Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
May 04, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་ལྔ་པ། ༠༤, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
May 03, 2022རྒྱ་ནག་ཏུ་ཀུ་ཤུ་བཟོ་ཚོང་ཁང་ལ་གྱོན་གུད་དང་རྒྱ་གར་ལ་གོ་སྐབས། - ཟླ་བ་ལྔ་པ། ༠༤, ༢༠༢༢༄༅།། རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་གྲོང་ཁྱེར་ཆེ་ཁག་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་ཀུ་ཤུ་བཟོ་ཚོང་ཁང་ལ་གྱོད་གུད་རག་བཞིན་ཡོད་ཅིང་། གལ་སྲིད་ཀུ་ཤུ་བཟོ་ཚོང་ཁང་རྒྱ་ནག་ནས་ཕྱིར་འཐེན་བྱེད་ན་རྒྱ་གར་ལ་སྤོར་སྲིད་པའི་སྔོན་དཔག་བྱེད་མཁན་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།4 minPlay
May 03, 2022བོད་རང་སྐྱོང་ལྗོངས་སུ་གུང་ཁྲན་ཏང་ལ་དགའ་ཞེན་གྱི་བྱེད་སྒོ་སྤེལ། - ཟླ་བ་ལྔ་པ། ༠༤, ༢༠༢༢ཕྱི་ཟླ་༥་ཚེས་༡་གི་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཉིན་ནས་མགོ་འཛུགས་ཀྱིས་རྒྱ་ནག་གཞུང་གིས་ལོ་ལྟར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་འགའ་ཞིག་ལ་ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་དུས་ཆེན་ལ་རྒྱ་ནག་གི་རྒྱལ་གླུ་བློ་རྒྱུགས་ལེན་པ་དང་ཏང་ལ་བསྟོད་བསྔགས་ཀྱི་གཞས་སྣ་ལེན་དགོས་པ།7 minPlay
May 03, 2022སྲིད་བློན་མོ་དྷི་བལ་ཡུལ་གྱི་ལུམྦི་ནིར་ཕེབས་རྒྱུ། - ཟླ་བ་ལྔ་པ། ༠༤, ༢༠༢༢༄༅།། ཕྱི་ཟླ་༥་པའི་ཟླ་དཀྱིལ་འདིར་བལ་ཡུལ་དུ་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་པ་དེར་རྒྱ་གར་གྱི་སྲིད་བློན་མོ་དྷི་གདན་འདྲེན་ཞུས་ཡོད་ཅིང་། ཕྱི་ཟླ་༥་པའི་ཚེས་༡༦་ཉིན་སྲིད་བློན་མོ་དྷི་བལ་ཡུལ་གྱི་གནས་མཆོག་ལུམྦི་ནིར་ཕེབས་ཀྱི་ཡོད་པ་བཅས་ཀྱི་སྐོར།5 minPlay
May 03, 2022ཨ་རིས་གློག་གི་རླངས་འཁོར་གྱི་མེ་རྫས་ཚད་ལྡན་བཟོ་འཆར། - ཟླ་བ་ལྔ་པ། ༠༤, ༢༠༢༢༄༅།། ཨ་རིའི་གཞུང་གིས་རླངས་འཁོར་ལ་རྡོ་སྣུམ་གྱི་ཚབ་ཏུ་གློག་གི་མེ་རྫས་བཀོལ་བྱ་རྒྱུ་དེར་ཨ་སྒོར་དུང་ཕྱུར་༣༡་འགྲོ་གྲོན་གཏོང་གི་ཡོད་ཅིང་། ཨ་རིའི་རྒྱལ་ནང་དུ་གློག་གི་རླངས་འཁོར་ལ་མཁོ་བའི་ཚད་ལྡན་གྱི་མེ་རྫས་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར།4 minPlay
May 03, 2022ཨུ་རུ་སུས་ཡུཀ་རེན་གྱི་ཤར་ཕྱོགས་སུ་དྲག་རྒོལ། - ཟླ་བ་ལྔ་པ། ༠༤, ༢༠༢༢༄༅།། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུར་དམ་དྲག་བྱས་ནས་ཉེས་ཆད་འགེལ་རྒྱུའི་གྲ་འགྲིག་བྱེད་བཞིན་པའི་སྐབས་འདིར་ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཁར་ཀིབ་ལ་མེ་སྒྱོགས་ཤུགས་ཆེན་བརྒྱབ་པར་མ་ཟད།5 minPlay
May 03, 2022ཡེ་ཤུའི་བླ་ཆེན་གྱིས་ཕུ་ཊིན་ལ་ཐུག་འདོད་ཡོད་ཅེས་བསྒྲགས། - ཟླ་བ་ལྔ་པ། ༠༤, ༢༠༢༢༄༅།།་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་གིས་ཡུག་རེན་གྱི་དམག་འཁྲུག་འགོག་ཐབས་སུ་མོ་སི་ཀོར་ཕེབས་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་གྲོས་མོལ་བྱེད་འདོད་ཡོད་ཅེས་འབོད་སྐུལ་གསལ་བསྒྲགས་སྤེལ་འདུག་པའི་སྐོར།5 minPlay
May 03, 2022ཧྥི་ལི་ཕིན་གྱི་སྲིད་འཛིན་འོས་བསྡུའི་འགྲན་སྡུར། - ཟླ་བ་ལྔ་པ། ༠༤, ༢༠༢༢༄༅།། ཕྱི་ཚེས་༩་ཉིན་ཧྥི་ལི་པིན་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་ཅིང་། ད་ལྟའི་འོས་མིའི་འགྲན་སྡུར་ལ་ཞུགས་ཡོད་པའི་སྲིད་འཛིན་ཟུར་པའི་བུ་སྟེ། མར་ཀོ་སི་ལ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཡོད་ཀྱང་མཐའ་མཇུག་གྲུབ་འབྲས་ནི་སུས་ཀྱང་སྔོན་དཔག་དཀའ་བ་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་འགྲེལ་རྗོད་བྱས་འདུག་པའི་སྐོར།6 minPlay
May 03, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་ལྔ་པ། ༠༣, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
May 03, 2022རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་པ་འཛུགས་སྐྲུན། - ཟླ་བ་ལྔ་པ། ༠༣, ༢༠༢༢༄༅།། ད་ལོའི་ཕྱི་ཟླ་༤་པའི་ཚེས་༡༡་ཉིན་འཁོར་སྐར་གྱིས་བརྙན་པར་བླངས་པར་གཞིགས་ཚེ། རྒྱ་ནག་གཞུང་གིས་ཧིན་བོད་ས་མཚམས་སུ་ཁེལ་བའི་ལ་དྭགས་ཕྱོགས་ཀྱི་སྤང་གོང་མཚོ་ཐོག་ཏུ་ཟམ་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་མ་ཟད། ཟམ་པ་དེ་འགྲུབ་གྲབས་ཡོད་པས་རྒྱ་གར་ལ་བློ་འཚབ་ཡོང་རྐྱེན་ཞིག་ཏུ་གྱུར་ཡོད་པའི་སྐོར།5 minPlay