Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
May 05, 2023རིགས་སློབ་དང་ས་རཱ་མཐོ་སློབ་ཀྱི་འཕེལ་རྒྱས། - སྤྱི་ཟླ་ལྔ་པ། ༠༦, ༢༠༢༣རིགས་སློབ་དང་ས་རཱ་མཐོ་སློབ་ཀྱི་འཕེལ་རྒྱས།ཀུན་གླེང་ལས་རིམ་དུ་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ལ་རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་ཚུགས་ནས་ལོ་༥༠་དང་ས་རཱ་མཐོ་སློབ་ཚུགས་ནས་ལོ་༢༥་འཁོར་བའི་རིང་གི་གྲུབ་འབྲས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more26minPlay
May 03, 2023བཙན་བྱོལ་བོད་མིའི་ཤེས་ཡོན་དང་བོད་ཕྲུག་ཁྱིམ་སྡེ། - སྤྱི་ཟླ་ལྔ་པ། ༠༣, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲིད་ཆོས་ལགས་གདན་འདྲེན་ཞུས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་བོད་ཕྲུག་ཁྱིམ་སྡེའི་ཐད་བགྲོ་གླེང་ཞུས་ཡོད།...more19minPlay
May 03, 2023རྒྱ་གར་མི་འབོར་མང་ཤོས་ཆགས་པ་དང་ཡུལ་བབ་སྲིད་ཇུས། - སྤྱི་ཟླ་ལྔ་པ། ༠༣, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཆབ་སྲིད་རིག་པའི་གཙུག་ལག་རམ་འབྱམས་པའི་སློབ་མ་བསྟན་འཛིན་དབང་ཕྱུག་ལགས་གདན་འདྲེན་ཞུས་ནས་རྒྱ་གར་དེ་འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་པ་དང་དེ་ལ་བརྟེན་པའི་ཡུལ་བབ་སྲིད་ཇུས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more17minPlay
April 28, 2023བླ་མ་བཟོད་པ་རིན་པོ་ཆེའི་སྤྱི་ཚོགས་ཞབས་ཞུ། - སྤྱི་ཟླ་བཞི་པ། ༢༩, ༢༠༢༣དེ་རིང་གི་ཀུན་གླེང་དུ་བླ་མ་བཟོད་པ་རིན་པོ་ཆེ་དམ་པ་དེའི་ཟས་སྦྱིན་དང་ཤེས་ཡོན་སློབ་གསོར་རོགས་སྐྱོར། འཕྲོད་བསྟེན་དང་རྒན་རྒོན་ལ་གཟིགས་སྐྱོང་། རྒྱ་གར་གྱི་གནས་ཆེན་ཁག་ཡར་རྒྱས་དང་སེམས་ཅན་སྲོག་སྐྱོབ་སོགས་སྤྱི་ཚོགས་ཞབས་ཞུའི་མཛད་རྗེས་ཁག་ལ་བྷར་སི་ལོ་ན་བོད་ཁང་གི་འགན་འཛིན་ཐུབ་བསྟན་དབང་ཆེན་དང་ལྷན་བགྲོ་གླེང་ཞུས་ཡོད།...more23minPlay
April 26, 2023བོད་བརྒྱུད་ནང་བསྟན་དང་སྐུའི་མཚན་གནས། - སྤྱི་ཟླ་བཞི་པ། ༢༧, ༢༠༢༣ནང་ཆོས་ཀྱི་འབྱུང་ཁུངས་སྲོལ་རྒྱུན་ས་ཁོངས་ལས་བརྒལ་ཏེ་ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་དར་བཞིན་པ་དང་། དེ་མཚུངས་བོད་བརྒྱུད་ནང་བསྟན་ཡང་དེང་དུས་སྤྱི་ཚོགས་སུ་དར་ཁྱབ་ཆེན་པོ་འགྲོ་བཞིན་པ་ལ་སོགས་པའི་གནད་དོན་ཁག་ཅིག་གི་ཐད་ནས་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་བགྲོ་གླེང་ཞུས་ཡོད།...more36minPlay
April 24, 2023རྒྱ་གར་དུ་སྐོང་འཚོགས་གནང་བའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་གལ་གནད། - སྤྱི་ཟླ་བཞི་པ། ༢༥, ༢༠༢༣ཐེངས་འདིའི་ཀུན་གླེང་གི་ལས་རིམ་ནང་ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐོང་འཚོགས་གནང་བའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་དང་གལ་གནད། དེ་བཞིན་ལྷན་ཚོགས་ཀྱི་གྲུབ་དོན་སོགས་ཀྱི་སྐོར་ལ་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་དང་ལྷན་དུ་གླེང་མོལ་ཞུས་ཡོད།...more22minPlay
April 21, 2023ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་རྩོད་ལེན། - སྤྱི་ཟླ་བཞི་པ། ༢༢, ༢༠༢༣ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་རྩོད་ལེན། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ལ་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more23minPlay
April 19, 2023ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་དང་གྲོགས་པོ་ཕི་ཊར་བྷ་རོང་། - སྤྱི་ཟླ་བཞི་པ། ༡༩, ༢༠༢༣ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་དང་གྲོགས་པོ་ཕི་ཊར་བྷ་རོང་ལགས་གདན་འདྲེན་བྱས་ནས་ཁོང་གིས་དང་ཐོག་བོད་དོན་རྒྱབ་སྐྱོར་བྱས་ཚུལ་དང་། ད་ལྟའི་བོད་དོན་ལས་འགུལ་ལ་ལྟ་སྟངས་སོགས་ཀྱི་ཐད་གླེང་མོལ་བྱས་ཡོད།།...more21minPlay
April 19, 2023ཧྥ་རན་སི་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱ་ནག་སྲིད་ཇུས། - སྤྱི་ཟླ་བཞི་པ། ༡༩, ༢༠༢༣ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཁུལ་གྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་གདན་འདྲེན་བྱས་ནས་ཧྥ་རན་སི་དང་ཡུ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ཀྱིས་རྒྱ་ནག་ལ་འཚམས་གཟིགས་གནང་རྗེས་ཀྱི་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཐད་བགྲོ་གླེང་ཞུས་ཡོད།...more19minPlay
April 13, 2023སྤྱི་ཚོགས་དྲྭ་ལམ་གྱི་མཇལ་ཁའི་བརྙན་ཐུང་ལ་དཔྱད་བརྡར། - སྤྱི་ཟླ་བཞི་པ། ༡༤, ༢༠༢༣ཀུན་གླེང་ལས་རིམ་ལ་ཕྱི་ཟླ༢ཚེས༢༨་ཉིན་རྒྱ་གར་གྱི་དགེ་རྒན་དང་སློབ་ཕྲུག་ཚོར་༧གོང་ས་མཆོག་ནས་བཀའ་སློབ་སྩལ་སྐབས། བྱིས་པ་ཞིག་གིས་༧གོང་ས་མཆོག་ལ་འཐམ་ཆོག་གམ་ཞེས་བཀའ་འདྲི་དང་༧གོང་ས་མཆོག་ནས་སྐུ་རྩེད་གནང་བའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ་པའི་ཐད་སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་བགྲོ་གླེང་ཞུས།...more25minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.