Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
August 11, 2023ཨ་རྒྱའི་འབྲེལ་བ་དང་རྒྱ་ནག་གི་དཔལ་འབྱོར། - སྤྱི་ཟླ་བརྒྱད་པ། ༡༢, ༢༠༢༣ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨ་རིའི་འཕྲུལ་རིག་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་བཀའ་རྒྱའི་གནད་འགག་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more30minPlay
August 09, 2023བོད་ཀྱི་ས་ཁྲའི་འགྲེམས་སྟོན་དང་ས་ཁྲའི་ནང་གི་བོད། - སྤྱི་ཟླ་བརྒྱད་པ། ༠༩, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་དང་། ས་ཁམས་རིག་པ་བ་དང་བོད་ཀྱི་ས་ཁྲ་ཆེད་མཁས་པ་ཤར་བ་ཚེ་རིང་དབང་རྒྱལ་ལགས་གཉིས་གདན་འདྲེན་བྱས་ནས་བོད་ཀྱི་འགྲེམས་སྟོན་ཁང་གི་ས་ཁྲ་འགྲེམས་སྟོན་གྱི་དམིགས་ཡུལ་དང་གལ་གནད་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད།...more40minPlay
August 09, 2023འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར། - སྤྱི་ཟླ་བརྒྱད་པ། ༠༩, ༢༠༢༣ཀུན་གླེང་ལས་རིམ་དུ་་ཚེ་རིང་སྐྱིད་ལགས་ཀྱིས་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་གསལ་སྒྲོན་ལགས་གདན་འདྲེན་བྱས་ནས་ད་ལྟ་འཚོག་བཞིན་པའི་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཆེ་ཤོས་FIFA Women’s World Cup ཡི་གནས་སྟངས་དང་བུད་མེད་ཀྱི་ནུས་སྟོབས་ཐད་བགྲོ་གླེང་ཞུས་ཡོད།...more12minPlay
August 04, 2023མ་སུ་རི་བོད་ཕྲུག་ཁྱིམ་སྡེ། - སྤྱི་ཟླ་བརྒྱད་པ། ༠༥, ༢༠༢༣ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་མཆོག་གླང་གདན་འདྲེན་ཞུས་ནས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་གནས་སྟངས་དང་ཤེས་ཡོན་སློབ་སྦྱོང་གི་གྲུབ་འབྲས། ལེགས་བཅོས་གཏོང་ཕྱོགས་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more23minPlay
August 02, 2023རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་ཞེས་པའི་འདས་མ་ད་གསུམ། - སྤྱི་ཟླ་བརྒྱད་པ། ༠༢, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ལོ་རྒྱུས་ཉམས་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གི་བོད་རིགས་རང་སྐྱོང་ཁུལ་མང་པོ་ཚུགས་ནས་ལོ་༧༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང་བསྟུན་མི་རིགས་ས་གནས་རང་སྐྱོང་ཞེས་པའི་འདས་མ་ད་གསུམ་ཐད་བགྲོ་གླེང་ཞུས་ཡོད།...more16minPlay
August 02, 2023༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་དང་དབྱར་ཆོས་ཆེན་མོ། - སྤྱི་ཟླ་བརྒྱད་པ། ༠༢, ༢༠༢༣ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལ་དྭགས་དགོན་པ་ཚོགས་འདུའི་ཚོགས་གཙོ་རྒན་ཚེ་རིང་དབང་འདུས་ལགས་དང་། འཇམ་དབྱངས་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ལ་༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་དང་དབྱར་ཆོས་ཆེན་མོའི་ཐད་བཅར་འདྲི་ཞུས་ཡོད།...more20minPlay
July 28, 2023རྒྱ་གཞུང་གིས་མདོ་སྨད་མང་རར་དུས་འཁོར་དབང་ཆེན་བཀག་སྡོམ། - སྤྱི་ཟླ་བདུན་པ། ༢༩, ༢༠༢༣ཀུན་གླེང་ལས་རིམ་དུ་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་དང་། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་རྣམ་གཉིས་གདན་འདྲེན་གྱིས་རྒྱ་གཞུང་གིས་མདོ་སྨད་མང་རའི་ཡུལ་དུ་དུས་འཁོར་དབང་ཆེན་བཀག་སྡོམ་བྱས་པའི་འབྱུང་རྐྱེན་དང་། མཚོན་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more22minPlay
July 26, 2023ཨོ་གླིང་གི་ཆབ་སྲིད་ཁོར་ཡུག་དང་བོད་དོན་འཐབ་རྩོད། - སྤྱི་ཟླ་བདུན་པ། ༢༦, ༢༠༢༣དེ་རིང་ཚེ་རིང་སྐྱིད་ལགས་ཀྱིས་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་བཞེངས་ཏེ་འོས་བསྡུའི་དྲིལ་བསྒྲགས་ལ་མཉམ་ཞུགས་གནང་མྱོང་མཁན་གདོང་འདུས་སྐྱིད་འཛོམས་ལགས་གདན་འདྲེན་ཞུས་ནས་ཨོ་གླིང་གི་ཆབ་སྲིད་ཁོར་ཡུག་དང་བོད་དོན་འཐབ་རྩོད་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more20minPlay
July 26, 2023ཨ་རིའི་གཞུང་གི་རྒྱ་ནག་སྲིད་ཇུས་ལ་གྲོས་ཚོགས་སུ་ཉན་ཞིབ། - སྤྱི་ཟླ་བདུན་པ། ༢༦, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་གདན་འདྲེན་བྱས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་དང་ཨ་རི་དང་རྒྱ་ནག་དབར་གྱི་འགྲན་བསྡུར་འཐབ་ཇུས་གྲོས་ཚོགས་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་བསྐྱར་ཞིབ་བྱས་པ།...more19minPlay
July 21, 2023རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན། - སྤྱི་ཟླ་བདུན་པ། ༢༡, ༢༠༢༣ཀུན་གླེང་ལས་རིམ་དུ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་མཁན་འགའ་གདན་འདྲེན་ཞུས་ནས་མཇུག་སྒྲིལ་མ་ཐག་པའི་ཚོགས་ཆེན་དེའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more26minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.