འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༦ཚེས་༢༠ - ཟླ་བ་དྲུག་པ། ༢༠, ༢༠༢༡
    ཨ་རིའི་གཞུང་གིས་སྤྱི་ཟླ་བདུན་པའི་ནང་བར་དུ་ལོ་ན་སོན་པའི་མི་བརྒྱ་ཆའི་བདུན་བཅུ་ལ་འགོག་སྨན་བརྒྱབ་ཚར་རྒྱུའི་དམིགས་ཡུལ་འགྲུབ་ཐུབ་མིན་གྱི་དབང་གིས་མི་རྣམས་ལ་གང་མགྱོགས་ངང་འགོག་སྨན་རྒྱག་དགོས་པའི་འབོད་སྐུལ་བྱེད་བཞིན་པ།
    བལ་ཡུལ་དུ་དེ་སྔ་ནས་ནས་རིམས་འགོག་གི་ཆེད་དུ་མི་རྣམས་ཀྱི་འགྲོ་འོང་བཀག་སྡོམ་བྱས་ཡོད་ནའང་ད་ལྟ་རིམས་ནད་ཁྱབ་ཚད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ།
    མཉམ་འབྲེལ་རྒྱལ་ཚོགས་ནས་འབར་མར་ལྕམ་ཨང་སིན་སུའུ་ཅིས་གཙོས་པའི་ཆབ་སྲིད་བཙོན་མ་རྣམས་གློད་གྲོལ་གཏོང་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ།
    ཨོ་སི་ཁྲི་རི་ལི་ཡ་གཞུང་གིས་རྒྱ་ནག་གིས་ཁོ་ཚོར་ཚོང་དོན་འབྲེལ་ལམ་གྱི་ཐད་འདྲ་མཉམ་མ་བྱས་པའི་གནས་ཚུལ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་སྙན་སེང་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༦ཚེས་༡༩ - ཟླ་བ་དྲུག་པ། ༡༩, ༢༠༢༡
    བོད་ཀྱི་མགོ་ལོག་ས་ཁུལ་དུ་དྲག་ཆར་བབས་ནས་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་འདེམས་ཕྱོགས་སོགས་ཀྱི་ཐད་གསར་འགོད་ལྷན་ཚོགས་འཚོགས་ཡོད་པ། ཞིན་ཅིན་ཕིན་གྱིས་རྒྱལ་ཁབ་འཛིན་སྐྱོང་གི་དབང་ཆ་བཟུང་བའི་རྗེས་སུ་རྒྱ་ནག་གི་འབྱོར་ལྡན་པ་དང་ཁེ་གཉེར་བ་མང་པོ་ཞིག་རྒྱལ་ཁབ་གཞན་ལ་གནས་སྤོ་བྱས་ཡོད་པ། ཨ་རིའི་དམག་སྡེའི་སྤྱི་ཁྱབ་བཀོད་འདོམས་པ་ཞིག་གིས་རྒྱ་ནག་གི་དམག་ཤུགས་གིས་ཐེ་ཝན་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཐུབ་མིན་གྱི་གླེང་སློང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༦་ཚེས་༡༨། - ཟླ་བ་དྲུག་པ། ༡༨, ༢༠༢༡
    ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིམས་གཞི་མཚམས་སྦྱོར།
    ཐེ་ཝན་གྱིས་འགོག་སྨན་ཉོ་རྒྱུར་རྒྱ་ནག་གིས་འགོག་རྐྱེན་བཟོ་བ།
    ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་སྨན་ཁབ་མ་རག་པའི་དཀའ་ངལ།
    ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་གྱི་མཇལ་འཕྲད་དང་གྲུབ་འབྲས།
    ཉི་ཧོང་གིས་རྩེད་འགྲན་དོན་དུ་ནད་ཡམས་བཀག་རྒྱ་ལྷོད་ཡངས།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༥་ཚེས་༧། - ཟླ་བ་དྲུག་པ། ༡༧, ༢༠༢༡
    མགོ་ལོག་གི་ས་ཡོམ་དུས་སུ་མི་༣༧༠༠༠་ལྷག་ལ་གནོད་སྐྱོན་ཕོག་འདུག
    ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱིས་བོད་དོན་གླེང་སློང་།
    བྷ་ཌན་དང་ཕུ་ཊིན་གྱི་མཇལ་འཕྲད་གྲོས་མོལ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༦ཚེས་༡༦ - ཟླ་བ་དྲུག་པ། ༡༦, ༢༠༢༡
    རྒྱ་གར་གྱི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་དྲ་ལམ་བརྒྱུད་བོད་དང་རྒྱ་གར་ས་མཚམས་ཀྱི་དཔའ་བོར་རྗེས་དྲན་ཞེས་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ།
    ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་དྲྭ་ལམ་དུ་བོད་ཀྱི་ཉིན་མོ་སྲུང་བརྩི་བྱས་ཡོད་པ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གིས་ཡུ་གུར་བའི་རིགས་རྒྱུད་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཐད་ཞིབ་འཇུག་བྱ་རྒྱུའི་ཁྲིམས་ཞིབ་ལྷན་ཚོགས་ཤིག་བཙུགས་ཡོད་པར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བས་བསྔགས་བརྗོད་གནང་ཡོད་པ། ཨ་རིའི་སྲིད་འཛིན་བྷད་ཌན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་གཟའ་ལྷག་པའི་ཉིན་མོར་སུད་སིའི་གྲོང་ཁྱེར་ཇཱི་ཎི་ཝ་རུ་ཐུག་འཕྲད་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༦་ཚེས་༡༥། - ཟླ་བ་དྲུག་པ། ༡༥, ༢༠༢༡
    རྒྱ་ནག་གིས་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཚབས་བཟོ་བ་
    བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་དོགས་ཟོན།
    ཨ་རིས་ཨབ་གྷ་ཎི་སི་ཐན་ལ་འཛིན་པའི་སྲིད་ཇུས།
    ཨང་སན་སུ་ཆི་ལ་ཁྲིམས་བཤེར་འགོ་འཛུགས།
    ཨི་སི་རལ་གྱི་སྲིད་གཞུང་གསར་པའི་འཛིན་སྐྱོང་འགོ་འཛུགས།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༦་ཚེས་༡༤། - ཟླ་བ་དྲུག་པ། ༡༤, ༢༠༢༡
    མང་གཙོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་ལ་ཤིས་འཇང་དང་ཧོང་ཀོང་གི་གནད་དོན་སྐོར་སྐུལ་འདེད་བཏང་ཡོད་ཀྱང་བོད་བཅུག་མེད་པའི་སྐོར་དང་། ཡང་རྒྱལ་ཁབ་བདུན་ཅན་གྱི་ཚོགས་པ་དེ་ཡིས། འགོག་སྨན་གྱི་ལས་དོན་དང་རྒྱ་ནག་གི་གནད་དོན། བཟོ་ཚོང་ཁང་ཁག་ལ་སྒོ་ཁྲལ་རྒྱལ་རྒྱུ་བཅས་ལ་གྲོས་མཐུན་བྱུང་ཡོད་པའི་སྐོར། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་བྷའེ་ཌེན་གྱི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐོར། ཨི་ཟི་རལ་གྱི་སྲིད་བློན་གསར་པས་དམ་འབུལ་ཞུ་ནས་ནཱ་ཏཱན་ཡཱ་ཧུས་ཀྱི་དུས་ཡུན་རིང་བའི་འགོ་ཁྲིད་མཇུག་སྒྲིལ་རྒྱུ་ཡིན་པའི་སྐོར། རྒྱ་གར་གྱིས་ཁོ་ཝེ་ཌི་༡༩འི་གདོང་ལེན་ཆེད་སྨན་དང་སྨན་རྫས་ཡོ་ཆས་ལ་ཁྲལ་མེད་པ་བཟོས་ཡོད་པའི་སྐོར། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གིས་ཤིས་འཇང་ནང་གཞི་རྒྱ་ཆེ་བའི་ཁྲིམས་བཅོད་དེ་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པའི་སྐོར་སོགས།
    1 hr
  • སྔ་དྲོའི་རླུང་འཕྲིན། - ཟླ་བ་དྲུག་པ། ༡༣, ༢༠༢༡
    ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༦ཚེས་༡༢ - ཟླ་བ་དྲུག་པ། ༡༢, ༢༠༢༡
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་ཡུལ་གྱི་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲི་གནང་ཡོད་པ། ཡོ་རོབ་ཆེ་ཁུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་དུ་བོད་པ་དང་ཡུ་གུར་བར་རྒྱབ་སྐྱོར་གྱིས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཕྱི་འབྲེལ་མི་སྣ་མཉམ་ཞུགས་མི་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་པ།
    ཨ་རིའི་སྲིད་འཛིན་ལྗོ་བྷད་ཊན་དང་དབྱིན་ཇིའི་སྲིད་བློན་བྷོ་རོད་སི་ཇོན་སོན་གཉིས་ཀྱིས་ཐུག་འཕྲད་གྲོས་མོལ་བྱས་ཏེ་རྩ་འཛིན་གསར་བ་ཞིག་ལ་མིང་རྟགས་བཀོད་ཡོད་པ།
    ཨ་རིའི་ནང་རྒྱ་ནག་གི་དྲ་རྒྱའི་སྙི་ཆས་སྐད་འཕྲིན་དང་ཁྲད་ཁི་ཁྲོ་ཁི་གཉིས་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་བཏོན་ཡོད་པ་སྲིད་འཛིན་བྷད་ཊན་གྱིས་ཕྱིར་འཐེན་བྱ་འཆར་ཡོད་པ་དང་དེའི་ཐད་བསམ་ཚུལ་འདྲ་མིན་འདོན་གྱི་ཡོད་པའི་གནས་ཚུལ་སོགས་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners