Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
ཨེ་ཤེ་ཡ་རང་དབང་རླུང་ཕྲིན་ཁང་གི་ཉིན་རེའི་གཏམ་གླེང་ཞལ་པར་གྱི་ལེ་ཚན། Hosted on Acast. See acast.com/privacy for more information.... more
FAQs about གཏམ་གླེང་ཞལ་པར།:How many episodes does གཏམ་གླེང་ཞལ་པར། have?The podcast currently has 227 episodes available.
March 11, 2025གཏམ་གླེང་གི་ལས་རིམ། ༠༣།༡༡།༢༠༢༥ད་རིང་ལེ་ཚན་འདིའི་ནང་འཛམ་གླིང་ས་ཕྱོགས་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་ལ་དོ་འཁུར་རྒྱབ་སྐྱོར་གནང་མཁན་ཚོས་སྤྱི་ཟླ་༣ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་སྲུང་བརྩི་ཞུས་ཏེ་ལོ་ངོ་༦༦སྔོན་བོད་ཀྱི་རྒྱལ་ས་ལྷ་སར་ཐོན་པའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་འདི་ནས་བཟུང་པའི་རྒྱ་ནག་དམར་ཤོག་གཞུང་གི་བཙན་དབང་འོག་རང་སྲོག་ཤོར་བའི་མི་སྣར་མྱ་ངན་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་འདི་བཙན་བཟུང་གིས་དྲག་གནོན་བྱས་པར་ངོ་རྒོལ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་དོ་འཁུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་ལས་འགུལ་སྤེལ་ཡོད་པའི་སྐོར་ལ་ས་ཕྱོགས་ཁག་ཏུ་ཡོད་པའི་ང་ཚོའི་གསར་འགོད་པ་ཚོས་བཏང་པའི་གནས་ཚུལ་ཁག་ཕྱོགས་བསྡུས་ཞུས་པ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།66th Anniversary of Tibetan National Uprising Day Hosted on Acast. See acast.com/privacy for more information....more59minPlay
March 10, 2025གཏམ་གླེང་གི་ལས་རིམ། ༠༣།༡༠།༢༠༢༥བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་འདིའི་བྱུང་རིམ།History of March 10th Tibetan National Uprising Day Hosted on Acast. See acast.com/privacy for more information....more53minPlay
March 08, 2025གཏམ་གླེང་གི་ལས་རིམ། ༠༣།༠༨།༢༠༢༥ད་རིང་གི་གཏམ་གླེང་ལེ་ཚན་འདིའི་ནང་བོད་ཤིང་སྦྲུལ་ལོའི་ལ་གསར་ཤར་པའི་སྐབས་དེར་བཞུགས་སྒར་ཁུལ་དུ་༧གོང་ས་མཆོག་མཇལ་ཁ་ཞུ་མཁན་དང་བསྟན་བཞུགས་བསྟར་འབུལ་ཞུ་མཁན་མང་པོ་ཕེབས་ཡོད་པའི་སྐོར་དང་། ཡང་བོད་ནང་མཚོན་ན། རྣོ་ངར་གྱི་ཟླ་བ་གསུམ་པ་འདིའི་ནང་དམ་བསྒྲགས་དང་སློབ་དུས་གསར་པ་འགོ་བཙུགས་པའི་སྐབས་སློབ་གྲའི་ནང་རྒྱལ་གཅེས་དང་བརྟན་ལྷིང་གི་སློབ་གསོ་བཏང་བ། རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་སྐབས་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་སོགས་ཀྱི་སྐོར་ལ་གནས་ཚུལ་ཕྱོགས་བསྡུས་དང་དབྱེ་ཞིབ་ཞུས་པ་ཞིག་གསན་རོགས་གནང་། The current situation of Tibetans Inside and exiles during the Tibetan New Year Hosted on Acast. See acast.com/privacy for more information....more59minPlay
March 06, 2025གཏམ་གླེང་གི་ལས་རིམ། ༠༣།༠༦།༢༠༢༥ད་རིང་གཏམ་གླེང་ལེ་ཚན་འདིའི་ནང་དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་ཞུ་བའི་ཕྱག་དེབ་འདི་སྤྱི་ཡོངས་ནས་ངོ་སྤྲོད་ཞུ་རྒྱུ་དང་། རྩོམ་པ་པོས་ཕྱག་དེབ་འདི་བརྩམས་གནང་པའི་བརྒྱུད་རིམ་ནང་བསམ་བློ་གཏོང་ཕྱོགས་དང་། ཕྱག་དེབ་འདིའི་རིན་ཐང་སོགས་ཀྱི་ཐོག་ནས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་། དང་པོ།Meditation of madiyamika and description of science. part-1 Hosted on Acast. See acast.com/privacy for more information....more59minPlay
March 05, 2025ཁ་བའི་གྲོས་རྭ། ༢༠༢༥།༣།༥ཁ་བའི་གྲོས་རྭའི་ལེ་ཚན་ནང་། རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་བཞི་བའི་ཚོགས་ཐེངས་གསུམ་པ་གཉིས་སམ་ཡོངས་གྲགས་སུ་ཚོགས་ཆེན་གཉིས་ཞེས་པ་སྔ་རྗེས་ཚོགས་བཞིན་པ་དེས་འཛམ་གླིང་སྤྱི་དང་། ཡང་སྒོས་བོད་ལ་དོན་སྙིང་གང་ཡོད་མེད། ལྷག་པར་རྒྱ་ནག་གིས་བོད་ཐོག་སྲིད་བྱུས་འཛིན་ཕྱོགས་ལ་ཤུགས་རྐྱེན་ཐེབས་མིན་དང་། དམིགས་བསལ་ཚོགས་ཆེན་གཉིས་དེའི་ནང་བོད་མི་མཉམ་ཞུགས་ཇི་ཙམ་གནང་ཐུབ་མིན་སྐོར་དང། དེ་བཞིན་ཚོགས་ཆེན་གཉིས་ཀྱི་གྲོས་རིམ་གཙོ་བོ་གང་ཡིན་མིན་དང་དེའི་རྒྱུ་མཚན་བཅས་ཀྱི་ཐད་བོད་རྒྱ་གནས་ཚུལ་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང་ཆོས་སྐྱིད་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ། Kawai Dura: What China’s Two Sessions mean for the world and Tibet: What to watch for with insights from Tibet and China researcher Jampal Monlam. Hosted on Acast. See acast.com/privacy for more information....more1h 1minPlay
March 04, 2025གཏམ་གླེང་གི་ལས་རིམ། ༢༠༢༥།༠༣།༠༤ད་རིང་གི་གཏམ་གླེང་ལེ་ཚན་ནང་སྨིན་གྲོལ་གླིང་དུ་འཁྲུངས་པ་དང་ཡབ་ཀྱིས་ཆུང་དུས་ནས་དམིགས་བསལ་ཐུགས་རེ་བཅངས་ཏེ་གསོ་སྐྱོང་གནང་པའི་ཐོག་དབང་ལུང་མན་ངག་ཆ་ཚང་པོ་གནང་ཡོད་པ་དང་། སྦྱངས་པའི་ཡོན་ཏན་ལག་ལེན་ཐོག་འཁྱོལ་ཐུབ་པ། བར་ཆད་ཁྲོད་གསོན་ཐབས་དང་དགོན་པ་བསྐྱར་བཞེངས་གནང་བ། སློབ་མ་དུ་མ་བསྐྱངས་ཡོད་པའི་རྗེ་བཙུན་མི་འགྱུར་དཔལ་སྒྲོན་མཆོག་གི་སྐུའི་ཚེའི་དང་མཛད་རྗེས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་། Jetsunma Mingyur Paldron, a Tibetan Buddhist lama in the Kagyu and Nyingma traditions. From Mindrolling Monastery. Hosted on Acast. See acast.com/privacy for more information....more59minPlay
March 03, 2025གཏམ་གླེང་གི་ལས་རིམ། ༠༣།༠༣།༢༠༢༥དེ་རིང་གི་གཏམ་གླེང་ལེ་ཚན་འདིའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པ་དང་རྒྱུད་སྨད་གྲ་ཚང་དུ་ཆོས་འབྲེལ་གནང་སྐབས་དམིགས་བསལ་བཀའ་སློབ་ཁག་ཅིག་གནང་ཡོད་ཅིང་། ཆོས་དང་དགེ་བའི་བསམ་བློ་དང་མ་བྲལ་བ་ཞིག་བྱེད་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་སོགས་ཞིབ་ཕྲའི་བཀའ་སློབ་ཁག་ཕྱོགས་བསྡུས་ཞུས་པ་ཞིག་གསན་རོགས་གནང་། His Holiness the Dalai Lama gives lectures in southern India Hosted on Acast. See acast.com/privacy for more information....more56minPlay
March 01, 2025གཏམ་གླེང་གི་ལས་རིམ། ༠༣།༠༡།༢༠༢༥ད་རིང་གི་གཏམ་གླེང་ལེ་ཚན་ནང་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་དང་ལྡན་པའི་བོད་མི་རིགས་ཀྱི་ངོས་ནས་ཞུས་ན་ལོ་གསར་འདི་ཚང་མས་དགའ་པོའི་ངང་བསུ་བ་ཞུ་བའི་དུས་ཆེན་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། བོད་ལ་ལོ་གསར་པར་བསུ་བ་ཞུ་བའི་གོམས་སྲོལ་འདི་ཐོག་མར་ཇི་ལྟར་དར་ཚུལ་དང་། ལོ་གསར་གྱི་མཚོན་དོན་སོགས་སྲོལ་རྒྱུན་གོམས་སྲོལ་དང་འབྲེལ་བའི་སྐོར་ལ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་། Tibetan Losar (New Year) and Traditions. Hosted on Acast. See acast.com/privacy for more information....more59minPlay
February 28, 2025གངས་ལྗོངས་གླེང་སྟེགས། ༢༠༢༥/༢/༢༨ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་གྲུབ་དབང་ཆེན་ལགས་དང་མཉམ་དུ་ཁོང་གིས་དེ་སྔ་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཅི་ལྟར་མྱངས་པའི་བརྒྱུད་རིམ་དང་སྐབས་དེའི་སྲིད་དོན་བཙོན་པའི་གནས་སྟངས་།་བཙོན་ཁང་དུ་ཆབ་སྲིད་བཙོན་པར་དམིགས་བསལ་ལྟ་སྟངས་ཅི་འདྲ་ཡོད་པ་ལ་སོགས་རྗོད་གཞིར་བཟུང་ནས་གླེང་མོལ་བྱས།In an exclusive interview with former political prisoner Dhondup Wangchen, who endured extensive torture during his captivity in Xining prison, China, he now resides with his family in San Francisco, California. Hosted on Acast. See acast.com/privacy for more information....more1h 1minPlay
February 28, 2025གངས་ལྗོངས་གླེང་སྟེནག། ༢༠༢༥།༠༢།༢༧ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་གྲུབ་དབང་ཆེན་ལགས་དང་མཉམ་དུ་ཁོང་གིས་དེ་སྔ་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཅི་ལྟར་མྱངས་པའི་བརྒྱུད་རིམ་དང་སྐབས་དེའི་སྲིད་དོན་བཙོན་པའི་གནས་སྟངས་།་བཙོན་ཁང་དུ་ཆབ་སྲིད་བཙོན་པར་དམིགས་བསལ་ལྟ་སྟངས་ཅི་འདྲ་ཡོད་པ་ལ་སོགས་རྗོད་གཞིར་བཟུང་ནས་གླེང་མོལ་བྱས།In an exclusive interview with former political prisoner Dhondup Wangchen, who endured extensive torture during his captivity in Xining prison, China, he now resides with his family in San Francisco, California Hosted on Acast. See acast.com/privacy for more information....more1hPlay
FAQs about གཏམ་གླེང་ཞལ་པར།:How many episodes does གཏམ་གླེང་ཞལ་པར། have?The podcast currently has 227 episodes available.