Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
May 05, 2022རྒྱ་གཞུང་གིས་བོད་པ་བསྟན་འཛིན་ཞེས་པ་ཞིག་འཛིན་བཟུང་། - ཟླ་བ་ལྔ་པ། ༠༦, ༢༠༢༢རྒྱ་ནག་གཞུང་གིས་བོད་ལྗོངས་གཞིས་རྩེ་ས་ཁུལ། གཉའ་ལམ་རྗོང་གི་ཟུར་མཚོ་ཤང་། རྣམ་གླིང་གྲོང་ཚོའི་ལོ་ན་༣༧་ལ་སོན་པའི་བོད་པ་བསྟན་འཛིན་ཟེར་བ་ཞིག་གིས་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ཆབ་སྲིད་ཀྱི་སྐད་ཆ་བཤད་པའི་ཉེས་མིང་འོག་༢༠༡༩་ལོའི་ཕྱི་ཟླ་༡་ནང་འཛིན་བཟུང་གིས་གཞིས་རྩེ་ཉ་རི་བཙོན་ཁང་དུ་ལོ་གཅིག་དང་ཟླ་བ་བཞིའི་རིང་བཙོན་དུ་བཅུག4 minPlay
May 05, 2022ཡུཀ་རེན་གྱི་དམག་འཁྲུག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་ནན་སྐུལ། - ཟླ་བ་ལྔ་པ། ༠༦, ༢༠༢༢༄༅།། རྒྱ་གར་དང་ཧྥ་རན་སི་གཉིས་ཀས་ཡུཀ་རེན་གྱི་དམག་འཁྲུག་འཕྲལ་དུ་མཚམས་འཇོགས་བྱེད་དགོས་ཞེས་རེས་གཟའ་ལྷག་པའི་ཉིན་གཞེན་སྐུལ་བྱས་ཀྱང་སྲིད་བློན་མོ་དྷིས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཡོངས་གྲགས་སུ་སྐྱོན་བརྗོད་བྱས་མེད་པའི་སྐོར།5 minPlay
May 05, 2022ཡུཀ་རེན་གྱི་དམག་གིས་ཨུ་རུ་སུར་ཕར་རྒོལ། - ཟླ་བ་ལྔ་པ། ༠༦, ༢༠༢༢༄༅།། ཨུ་རུ་སུས་ཡུཀ་རེན་ལ་དཔུང་འཇུག་དང་གཏོར་རྒོལ་བྱེད་བཞིན་ཡོད་ཀྱང་ཡུཀ་རེན་གྱི་དམག་མིས་ཨུ་རུ་སར་ཕར་རྒོལ་བྱེད་ཐུབ་ཀྱི་ཡོད་པ་དང་མཱ་རི་ཨུ་པུལ་གྲོང་ཁྱེར་གྱི་དྭངས་ལྕགས་བཟོ་གྲའི་ཁུལ་ཏུ་འཐབ་འཁྲུག་དྲག་པོ་ལངས་ཡོད་པའི་སྐོར།5 minPlay
May 05, 2022རྒྱ་གར་གཞུང་གིས་ནད་དུག་གིས་ཤི་བའི་གཞི་གྲངས་ཕྱིར་བསྒྲགས། - ཟླ་བ་ལྔ་པ། ༠༥, ༢༠༢༢རྒྱ་གར་གཞུང་གིས་རེས་གཟའ་མིག་དམར་ཉིན་ཏོག་དབྱིབས་ནད་དུག་གི་སྙན་ཐོ་ཞིག་བཏོན་ཏེ་༢༠༢༠་དང་བསྡུར་ན་སྔ་ལོ་ཏོག་དབྱིབས་ནད་དུག་གིས་མི་གྲངས་༤༧༥༠༠༠་ལྷག་མང་བ་ཤི་འདུག འོན་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་ཀྱིས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་པའི་གྲངས་ཐོ་བཀོད་པ་དེར་རྒྱ་གར་གཞུང་གིས་མོས་མཐུན་བྱེད་ཀྱི་མེད་པའི་སྐོར།4 minPlay
May 05, 2022ཐེ་ཝན་གྱིས་ཨ་རི་ནས་ཐད་འཕུར་གནམ་གྲུ་གསར་པ་ཉོ་ཐུབ་ཀྱི་མེད་པ། - ཟླ་བ་ལྔ་པ། ༠༥, ༢༠༢༢༄༅།། ཐེ་ཝན་གྱིས་ཨ་མི་རི་ཀ་ནས་མཚོ་འོག་དམག་གྲུ་གཏོང་སྤྱད་དེང་རབས་ཀྱི་ཐད་ཕུར་གནམ་གྲུ་གསར་པ་རིན་གོང་ཆེ་དྲགས་ཏེ་ཉོ་ཐུབ་ས་མ་རེད་ཅེས་གསལ་སྟོན་བྱས་འདུག་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།5 minPlay
May 05, 2022རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་འཕོག་རྒྱུའི་འཇིགས་སྣང་། - ཟླ་བ་ལྔ་པ། ༠༥, ༢༠༢༢༄༅།། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཅོད་ཀྱི་ཡོད་པ་ལྟར་རྒྱ་ནག་ལའང་ཉེས་ཆད་འཕོག་སྲིད་པའི་འཇིགས་སྣང་གིས་རྒྱ་ནག་གཞུང་ནས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སྦྱོང་བརྡར་དང་ཞིབ་འཇུག་བྱེད་དགོས་པའི་བཀའ་བཏང་ཡོད་པའི་སྐོར།5 minPlay
May 05, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་ལྔ་པ། ༠༥, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
May 05, 2022ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགོ་ཁྲིད་ཚོ་ཕོ་བྲང་དཀར་པོར་འབོད་འཆར། - ཟླ་བ་ལྔ་པ། ༠༥, ༢༠༢༢༄༅།། ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་ཤིག་གིས་རེས་གཟའ་ཟླ་བའི་ཉིན་གསལ་སྟོན་གནང་བ་ལྟར་ན། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལོ་མཇུག་འདིར་བདེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་ཨ་མི་རི་ཀས་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཞིང་།4 minPlay
May 05, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་ལྔ་པ། ༠༥, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
May 04, 2022ནོར་འཛིན་དབང་མོ་ནད་གཅོང་དུ་གྱུར་རྗེས་གློད་གྲོལ། - ཟླ་བ་ལྔ་པ། ༠༥, ༢༠༢༢༄༅།། རྒྱ་ནག་གཞུང་གིས་ཡུལ་ཤུལ་ཁུལ། ཆུ་དམར་ལེབ་རྫོང་གི་ཆིག་སྒྲིལ་གྲོང་རྡལ་གྱི་སྔོན་ལུང་སྡེ་པའི་ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་༢༠༡༣་ལོར་ཆུ་དམར་ལེབ་རྫོང་དུ་བོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད།4 minPlay