འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༩ - ཟླ་བ་དགུ་པ། ༠༩, ༢༠༢༠
    རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་བོད་ཀྱི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཨ་རིའི་ཉིག་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བོད་ཀྱི་གྲོང་གསེབ་ཁག་ཏུ་ཉེན་རྟོག་ལས་ཁུངས་བཙུགས་ནས་བོད་མིའི་འགྲོ་འདུག་ལ་སྔར་ལས་སྟངས་འཛིན་ནན་མོ་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་པ། ཉེ་ཆར་རྒྱ་གར་ཨ་རོ་ན་ཅཱལ་མངའ་སྡེའི་ནང་མི་ལྔ་གར་སོང་ཆ་མེད་དུ་གྱུར་བ་དག་རྒྱ་ནག་གིས་འཛིན་བཟུང་བྱས་འདུག་པའི་གནས་ཚུལ་གོ་ཐོས་བྱུང་བ་རྒྱ་གར་དཔོན་རིགས་ཞིག་གིས་ཁྲོས་ཁྲིར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ། རྒྱ་ནག་གཞུང་གིས་སོག་པོའི་ས་ཁུལ་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱ་རྒྱུར་ཚོད་འཛིན་བྱས་པས་སོག་པོའི་མི་དམངས་ཀྱིས་ངོ་རྒོལ་བྱས་ཡོད་ཅིང་། དེ་ལ་བརྟེན་ནས་ངོ་རྒོལ་བ་རྣམས་ལ་དྲག་གནོན་དང་མི་ཉི་ཤུ་རྩ་གྲངས་འཛིན་བཟུང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༨ - ཟླ་བ་དགུ་པ། ༠༨, ༢༠༢༠
    དྭང་ཞབས་པ་འདས་པོ་ཉི་མ་བསྟན་འཛིན་གྱི་སྐུ་ཕུང་ཞུགས་འབུལ།
    རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་ཐོབ་ཐང་ཉུང་དུ་གཏོང་བ།
    ཨ་རྒྱའི་གསར་འགོད་པའི་ཐོངས་མཆན་འགོག་རེས།
    བྷ་ཌན་གྱིས་ངལ་རྩོལ་ཉིན་མོར་སྲུང་བརྩི་ཞུས་པ།།
    དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུར་དཀའ་ངལ།
    ཨ་རིས་རྒྱ་མིའི་ཉམས་ཞིབ་པ་རྣམས་འཛིན་བཟུང་།
    བྷེ་ལ་རུ་སིའི་དཔོན་རིགས་༣༡་ཐོ་གཞུང་ནག་པོར་བཀོད་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༧ - ཟླ་བ་དགུ་པ། ༠༧, ༢༠༢༠
    རྒྱ་དཀར་ནག་གི་དམག་དཔོན་ཚོས་ས་མཚམས་སྐོར་གྲོས་མོལ་བྱས་པ།
    ཧོང་ཀོང་ཉེས་རྟོག་པས་ངོ་རྒོལ་བ་མི་༩༠འཛིན་བཟུང་བྱས་འདུག
    དབྱིན་ཡུལ་གྱིས་ཡུ་རོབ་མཉམ་འབྲེལ་ལ་ཉེན་བརྡ་བཏང་བ།
    ཇོའི་བྷཡེ་ཌན་གྱིས་དེ་སྔའི་འགྲན་ཡ་སོགས་སྲིད་འཛིན་འཕོ་ལེན་ལས་བྱེད་ཁོངས་བཅུགས།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༦ - ཟླ་བ་དགུ་པ། ༠༦, ༢༠༢༠
    དེ་རིང་སྔ་དྲོའི་རླུང་འཕྲིན་ལས་རིམ་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་སྐབས་དགེ་རྒན་གྱི་ཉིན་མོ་དང་འབྲེལ་ཏེ་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་ལ་དམིགས་བསལ་བཀའ་སློབ་གནང་ཡོད་པ། རྒྱ་དཀར་ནག་གཉིས་བར་བོད་དང་རྒྱ་གར་གྱི་ས་མཚམས་སུ་མུ་མཐུད་ནས་རྩོད་རྙོག་ཡོང་བཞིན་པའི་སྐབས་འདིར་རྒྱ་ནག་གིས་བོད་དུ་གོང་དཀར་གནམ་ཐང་རྒྱ་བསྐྱེད་དང་ཁྲིན་ཏུའུ་ནས་ཉིང་ཁྲི་བརྒྱུད་དེ་ལྷ་སའི་བར་ལྕགས་ལམ་བཟོ་བཞིན་ཡོད་པ། རྒྱ་དཀར་ནག་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གཉིས་ཉེ་ཆར་ཨུ་རུ་སུར་ཐུག་འཕྲད་བྱས་ཡོད་ནའང་ཕྱོགས་གཉིས་བར་གྲོས་མོལ་བྱས་པའི་ནང་དོན་ཅི་ཡང་གསལ་བསྒྲགས་བྱས་མེད་པ། ཨ་རིའི་གཞུང་གིས་མུ་མཐུད་ནས་རྒྱ་ནག་གི་འཕྲུལ་ལས་སྤྱི་གཉེར་ཁང་ཆེ་ཤོས་ཤིག་མིང་ཐོ་ནང་པོའི་ནང་འཇུག་འཆར་ཡོད་པ་དང་། དེ་ལྟར་བྱས་ཚེ་རྒྱ་ནག་ནང་འཕྲུལ་རིགས་གལ་ཆེན་ཁག་ཅིག་བཟོ་རྒྱུར་ཤུགས་རྐྱེན་ཐེབས་ངེས་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༥ - ཟླ་བ་དགུ་པ། ༠༥, ༢༠༢༠
    བདུན་ཕྲག་འདིའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་དང་ད་ལོའི་ཨ་རིའི་སྲིད་འཛིན་འོས་མི་ཇོ་བྷད་ཊིན་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་སོགས་བོད་དོན་སྐོར་གླེང་སློང་བྱས་ཡོད་པ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་།ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་མགོ་བཙུགས་ཡོད་པ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འབྲེལ་ཡོད་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གིས་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱེད་བཞིན་པའི་ཐད་རྒྱ་ནག་གཞུང་ལ་འཕྲིན་ཡིག་ཅིག་བཏང་ཡོད་པ། ཉེ་ཆར་ཐེ་ཝན་ནང་རྒྱལ་ཁབ་ཆེ་ཁག་གི་སྐུ་ཚབ་མི་སྣ་སྔ་རྗེས་སུ་འབྱོར་བ་ཡིས་ཐེ་ཝན་གྱི་རྒྱལ་སྤྱིའི་ཆེ་མཐོང་དང་མི་དམངས་ཀྱི་སེམས་ཤུགས་ཆེ་རུ་འགྲོ་བཞིན་པའི་གླེང་སློང་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༤ - ཟླ་བ་དགུ་པ། ༠༤, ༢༠༢༠
    ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་བོད་གྲོས་མོལ་མྱུར་དུ་བྱེད་དགོས་གསུངས།
    རྒྱ་ནག་གི་ཤུགས་རྐྱེན་ཡོད་པའི་ཚོགས་སྡེ་ཚོར་རྒྱ་གར་གྱིས་ཞིབ་བཤེར་བྱ་རྒྱུ་ནན་དུ་བཏང་བ།
    རྒྱ་ནག་གི་ཤུགས་རྐྱེན་ཡོད་པའི་ཚོགས་སྡེ་ཚོར་རྒྱ་གར་གྱིས་ཞིབ་བཤེར་བྱ་རྒྱུ་ནན་དུ་བཏང་བ།
    ནང་སོག་ཏུ་རྒྱ་སྐད་སློབ་ཁྲིད་ལས་འཆར་ལ་ངོ་རྒོལ་བྱེད་མཁན་ལ་དྲག་གནོན།
    ཨ་རིས་ཐེ་ཝན་ཐོག་ལ་འཛིན་པའི་སྲིད་བྱུས་གསལ་པོ་བཟོ་དགོས་བཤད་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༣ - ཟླ་བ་དགུ་པ། ༠༣, ༢༠༢༠
    རྒྱ་གར་རྡ་རམ་ས་ལ་རུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་བཅས་མཉམ་འཛོམས་ཀྱིས་བོད་ཀྱི་དམངས་གཙོའི་དུས་ཆེན་ཐེངས་༦༠ པ་སྲུང་བརྩི་ཞུས་ཡོད་པ།
    བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་གཉིས་ཀྱིས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུའི་གསལ་བསྒྲགས་གནང་ཡོད་པ། རྒྱ་དཀར་ནག་གཉིས་བར་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྩོད་རྙོག་བྱུང་བཞིན་པའི་སྐབས་འདིར་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་བློན་ཆེན་གཉིས་ཨུ་རུ་སུའི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱས་ཡོད་པ། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་བྱིས་པ་ཚོ་སློབ་གྲྭར་གཏང་རྒྱུར་ཐག་བཅོད་བྱེད་དཀའ་བ། བོད་དོན་ལས་འགུལ་བ་ཞིག་གིས་བོད་དོན་ཆེད་བང་རྒྱུགས་ལས་འགུལ་མཇུག་སྒྲིལ་བ་བཅས་ཀྱི་གནས་ཚུལ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༢ - ཟླ་བ་དགུ་པ། ༠༢, ༢༠༢༠
    བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བར་ཡང་དང་བསྐྱར་དུ་འགལ་ཟླ་ཤོར་བཞིན་པ་དང་། རྒྱ་གར་གྱི་དམག་དཔུང་གིས་དམག་ཇུས་ཐོག་གི་གནད་ས་ཁག་བཟུང་ནས་དོགས་ཟོན་བྱེད་བཞིན་ཡོད་པ།
    རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་དུ་དམག་དོན་རྒྱ་བསྐྱེད་གཏོང་རྒྱུ་སོགས་ཀྱི་ལས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གི་སྤྱི་གཉེར་ཁང་ཁག་ཅིག་ལ་ཨ་རིས་ཉེས་ཆད་གཅོད་འཆར་ཡོད་པ། ཨ་རིའི་ཕྱོགས་ནས་ཐེ་ཝན་དང་མཉམ་དུ་དཔལ་འབྱོར་མཉམ་ལས་ཐད་ཀྱི་གྲོས་མོལ་གསར་པ་ཞིག་བྱེད་འཆར་ཡོད་པའི་གསལ་བསྒྲགས་གནང་ཡོད་པའི་སྐོར་དང་། ཨ་རིའི་ཕོ་ཁྲི་ལན་ཊི་གྲོང་ཁྱེར་ནང་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་དང་འབྲེལ་ནས་མི་གཅིག་རྐྱེན་འདས་སུ་ཕྱིན་པ་དང་། རྐྱེན་དེ་ལ་བརྟེན་ནས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་སོ་སོའི་ལངས་ཕྱོགས་ལྟར་སྨྲ་བརྗོད་སྤེལ་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༡ - ཟླ་བ་དགུ་པ། ༠༡, ༢༠༢༠
    རྒྱ་ནག་གིས་ས་མཚམས་སུ་འཁྲུག་རྐྱེན་བཟོས་པར་རྒྱ་གར་གྱིས་བསྙོན་འཛུགས་བྱས།
    རྒྱ་གར་གྱི་སྲིད་འཛིན་ཟུར་པ་པར་ནཝ་ མུ་ཁརྗི་འདས་གྲོངས་སོང་བ།
    རྒྱ་ནག་གིས་ཤིང་ཅང་ནང་བཙན་དབང་གིས་རྟོག་དབྱིབས་སྔོན་འགོག་བྱས།
    མང་གཙོ་ཚོགས་པས་སྲིད་འཛིན་ཀྲོམ་གྱིས་ཆབ་སྲིད་ཁེ་ཕན་ཆེད་འཁྲུག་རྐྱེན་བཟོས་ལུགས་སྐྱོན་འཛུགས་བྱས།
    སུད་སིའི་ནང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་༡༡་པ་འཚོགས་རྒྱུ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༨་ཚེས་༣༡ - ཟླ་བ་བརྒྱད་པ། ༣༡, ༢༠༢༠
    ཁ་གཏད་ཤོག་ཁག་གི་ངོ་རྒོལ་ནང་མི་གཅིག་ལ་སྲོག་སྐྱོན།
    རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་
    རྒྱ་ནག་ལ་བརྩི་མེད་ཀྱིས་ཅེག་སྤྱི་མཐུན་གྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འབྱོར་བ། ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་དང་འབྲེལ་བར་ལེགས་བཅོས་གཏོང་དགོས་པའི་ཉེན་བརྡ་བཏང་པ། ཧོང་ཀོང་ནང་དུ་རྒྱ་ནག་གིས་ནད་དུག་བརྟག་དཔྱད་བྱེད་པར་ངོ་རྒོལ་བྱས་འདུག འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཁོ་ཝིཌ་༡༩འི་ནད་ཡམས་ཕོགས་པའི་མི་གྲངས་ཁྱོན་བསྡོམ་ས་ཡ་༢༥ཟིན་ཡོད་པ།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners