འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༡༩ - ཟླ་བ་བདུན་པ། ༡༩, ༢༠༢༡
    ཐེ་ལན་ཊི་རྒྱལ་ཁབ་དུ་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་མི་གྲངས་མང་རུ་འགྲོ་བཞིན་པར་བརྟེན་ནས་མི་རྣམས་ཀྱི་འགྲོ་འོང་བཀག་སྡོམ་སོགས་ཀྱི་སྒྲིག་སྲོལ་དམ་རུ་གཏོང་དགོས་པའི་ཉེན་བརྡ་བཏང་འདུག ཉི་ཧོང་དུ་རིམས་འགོག་གི་སྒྲིག་སྲོལ་དམ་པོའི་འོག་ཏུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འཚོགས་རྒྱུར་གྲ་སྒྲིག་བྱས་ཡོད་པ།
    ཨ་རིའི་འབྱོར་ལྡན་ཚོང་བ་བྷས་བཟོ་གཙོས་པའི་མི་ཁག་ཅིག་ནས་མཁའ་དབྱིངས་སུ་དམིགས་བསལ་འཕུར་སྐྱོད་ཞིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ། འཇར་མན་སོགས་ཡོ་རོབ་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་ནས་མི་མང་པོར་འཆི་སྐྱོན་བྱུང་བ་དང་། ཆེས་མཐོའི་མགོ་ཁྲིད་དག་གིས་ཡུལ་དངོས་སུ་གཟིགས་ཞིབ་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༡༨ - ཟླ་བ་བདུན་པ། ༡༨, ༢༠༢༡
    བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་འགོ་འཁྲིད་འོག་ཏུ་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་བརྩི་བྱས་ཤིང་།རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
    བལ་ཡུལ་ཉེན་རྟོག་པས་འཕགས་པ་ཤིང་ཀུན་ཏུ་ཡོད་པའི་ས་གནས་བོད་མིའི་རང་བདེན་ཚོགས་ཆུང་གི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུར་བཀག་འགོག་བྱས་ཡོད་པ།
    མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཁེའུ་པ་གཞུང་གིས་འཛིན་བཟུང་བྱས་པའི་ངོ་རྒོལ་ལས་འགུལ་བ་དང་གསར་འགོད་པ་སོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ། ཧོང་ཀོང་བའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་བསྐྱལ་བའི་དབང་གིས་ཨ་རིའི་གཞུང་གིས་རྒྱ་ནག་གི་འབྲེལ་ཡོད་མགོ་ཁྲིད་ཁག་ཅིག་ལ་ཉེས་ཆད་བཅད་ཡོད་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༡༧ - ཟླ་བ་བདུན་པ། ༡༧, ༢༠༢༡
    རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཆེས་མཐོའི་ཚོགས་ཆེན་དེ་ཕྱི་ཟླ་བདུན་པའི་ཚེས་བཅུ་གསུམ་ནས་ཚེས་བཅོ་ལྔའི་ཉིན་བར་དུ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་ཡོད་པ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་རྒྱུ་དེར་རྒྱ་ནག་གཞུང་གིས་རོགས་འདེགས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ། ཧོང་ཀོང་སློབ་ཆེན་གྱི་སློབ་མའི་ཚོགས་པའི་རང་བདག་གི་དབང་ཆར་འཛིན་སྐྱོང་གཞུང་དང་ཉེན་རྟོག་སྡེ་ཚན་གྱིས་དོ་ཕོག་བཟོ་བཞིན་པ།
    ཉེ་ཆར་ཕ་ཁི་སི་ཐན་གྱི་འགས་གཏོར་དོན་རྐྱེན་ཞིག་གི་ཁྲོད་དུ་རྒྱ་ནག་དང་ཕ་ཁི་ས་ཐན་གྱི་མི་བཅུ་གྲངས་ཤིག་རྐྱེན་འདས་སུ་ཕྱིན་པ་ནི་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བར་ངོས་འཛིན་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༧་ཚེས་༡༦། - ཟླ་བ་བདུན་པ། ༡༦, ༢༠༢༡
    ༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ནས་བོད་པ་༤་འཛིན་བཟུང་།
    འཇར་མན་ཎིར་ཆུ་ལོག་གི་གནོད་འཚེ་ཕོག
    ཨ་རིར་རོགས་པ་བྱེད་མཁན་ཨབ་ཧན་རྣམས་ཨ་རིར་ལེན་རྒྱུ།
    ཀུ་པའི་གཞུང་གིས་བཟའ་བཅའ་དང་སྨན་ལ་དམ་དྲག་ཕྱིར་འཐེན།
    བལ་ཡུལ་དུ་སྦྲུམ་མ་ཚོར་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་།
    རྒྱ་གར་དང་བལ་ཡུལ་དུ་བོད་པ་༡༤༨་ལ་ནད་དུག་འགོས།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༧་ཚེས་༡༥། - ཟླ་བ་བདུན་པ། ༡༥, ༢༠༢༡
    ཧོང་ཀོང་བ་སྟོང་ཕྲག་མང་པོ་དབྱིན་ཡུལ་དུ་གནས་སྤོར།
    བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་འབྱུང་སྲིད་པའི་རྟགས་མཚན།
    འབར་མའི་གནད་དོན་དང་རྒྱ་ནག་གི་མཚོ་ཁོངས་བདག་དབང་ཧམ་རྩོད།
    ཨ་རྒྱའི་འགྲན་རྩོད་འོག་ཐེ་ཝན་ལ་ཉེན་ཁ།
    ཨིན་རྡུ་ནེ་ཤི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༡༤ - ཟླ་བ་བདུན་པ། ༡༤, ༢༠༢༡
    ཨ་རིིའི་མངའ་སྡེ་བུར་ཇི་ནིས་ཡ་ནས་ཡིན་པའི་སྐྱེས་མ་ ཨོའུ་གཟི་ར་ གཟའ་ཡྰ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་འཇོག་བྱ་སྲིད་པའི་ཚོད་དཔག་བྱེད་བཞིན་པ། རྒྱ་གར་གྱི་སྲིད་བློན་མོ་རྡིས་ཡིས་རྒྱ་གར་བ་རྣམས་ལ་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་ཁག་ཏུ་མི་ཚོགས་འདུ་འཛོམས་བྱེད་མི་ཉན་པ་དང་། འགོག་སྨན་མ་བརྒྱབ་བར་དུ་རིམས་ནད་ལ་འཛེམ་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ།
    ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་མ་འོངས་བར་འཛམ་གླིང་སྟེང་བཟའ་འབྲུའི་མི་འདང་བའི་དཀའ་ངལ་ལ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་པ། མ་འོངས་བའི་ཉིན་བཅུའི་རྗེས་ནས་ཉི་ཧོང་གི་རྒྱལ་ས་ཐོ་ཁེ་ཨོ་རུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འཚོགས་བཞིན་པར་ཉི་ཧོང་གིས་རིམས་འགོག་གི་གྲ་སྒྲིག་གང་ལེགས་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༧་ཚེས་༡༣། - ཟླ་བ་བདུན་པ། ༡༣, ༢༠༢༡
    རྡ་སར་ཆུ་ལོག་བརྒྱུགས་ཀྱང་བོད་པ་ཚོར་གནོད་འཚེ་ཕོག་མེད་པ།
    ཀྲོག་ཁིའི་ལ་ཛ་དྲག་གསར་པ་ཞིག་འགོ་འཛུགས།
    ཨ་རིར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་འགྲོ་ཉེན།
    བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གྲོས་ཚོགས་སླར་གསོ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༧་ཚེས་༡༢། - ཟླ་བ་བདུན་པ། ༡༢, ༢༠༢༡
    ཡེ་ཤོས་ཁེ་ཐོ་ལེག་གི་བླ་ཆེན་Pope Francis སྨན་བཅོས་ཚར་རྗེས། རྒྱལ་ཁབ་ཁག་ནང་ཡོངས་ཁྱབ་འཕྲོད་བསྟེན་ལམ་ལུགས་ལག་ལྟར་དགོས་པའི་རེ་འདུན་སྟོན་ཡོད་པའི་སྐོར་དང་། ཏ་ལེས་བྷན་གྱིས་རྒྱ་ནག་གྲོགས་པོ་ཡིན་བརྗོད་པ་དང་ཨཧྥི་གྷན་ནི་སི་ཐན་ནང་ཝེས་གུར་བ་སྡོད་བཅུག་རྒྱུ་མིན་པའི་སྐད་ཆ་བཤད་ཡོད་པའི་སྐོར། ཧོང་ཀོང་གི་མང་གཙོའི་ལས་འགུལ་ཚོགས་པ་ཞིག་གིས་ཁོང་ཚོའི་ལས་ཁུངས་ཆུང་དུ་གཏོང་གི་ཡོད་བརྗོད་པའི་སྐོར། འགོག་སྨན་བཟོ་ཚོང་ཁང་ཧྥའེ་ཟྷར་གྱིས་ཨ་རིའི་སྲིད་གཞུང་དང་མཉམ་དུ་འགོག་སྨན་ཐུན་གསུམ་པ་ཞིག་རྒྱག་དགོས་མིན་སྐད་ཆ་ཤོད་རྒྱུ་ཡིན་པའི་སྐོར། ཏོག་དབྱིབས་རིམས་ནད་ཀྱི་རྣམ་པ་འགྱུར་བའི་རིམས་ང་པ་རྒྱལ་ཁབ་༡༠༠་ནང་ཁྱབ་ནས་འཛམ་གླིང་འཕྲོད་ཚོགས་ཀྱིས་བློ་ཚབ་བྱེད་ཀྱི་ཡོད་པའི་སྐོར། འབར་མའི་ནང་བློ་བུར་ཁོ་ཝེ་ཌི་༡༩འི་རིམས་ནད་ཁྱབ་ནས་དབུག་བསུ་མི་འདངས་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་སོགས་སྙན་སྒྲོན་ཞུ་རྒྱུ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༡༡ - ཟླ་བ་བདུན་པ། ༡༡, ༢༠༢༡
    བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམར་ཤོག་ཚོགས་པ་བཙུགས་པའི་དུས་སྟོན་དང་བསྟུན་ནས་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་སོགས་ལྷོད་ཡང་དུ་གཏོང་བཞིན་ཡོད་ནའང་། གྲོང་གསེབ་ཁག་ཏུ་དུས་སྟོན་འཚོགས་རྒྱུ་གཞི་ནས་མགོ་བཙུགས་ཡོད་པ། ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དམིགས་ནས་ཉིས་སྟོང་ཉེར་གཉིས་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཡོ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་སོགས་མཉམ་ཞུགས་མི་བྱ་རྒྱུའི་ཆེད་དུ་མང་མོས་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ། ཡོ་རོ་སི་བས་སུ་རུ་ཡོད་པའི་བོད་ཀྱི་གཞས་པ་ཞིག་གིས་གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་དུས་སྐབས་དང་བསྟུན་ནས་དུས་ཡུན་ཟླ་གཅིག་གི་རིང་རོལ་དབྱངས་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། བལ་ཡུལ་གྲོས་ཚོགས་ཀྱི་གནད་དོན་དང་འབྲེལ་ནས་ཡུལ་དེའི་ཕྱོགས་འགལ་སྲིད་དོན་ཚོགས་དག་གིས་མུ་མཐུད་ནས་ངོ་རྒོལ་སྤེལ་རྩིས་ཡོད་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༡༠ - ཟླ་བ་བདུན་པ། ༡༠, ༢༠༢༡
    ཨ་རིས་འབྲུག་དང་བལ་ཡུལ། ཧིན་རྡི་ཉིས་ཤིས་ཡ་སོགས་རྒྱལ་ཁབ་ཁག་ཅིག་གི་དུ་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་མཁོ་འདོན་བྱས་ཡོད་པ།རྒྱ་ནག་གིས་རྒྱ་གར་ནང་བཞིན་དམག་སྡེའི་ཁོངས་སུ་བོད་པའི་དམག་མིའི་སྡེ་ཚན་ཞིག་བཙུགས་ནས་མ་འོངས་བར་རྒྱ་གར་དང་བོད་ཀྱི་མཐའ་མཚམས་སུ་མངགས་འཆར་ཡོད་པ། ཨ་རིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་དང་འབྲེལ་ནས་རྒྱ་ནག་གི་ཚོང་ལས་སྤྱི་གཉེར་ཁང་བཅུ་གྲངས་ཤིག་ཡང་བསྐྱར་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་མིང་ཐོ་ནག་པོའི་ནང་བཅུག་པ། ཨ་རིའི་དམག་མི་ཨ་ཧྥུ་གྷན་ན་སི་ཐན་ནས་ཕྱིར་འཐེན་བྱེད་བཞིན་པའི་སྐབས་འདིར་ཐ་ལིས་པན་དྲག་སྤྱོད་ཚོགས་པས་ཨ་ཧྥུ་གྷན་ན་སི་ཐན་གྱི་དམག་མིར་འཐབ་འཛིང་བྱས་ཡོད་པའི་གནས་ཚུལ་སོགས་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners