Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
April 23, 2022ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཤུགས་ཆེ་རུ་བཏང་། - ཟླ་བ་བཞི་པ། ༢༤, ༢༠༢༢ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་ཤར་ཕྱོགས་ཀྱི་ས་ཁུལ་ཡོངས་རྫོགས་བཙན་བཟུང་བྱེད་རྒྱུའི་དམིགས་ཡུལ་སྒྲུབ་ཐབས་བྱེད་བཞིན་པ་དང་། ཡུཀ་རེན་གྱི་དམག་དཔུང་དང་མི་དམངས་ནས་མུ་མཐུད་འགོག་རྒོལ་ནན་མོ་བྱེད་ཀྱི་ཡོད་པའི་གནས་ཚུལ་རྒྱལ་མཚན་ཚེ་རིང་ནས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུས་ཡོད།6 minPlay
April 23, 2022ཧྲང་ཧེ་ཡི་མིས་རིམས་འགོག་སྲིད་ཇུས་འོག་གི་བདེ་སྡུག་གླེང་། - ཟླ་བ་བཞི་པ། ༢༤, ༢༠༢༢རྒྱ་ནག་གཞུང་གི་རིམས་འགོག་སྲིད་ཇུས་ཀྱི་འོག་ཏུ་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་བཀག་སྡོམ་བྱས་ནས་མི་མང་པོར་བཟའ་བཅའ་སོགས་ཀྱིས་འདང་གི་མེད་ཅིང་། དེའི་སྐོར་དྲ་ལམ་ནས་གླེང་རྒྱུར་བཀག་སྡོམ་བྱས་ཡོད་ནའང་། མི་ཁག་ཅིག་གིས་དྲ་རྒྱའི་ལྕགས་རི་བརྒལ་ནས་གླེང་སློང་བྱེད་བཞིན་པའི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།5 minPlay
April 23, 2022སྤྱི་ཟླ་བཞི་པའི་སྐད་སྒྲ། - ཟླ་བ་བཞི་པ། ༢༤, ༢༠༢༢འདས་པའི་ཉིན་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་སྤྱི་ཟླ་བཞི་པའི་སྐད་སྒྲ་ཟེར་བའི་བརྙན་ཐུང་ཞིག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ལྟར། ཐེངས་འདིའི་ཕོ་ཌ་ཁེ་སི་ལས་རིམ་ནང་རྒྱ་ནག་གི་རིམས་འགོག་སྲིད་ཇུས་འོག་གི་ཧྲང་ཧེ་ཡི་མི་རྣམས་ཀྱི་དཀའ་ངལ་བརྗོད་པའི་ནང་དོན་ཁག་གི་ཐད་གླེང་སློང་བྱས་ཡོད།12 minPlay
April 23, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༢༣, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
April 23, 2022སྲིད་འཛིན་བྷ་ཌན་གྱིས་འོས་འདེམས་ལ་གདོང་ལེན། - ཟླ་བ་བཞི་པ། ༢༣, ༢༠༢༢༄༅།། ད་ལོའི་འོས་འདེམས་ལ་སྲིད་འཛིན་ཇཱོ་བྷ་ཌན་གྱིས་གདོང་ལེན་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། ཁོང་གིས་ཨ་རིའི་རྒྱལ་ནང་དུ་འབྱུང་གི་ཡོད་པའི་དཀའ་ངལ་རྣམས་སྤྱི་མཐུན་ཚོགས་པའི་བྱས་ཉེས་ལས་བྱུང་བ་ཞིག་རེད་ཅེས་ལན་ཁག་དཀྲི་ས་ཞིག་འཚོལ་གྱི་ཡོད་པའི་སྐོར།7 minPlay
April 23, 2022ཧྲང་ཧེ་སོགས་ལ་མུ་མཐུད་དུ་སྒོ་རྒྱ་བསྡམས་ནས་བཀག་སྡོམ། - ཟླ་བ་བཞི་པ། ༢༣, ༢༠༢༢རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ད་དུང་ཡང་ཏོག་དབྱིབས་ནད་དུག་འགོ་མཁན་མང་པོ་འབྱུང་བཞིན་ཡོད་ཅིང་། རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུ་ཡིན་ཞེས་ནད་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མི་མང་གི་འཚོ་གནས་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་ཞིས་ཅིན་ཕིང་གིས་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་4 minPlay
April 23, 2022གཟའ་ཉི་མར་ཧྥ་རན་སིའི་སྲིད་འཛིན་འོས་འདེམས། - ཟླ་བ་བཞི་པ། ༢༣, ༢༠༢༢ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁག་མཇུག་སྒྲིལ་ཏེ་སང་ཉིན་གཟའ་ཉི་མར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་འོས་འདེམས་སྐོར་ཐེངས་གཉིས་པ་དེར་གཡས་ཕྱོགས་ཚོགས་པའི་འོས་མི་མ་རི་ལོ་པེན་དང་གཞུང་འཛིན་གུ་ཡངས་ཚོགས་པའི་འོས་མི་སྲིད་འཛིན་ལས་ཐོག་མེཀ་རོན་གཉིས་ཀྱིས་འགྲན་སྡུར་བྱེད།5 minPlay
April 23, 2022ཉི་ཧོང་གི་སྲིད་བློན་ཟུར་པས་རྒྱལ་སྲུང་འགྲོ་གྲོན་སྤར་དགོས་པའི་ནན་སྐུལ། - ཟླ་བ་བཞི་པ། ༢༣, ༢༠༢༢༄༅།། ཐེ་ཝན་དང་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་གི་ཐོག་ཏུ་ཉི་ཧོང་གི་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་ལོ་རེའི་རྒྱལ་སྲུང་གི་དམག་དོན་འགྲོ་གྲོན་སྤར་དགོས་པའི་ནན་སྐུལ་ཞུས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།4 minPlay
April 23, 2022རྒྱ་གར་དང་དབྱིན་ཇིའི་ཚོང་ལས་དང་དམག་དོན་འབྲེལ་བ་རྒྱ་སྐྱེད། - ཟླ་བ་བཞི་པ། ༢༣, ༢༠༢༢༄༅།། དབྱིན་ཇིའི་སྲིད་བློན་ཇཱོན་སན་རྒྱ་གར་ལ་འཚམས་འདྲིའི་ཕེབས་པའི་སྐབས་སུ་ཕྱོགས་གཉིས་ཀྱིས་གང་མགྱོགས་རང་དབང་ཚོང་འབྲེལ་འཛུགས་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་ཅིང་།7 minPlay
April 23, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༢༣, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay