Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
August 21, 2024བྱང་ཨ་རིའི་བརྟན་བཞུགས། - སྤྱི་ཟླ་བརྒྱད་པ། ༢༡, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀྲོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་དཀར་དང་། ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆོས་རྫོང་ནོར་བུ་ཚེ་རིང་ལགས་རྣམ་གཉིས་དང་ལྷན་བྱང་ཨ་རིའི་བརྟན་བཞུགས་ཀྱི་སྟ་གོན་དང་རེ་ལྟོས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།...more23minPlay
August 20, 2024རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་དང་དེས་འཛམ་གླིང་ལ་ཤུཊ་རྐྱེན། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༤ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་དང་དེས་འཛམ་གླིང་ལ་ཤུཊ་རྐྱེན་ཐེབས་ཚུལ་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།...more12minPlay
August 19, 2024བོད་ཀྱི་ཟློས་གར་སློབ་ཁྲིད་ཀྱི་བསླབ་གཞི། - སྤྱི་ཟླ་བརྒྱད་པ། ༡༩, ༢༠༢༤ཀུན་གླེང་ལས་རིམ་དུ་བསྟན་འཛིན་དབང་འདུས་ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་དང་ལྷན་དུ་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་གཞུང་ལུགས་བསླབ་གཞི་གང་དག་གཏན་འབེབས་བྱེད་པ་དང་། མ་འོངས་པར་ཕན་ཐོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད།...more19minPlay
August 16, 2024༧སྐུའི་མཚན་ཐོག་གི་ཨི་ཐ་ཁའི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་། - སྤྱི་ཟླ་བརྒྱད་པ། ༡༦, ༢༠༢༤ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཚེ་རིང་སྐྱིད་ལགས་དང་ལྷན་༧གོང་ས་མཆོག་ཨི་ཐ་ཁའི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ལ་ཆིབས་སྒྱུར་བསྐྱངས་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་དང་། ཚེ་རིང་སྐྱིད་ལགས་ཀྱིས་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་ལ་བཅར་འདྲི་ཞུས་ཡོད།།...more23minPlay
August 14, 2024ཨ་རིའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་གནས་སྟངས་དང་འོས་མི་རྣམས། - སྤྱི་ཟླ་བརྒྱད་པ། ༡༤, ༢༠༢༤ཨ་རིའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་གནས་སྟངས་དང་འོས་མི་རྣམས་ཀྱི་སྐོར་ནས་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་རྣམ་གཉིས་ལྷན་དུ་དེ་དོན་བགྲོ་གླེང་ཞུས་ཡོད།...more19minPlay
August 12, 2024རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་ལས་འགུལ། - སྤྱི་ཟླ་བརྒྱད་པ། ༡༢, ༢༠༢༤ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་ལས་འགུལ་སྐོར་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།...more20minPlay
August 09, 2024བྱང་ཨ་རིའི་མཚོན་དོན་བརྟན་བཞུགས། - སྤྱི་ཟླ་བརྒྱད་པ། ༠༩, ༢༠༢༤ཟླ་ ༨ ཚེས་ ༢༢ ཉིན་བྱང་ཨ་རིའི་བོད་མི་ཡོངས་དང་། སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་འདུག་པའི་ཞིབ་ཕྲའི་གནས་ཚུལ་ཐད་ལ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་བྱང་ཨ་རིའི་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་སུ་དེ་དོན་བཀའ་འདྲི་ཁག་ཅིག་ཞུ་གི་རེད།...more18minPlay
August 07, 2024རྒྱ་ནག་གིས་ཕྱི་རྒྱལ་དུ་སྤེལ་བཞིན་པའི་དྲག་གནོན་གྱི་སྙན་ཐོ། - སྤྱི་ཟླ་བརྒྱད་པ། ༠༧, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གིས་ཕྱི་རྒྱལ་དུ་སྤེལ་བཞིན་པའི་དྲག་གནོན་གྱི་སྙན་ཐོ་སྐོར་བགྲོ་གླེང་ཞུས་ཡོད།...more20minPlay
August 06, 2024དཀྱིལ་ཤར་ས་ཁུལ་དུ་འཐབ་འཁྲུག་ཆེན་པོ་ཞིག་འབྱུང་ཉེན་ཆེ་བ། - སྤྱི་ཟླ་བརྒྱད་པ། ༠༦, ༢༠༢༤ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་གྷ་ཛའི་དམག་འཁྲུག་དེ་ཉིད་དཀྱིལ་ཤར་ས་ཁུལ་གྱི་འཐབ་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁའི་སྐོར་ལ་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཞིབ་ཕྲ་ཁག་བགྲོ་གླེང་ཞུས་ཡོད།...more9minPlay
August 05, 2024ནང་མ་སྟོད་གཞས་ཀྱི་བྱུང་རིམ་དང་སྒྱུ་རྩལ་གོ་བབ། - སྤྱི་ཟླ་བརྒྱད་པ། ༠༥, ༢༠༢༤ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བོད་གནས་ཉམས་ཞིབ་པ་དང་བོད་ཀྱི་སྲོལ་རྒྱུན་ནང་མའི་རིག་གནས་ལ་དམིགས་བསལ་ཐུགས་སྣང་ཅན་ཟླ་བ་བཀྲ་ཤིས་ལགས་དང་ལྷན་དུ་ནང་མ་སྟོད་གཞས་ཀྱི་བྱུང་རིམ་དང་སྒྱུ་རྩལ་གོ་བབ་ཐད་བགྲོ་གླེང་ཞུས་པ་ཡིན།...more20minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.