 16, 2022རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིག་ཐེངས་དང་པོར་འབར་མར་འཚམས་གཟིགས་སུ་ཕེབས། - ཟླ་བ་བརྒྱད་པ། ༡༧, ༢༠༢༢གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཞིག་འབར་མར་འཚམས་གཟིགས་ལ་ཕེབས་ཡོད་པ་དང་། དེ་ནི་འབར་མའི་ཁྲིམས་ཁང་ཞིག་གིས་ལྕམ་ཨང་སིན་སུའུ་ཅིས་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཁྲིམས་ཆད་བཅད་མ་ཐག་པའི་དུས་སྐབས་ལ་འཁེལ་ཡོད་པ་སོགས་ཀྱི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས་ཡོད།4 minPlay