Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།... more
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.
November 12, 2023རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་སྐོར། - ཟླ་བ་བཅུ་གཅིག་པ། ༡༢, ༢༠༢༣ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་ཚོགས་ནང་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་ཅིག་ཕྱིར་བསྒྲགས་བྱས་པ་དེའི་ནང་དོན་དང་། དུས་ཚོད་འདི་འདྲ་ཞིག་ལ་ཕྱིར་བསྒྲགས་བྱས་དགོས་དོན་སོགས་ངོ་སྤྲོད་ཞུས་ཡོད།...more13minPlay
November 11, 2023ལ་དྭཊ་གཙོས་པས་ཧི་མ་ལ་ཡའི་རྒྱུད་ལ་ཆོས་ལུཊ་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཕུཊ་རེ་ཇི་ཡོད། - ཟླ་བ་བཅུ་གཅིག་པ། ༡༢, ༢༠༢༣ལ་དྭགས་དང་ཧི་མ་ཡའི་རྒྱུད་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གྱི་ལས་གཞི་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་དགེ་བཤེས་དཀོན་མཆོག་དབང་འདུས་ལགས་དང་། སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ་ལགས་རྣམ་གཉིས་ལྷན་དུ་ས་གནས་སུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་ལས་གཞིའི་སྐོར་གླེང་མོལ་ཞུས་ཡོད།...more25minPlay
November 10, 2023བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་སྐོར། - ཟླ་བ་བཅུ་གཅིག་པ། ༡༠, ༢༠༢༣ཉེ་དུས་རྡ་རམ་ས་ལར་བོད་པའི་སྤྱི་ཚོགས་ཁྲོད་དུ་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་དང་འབྲེལ་བའི་ཐད་ལ་ཚོགས་འདུ་ཞིག་ཚོགས་ཡོད་པའི་སྐོར་ལ་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།...more24minPlay
November 06, 2023མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ། སྐབས་༡༡་པའི་སྤྱི་འཐུས་གནང་བའི་མྱོང་ཚོར། - ཟླ་བ་བཅུ་གཅིག་པ། ༠༧, ༢༠༢༣དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་འདི་གའི་ལས་བྱེད་པད་མ་བདེ་ཆེན་ལགས་ལྷན་དུ་ཁོང་ནས་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་བཞེས་པའི་སྐབས་ཀྱི་གནས་ཚུལ་ལ་དྲན་གསོ་དང་བགྲོ་གླེང་ཞུ་ཡི་ཡིན།...more16minPlay
November 02, 2023ཕལ་སྐད་གླེང་མོལ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ། - ཟླ་བ་བཅུ་གཅིག་པ། ༠༣, ༢༠༢༣ཐེངས་འདིའི་ཕལ་སྐད་གླེང་མོལ་པོཌ་ཁ་སེ་ལེ་ཚན་ནང་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་དེ་བཞིན་བོད་མི་སྤྱི་སྒེར་གཉིས་ལ་ཧ་ཅང་ཕན་ཐོགས་ཆེ་བའི་བརྒྱུད་རིམ་ཡིན་སྐོར་གླེང་མོལ་གནང་བ་དེ་གསན་གྱི་རེད།...more21minPlay
October 30, 2023ལི་ཁེ་ཆང་། - ཟླ་བ་བཅུ་པ། ༣༡, ༢༠༢༣རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆང་གླུ་བུར་དུ་གྲོངས་པར་རྒྱ་ནག་མི་དམངས་ཀྱིས་རང་འགུལ་ཐོག་ཏུ་མྱ་ངན་དང་རྗེས་དྲན་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་དམངས་ཀྱི་བྱེད་སྒོ་དེ་ཚོར་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་གནད་དོན་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།...more22minPlay
October 30, 2023བློ་རིག་དང་སེམས་དང་སེམས་བྱུང་སྐོར། - ཟླ་བ་བཅུ་པ། ༣༡, ༢༠༢༣༄༅། རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་དགེ་དགེ་སློང་བསྟན་འཛིན་ཟིལ་གནོན་ལགས་སུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བློ་རིག་དང་ སེམས་དང་ སེམས་བྱུང་སྐོར་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།...more21minPlay
October 30, 2023རྩོམ་སྒྲིག་པའི་གཏམ་ཚོགས། ཨི་སི་རལ་གྱིས་གྷ་ཛ་ལུང་གཤོངས་སུ་དཔུང་འཇུག་དང་དཀའ་ངལ། - ཟླ་བ་བཅུ་པ། ༣༠, ༢༠༢༣ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་ཚོགས་པོ་ཊི་ཁ་སི་ལས་རིམ་ནང་། ཨི་སི་རལ་གྱིས་གྷ་ཛ་ལུང་གཤོངས་སུ་རྐང་དམག་གཏོང་རྒྱུའི་གྲ་སྒྲིག་འཐུས་ཚང་བྱས་ཡོད། གལ་སྲིད་རྐང་དམག་བཏང་ཚེ་མཐའ་མའི་དམིགས་ཡུལ་ག་འདྲ་ཞིག་འཛིན་དགོས་པ་དང་། མཇུག་འབྲས་ག་རེ་འབྱུང་སྲིད་པ་སོགས་ཀྱི་ཐད་ཉམས་ཞིབ་པ་རྣམས་ཀྱིས་སྔོན་དཔག་བྱས་པ་ཁག་ཅིག་གླེང་སློང་བྱས།...more18minPlay
October 29, 2023དུས་ཟིང་དམག་འཁྲུག་ཁག་གིས་ཁོར་ཡུག་ལ་གནོད་སྐྱོན། - ཟླ་བ་བཅུ་པ། ༢༩, ༢༠༢༣དཀྱིལ་ཤར་མངའ་ཁུལ་དུ་ཚ་དྲོད་ཆེ་བ་དང་ཆར་ཆུ་དཀོན་པ། ཐན་པའི་དཀའ་ངལ་ཆེ་བ་སོཊ་ཀྱི་གནས་སྟངས་ཡོད་པ་ལས། འདས་པའི་མི་རབས་མང་པོར་རང་བྱུང་ཁམས་ཀྱི་སྣོད་བཅུད་ལ་ཉམས་ཆག་བྱུང་ཐོག་དེང་སྐབས་ཨི་སི་རལ་དང་། ཧཱ་མ་སིའི་རུ་ཁག་གཉིས་དབར་དམག་འཁྲུག་ལངས་རྐྱེན་སྣོད་བཅུད་གཉིས་ཆར་ཉམས་ཆག་ཚབས་ཆེར་འགྱུར་སྲིད་པའི་སྐོར་གླེང་མོལ་ཞུས་ཡོད།...more11minPlay
October 24, 2023ཁྲིམས་དང་རང་དབང་། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། - ཟླ་བ་བཅུ་པ། ༢༥, ༢༠༢༣བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་བརྗོད་པའི་དཔེ་དེབ་ཀྱི་རྩོམ་པ་པོའི་ངོ་སྤྲོད་དང་ཁུངས་སྐྱེལ་ཡིག་ཆ། དཔེ་དེབ་དེ་གལ་ཆེན་པོར་འགྱུར་དགོས་པའི་རྒྱུ་མཚན། དེ་བཞིན་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་བྱ་བར་དགེ་ཕན་ཅི་ཡོད་པའི་སྐོར་དཔེ་དེབ་དེ་བོད་ཡིག་ལ་བསྒྱུར་གནང་མཁན་སངས་རྒྱས་སྐྱབས་ལ་གླེང་མོལ་བྱས་ཡོད།...more30minPlay
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.