Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
July 14, 2021ཀུན་གླེང་གསར་འགྱུར་། ༢༠༢༡ ལོའི་ཟླ་༧ ཚེས་༡༤ - ཟླ་བ་བདུན་པ། ༡༤, ༢༠༢༡ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་སྩལ་བ་དང་། དིང་རིར་དགེ་འདུན་པ་བཞི་ལ་ཁྲིམས་ཆད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སུ་ཡིན་སྲིད་པ་དང་། ཀུ་བྷའི་ནང་གི་ངོ་རྒོལ། ཨ་རིའི་དམག་དཔུང་ཨབ་གྷ་སི་ཊན་ནས་ཕྱིར་འཐེན་སོགས་ཀྱི་གསར་འགྱུར་ཡོད།20 minPlay
July 12, 2021གསར་འགྱུར་ཕྱོགས་བསྡུས། ༢༠༢༡ ཟླ་༧ ཚེས་༡༢ - ཟླ་བ་བདུན་པ། ༡༣, ༢༠༢༡མི་བཞི་བཙོན་འཇུག་དང་མི་གཅིག་གིས་རང་སྲོག་བཅད་པ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་ལས་འཆར། རྒྱའི་བཟོ་ཚོང་ཁང་མིང་ཐོ་ནག་པོར་བཅུག་པ་ལ་ཡ་ལན། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་ཀྱི་ཉེན་བརྡ། ཀུ་བྷ་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ།5 minPlay
July 09, 2021ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༧ ཚེས་༩ - ཟླ་བ་བདུན་པ། ༠༩, ༢༠༢༡ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པའི་ནང་མིར་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་། ཨ་རིའི་དམག་དཔུང་ཨབ་གྷ་སི་ཐན་ནས་ཕྱིར་འཐེན་གྱི་གསལ་བསྒྲགས། ཏོག་ནད་འགོག་བཅོས་དང་འཛམ་གླིང་ཡོངས་ལ་འགོག་ཁབ་མཁོ་སྤྲོད། ཧེ་ཐིའི་སྲིད་འཛིན་ལྐོག་གསོད་བྱས་པ་སོགས་ཡོད།18 minPlay
July 08, 2021གསར་འགྱུར་ཕྱོགས་བསྡུས། ༢༠༢༡ ཟླ་༧ ཚེས་༨ - ཟླ་བ་བདུན་པ། ༠༩, ༢༠༢༡ནད་ཡམས་ཞི་བའི་རྗེས་སུ་ལྡི་ལིར་ཕེབས་རྒྱུའི་ཐུགས་རེ། འཛམ་གླིང་ས་ཕྱོགས་གང་ས་ནས་འཁྲུངས་སྐར་ལ་འཚམས་འདྲི། འཁྲུངས་སྐར་འཚམས་འདྲི་གནང་མཁན་ཚོར་ཐུགས་རྗེ་ཞུས་པ། གསེར་རྟ་ནས་བོད་མི་བཞི་འཛིན་བཟུང་། ཧེ་ཊི་སྲིད་འཛིན་ལྐོག་གསོད་ཐེབས་པ། ཡུ་གུར་བ་ཚོ་དང་དྲ་ལམ་བརྒྱུད་མཇལ་འཕྲད།5 minPlay
July 07, 2021ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༧ ཚེས་༧ - ཟླ་བ་བདུན་པ། ༠༧, ༢༠༢༡དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་འཁྲུངས་སྐར་གསུང་འཕྲིན་སྩལ་བ་དང་། འཛམ་གླིང་འགོ་ཁྲིད་མང་པོས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། བོད་མིའི་སྒྲིག་འཛུགས་ཀྱིས་འཁྲུངས་སྐར་སྲུང་བརྩི། འཕྲོད་བསྟེན་དང་སྨན་བཅོས་ཁྲོད་ཀྱི་བྱམས་བརྩེའི་བགྲོ་གླེང་། ཧོང་ཀོང་དུ་སློབ་ཕྲུག་འཛིན་བཟུང་བྱས་པ་སོགས་ཡོད།18 minPlay
July 05, 2021གསར་འགྱུར་ཕྱོགས་བསྡུས། ༢༠༢༡ ཟླ་༧ཚེས་༦ - ཟླ་བ་བདུན་པ། ༠༦, ༢༠༢༡༧གོང་ས་མཆོག་གིས་གཡུང་དྲུང་བོན་གྱི་བླ་ཆེན་ཞིག་ལ་ཐུགས་སྨོན། ཨ་རིའི་རང་བཙན་ཉིན་མོ་༢༤༥། ནུབ་ཕྱོགས་དཔུང་སྡེ་ཕྱིར་འཐེན་དང་ཨབ་གྷ་སི་ཐན་གྱི་བདེ་སྲུང་། རྒྱ་གར་དུ་སྨན་ཁབ་རྫུན་མ་ཚོང་འགྲེམས། ཧོང་ཀོང་གི་བཟོ་ཚོང་ཁང་ཞིག་ལ་ཆབ་སྲིད་ཀྱི་ནག་ཉེས་འཛུག་བཞིན་པ།5 minPlay
July 02, 2021ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༧ ཚེས་༢ - ཟླ་བ་བདུན་པ། ༠༢, ༢༠༢༡དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་གི་གསར་འགོད་གསལ་བསྒྲགས་དང་། བཞུགས་སྒར་དང་རྒྱ་གར་གྱི་རྒྱལ་སར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་བརྒྱའི་དུས་སྟོན་ཉིན་ངོ་རྒོལ་བྱས་པ། ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་ཚོགས་པ། ངོ་བོ་ཉིས་འགྱུར་གྱི་ཏོག་ནད་ཀྱིས་འགྲུལ་བཞུད་ལ་དམ་དྲག་ཡོང་བཞིན་པ་སོགས་ཡོད།17 minPlay
July 01, 2021གསར་འགྱུར་ཕྱོགས་བསྡུས། ༢༠༢༡ ཟླ་༦ ཚེས་༤ - ཟླ་བ་བདུན་པ། ༠༢, ༢༠༢༡དམར་ཤོག་དུས་དྲན་སྲུང་བརྩི་དང་མང་ཚོགས་ཀྱི་མངོན་འདོད། ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་གྱི་ཁྲིམས་འཆར་ངོ་སྤྲོད། གཞོན་ནུ་ཚོགས་པའི་རྒྱ་ནག་གཞུང་ཚབ་ཏུ་རྒོལ་མཆོང་། ཁེ་ན་ཌ་ནས་བོད་དོན་ཞི་བའི་གོམ་འགྲོད་ལས་འགུལ། རྒྱ་ནག་འགོག་རྒོལ་བྱ་རྒྱུར་རྒྱལ་ཁབ་གཉིས་བློ་མཐུན་བྱུང་པ།6 minPlay
June 30, 2021ཀུན་གླེང་གསར་འགྱུར་། ༢༠༢༡ ལོའི་ཟླ་༦ ཚེས་༣༠ - ཟླ་བ་དྲུག་པ། ༣༠, ༢༠༢༡ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དྷ་རམ་ས་ལའི་ཚོང་ཁང་དང་ཟ་ཁང་མང་པོར་ཏོག་ནད་ཀྱི་དམ་དྲག་རྐྱེན་དཀའ་ངལ་འཕྲད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཡུ་རོབ་ཏུ་འཚམས་གཟིགས། བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་གསུམ་པ། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་ལ་དྭགས་སུ་འཚམས་གཟིགས་གནང་བ་སོགས་ཡོད།20 minPlay
June 28, 2021གསར་འགྱུར་ཕྱོགས་བསྡུས། ༢༠༢༡ ཟླ་༦ ཚེས་༢༨ - ཟླ་བ་དྲུག་པ། ༢༩, ༢༠༢༡རྒྱ་གར་རྒྱལ་སྲུང་བློན་ཆེན་གྱིས་ལ་དྭགས་སུ་གཏམ་བཤད། རྒྱ་ནག་གིས་སྨན་ཁབ་བཀོལ་ནས་ཕྱི་འབྲེལ། ཨ་རིའི་འགོག་ཁབ་ལ་ལོ་ཤས་ཀྱི་ནུས་པ་ཡོད་ངེས་པ། རྒྱ་ནག་གི་ཆུ་ཤུགས་གློག་འདོན་ས་ཚིགས་གསར་བ། གནམ་ཐང་ནས་གསར་འགོད་པ་འཛིན་བཟུང་། བོད་ནང་གི་གསར་འགྱུར་གནད་བསྡུས།5 minPlay