Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
April 26, 2022བོད་ཀྱི་མཐོ་སློབ་ཁག་ཏུ་སློབ་ཕྲུག་བསྡུ་ཕྱོགས་ཀྱི་སྒྲིག་ཁྲིམས་གསར་པ། - ཟླ་བ་བཞི་པ། ༢༦, ༢༠༢༢རྒྱ་ནག་གི་སློབ་གསོ་ལྷན་ཁང་གིས་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་བསྡུ་ཕྱོགས་ཐད་ཕྱི་ལོ་༢༠༢༢་ལོའི་སྒྲིག་གཞི་གསར་པ་ཞེས་པ་ཞིག་གཏན་འབེབས་བྱས་ཡོད་པ་དེར་འཁོད་པ་ལྟར་ན།༧གོང་ས་མཆོག་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ་རྣམས་མ་གཏོགས་བསྡུ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་ཅིང་།6 minPlay
April 26, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༢༦, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
April 25, 2022མགོ་ལོག་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་གློད་གྲོལ། - ཟླ་བ་བཞི་པ། ༢༦, ༢༠༢༢༄༅།། རྒྱ་ནག་གཞུང་གིས་༢༠༢༡་ལོར་མགོ་ལོག་ཁུལ་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་གཙོས་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་པར་མི་འདོད་པའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ནག་ཉེས་འོག་༢༠༢༡་ལོའི་ཕྱི་ཟླ་༧་ཚེས་༨་ཉིན་འཛིན་བཟུང་བྱས་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ3 minPlay
April 25, 2022ཡིད་བྱེད་དང་རང་རྒྱུད་རང་ཤེས་སྦྱོང་བརྡར་སྐོར། - ཟླ་བ་བཞི་པ། ༢༥, ༢༠༢༢༄༅། དེ་རིང་གི་བདེ་སྐྱིད་ཀྱི་ས་བོན་ལེ་ཚན་ལ་སཱི་ཤེས་ཡོན་བསླབ་གཞིའི་ཁོངས་སུ་སློབ་ཕྲུག་ཚོར་ཡིད་བྱེད་དང་རང་རྒྱུད་རང་ཤེས་གོང་འཕེལ་དུ་གཏོང་ཐབས་ཀྱི་ཐད་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱིའི་ཤེས་ཡོན་བསླབ་གཞིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་སུ་བཅར་འདྲི་ཞུས་པའི་ཚན་པ་ཞིག་གསན་རོག་གནང་།།13 minPlay
April 25, 2022བོད་པའི་དམག་སྒར་ཨང་༢༢་པ། - ཟླ་བ་བཞི་པ། ༢༥, ༢༠༢༢དེ་རིང་གི་ང་ཚོའི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་འདིར་རྒྱ་གར་གྱི་དམག་ཁོངས་སུ་བཙུགས་པའི་བོད་པའི་དམག་སྒར་ཨང་༢༢་པའི་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན་པས་སྔོན་ལ་ཚན་པ་དང་པོ་དེ་གསན་རོགས་གནང་།11 minPlay
April 25, 2022ཨ་རིའི་ཕྱི་འབྲེལ་མི་སྣ་ཚོ་ཡུཀ་རེན་ལ་ཕྱིར་ལོག - ཟླ་བ་བཞི་པ། ༢༥, ༢༠༢༢༄༅།། གཟའ་འཁོར་འདིར་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་ལས་སྣེ་རྣམས་ཡུཀ་རེན་ལ་ཕྱིར་ལོག་བྱ་འཆར་ཡོད་ཅིང་། ཐོག་མར་ཡུཀ་རེན་གྱི་ནུབ་ཕྱོགས་སུ་ཆགས་པའི་ལི་ཝིབ་གྲོང་ཁྱེར་དང་དེ་ནས་རིམ་བཞིན་རྒྱལ་ས་ཀིབ་ལ་ཕྱིར་ལོག་བྱ་འཆར་ཡོད་པ་བཅས་ཀྱི་སྐོར།5 minPlay
April 25, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༢༥, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
April 25, 2022༧གོང་ས་མཆོག་ནས་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ལ་རྟེན་འབྲེལ་ཞུས། - ཟླ་བ་བཞི་པ། ༢༥, ༢༠༢༢༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་ཕྱི་ཟླ་༤་པའི་ཚེས་༢༥་ཉིན་རྟེན་འབྲེལ་ཞུ་བའི་ཕྱག་བྲིས་ཤིག་སྩལ་འདུག་ཅིང་།4 minPlay
April 25, 2022པེ་ཅིང་ལ་ནད་དུག་བརྟག་དཔྱད་བྱ་རྒྱུ་མགོ་འཛུགས། - ཟླ་བ་བཞི་པ། ༢༥, ༢༠༢༢༄༅།། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་པ་ལྟར་པེ་ཅིང་ལའང་དཀའ་ངལ་འཕྲད་རྒྱུའི་འཇིགས་སྣང་གིས་དེ་རིང་ནས་མི་མང་ལ་ཉིན་གསུམ་རིང་བརྟག་དཔྱད་བྱེད་མགོ་ཚུགས་ཡོད་ཅིང་།5 minPlay
April 25, 2022བྱེས་ཀྱི་བཀྲིས་ལྷུན་པོར་པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྲུང་བརྩི། - ཟླ་བ་བཞི་པ། ༢༥, ༢༠༢༢པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་དགུང་གྲངས་༣༣་ཧྲིལ་པོ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོ་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕྱི་ཟླ་༤་ཚེས་༢༥་ཉིན་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པའི་སྐོར།6 minPlay