Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
April 21, 2022ཨ་རྒྱའི་རྩོད་གཞིར་གྱུར་པའི་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ། - ཟླ་བ་བཞི་པ། ༢༡, ༢༠༢༢ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དང་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་མཉམ་འབྲེལ་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། གྲོས་མཐུན་དེས་ཞི་བདེའི་རྒྱ་མཚོའི་ནང་དུ་རྒྱ་ནག་གི་སྟོབས་ཤུགས་ཁྱབ་སྲིད་པ་དང་གླིང་ཕྲན་དེར་རྒྱ་ནག་གི་དམག་སྒར་འཛུགས་སྲིད་པའི་བློ་འཚབ་4 minPlay
April 21, 2022ཨ་རྒྱའི་རྒྱལ་སྲུང་བློན་ཆེན་གཉིས་ཀྱི་བཀའ་མོལ་ཐེངས་དང་པོ། - ཟླ་བ་བཞི་པ། ༢༡, ༢༠༢༢༄༅།། ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊིན་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེང་ཧེ་གཉིས་ཕྱི་ཟླ་༤་པའི་ཚེས་༢༠་སྟེ། རེས་གཟའ་ལྷག་པའི་ཉིན་ཁ་པར་ཐོག་ཏུ་བཀའ་མོལ་ཐེངས་དང་པོ་བྱུང་ཡོད་ཅིང་།5 minPlay
April 21, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༢༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
April 21, 2022སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས། - ཟླ་བ་བཞི་པ། ༢༡, ༢༠༢༢༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་མགྲོན་འབོད་ལྟར་ཕྱི་ཟླ་༤་པའི་ཚེས་༢༡་ ནས་ཕྱི་ཟླ་༥་པའི་ཚེས་༡༢་བར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་ཅིང་།4 minPlay
April 21, 2022བོད་ལ་བཅིངས་འགྲོལ་བཏང་བ་མིན་པར་བཙན་འཛུལ་རེད་ཟེར། - ཟླ་བ་བཞི་པ། ༢༡, ༢༠༢༢༄༅། ཨ་རིའི་སྤྱི་དམངས་རྒྱ་ནག་པ་ཤེས་ཡོན་ཅན་ཞིག་གིས་ཞིབ་འཇུག་བྱས་པའི་དཔེ་དེབ་གསར་པ་ཞིག་ཐོན་ཡོད་པ་དེར་འཁོད་དོན་ལྟར་ན། རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་པ་ཡིན་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་བོད་ལ་ཆེས་གདུག་རྩུབ་ཀྱི་སྒོ་ནས་བཙན་འཛུལ་བྱས་འདུག་ཅེས་ཐེར་འདོན་བྱས་ནས་དཔེ་དེབ་བརྩམས་འདུག་པའི་སྐོར།7 minPlay
April 21, 2022རྒྱ་ནག་གཞུང་གིས་རེབ་གོང་ཕྱོགས་ཀྱི་བོད་པའི་ས་ཞིང་བཙན་འཕྲོག - ཟླ་བ་བཞི་པ། ༢༡, ༢༠༢༢རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཡོངས་སུ་ས་ཞིང་དང་རྩྭ་ས་རྣམས་གཞུང་བཞེས་བཏང་ནས་བཙན་འཕྲོག་བྱེད་ཀྱི་ཡོད་པའི་གནས་ཚུལ་མི་ཉུང་བ་ཞིག་འབྱུང་གི་ཡོད་པ་ལྟར་མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་ཧོར་རྒྱ་སྡེ་པའི་ས་ཞིང་ཁག་ཅིག་དེ་སྔ་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་ནས་མང་ཚོགས་ལ་འཚོ་རྟེན་མེད་པར་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་།5 minPlay
April 21, 2022རྒྱ་ནག་གི་དོ་དམ་འོག་ཚུད་པའི་བོད་༣་གྱི་གནས་སྟངས་གླེང་སློང་། - ཟླ་བ་བཞི་པ། ༢༡, ༢༠༢༢རྒྱ་ནག་གཞུང་གི་དོ་དམ་འོག་ཏུ་ཚུད་པའི་བོད་པ་རྩོམ་པ་པོ་བློ་བཟང་གྲགས་པའམ། དྷི་ལྷ་ལྡན་དང་གཞས་པ་ལྷུན་གྲུབ་གྲགས་པ། དེ་བཞིན་དགེ་རྒན་རིན་ཆེན་སྐྱིད་གསུམ་གྱི་གནད་དོན་ཐད། རྒྱལ་ཚོགས་ཀྱི་མཁས་པའི་ཚོགས་ཆུང་དྲུག་གིས་བློ་འཚབ་ཆེན་པོ་ཡོད་ཅེས་གསལ་སྟོན་གནང་སྟེ་གླེང་སློང་བྱུང་ཡོད་པའི་སྐོར།9 minPlay
April 21, 2022བོད་ནང ལ་ནད་ཡམས་ཀྱི་གནས་ཚུལ་བསྒྲཊ་མི་ཆོག་པའི་དམ་དྲག - ཟླ་བ་བཞི་པ། ༢༡, ༢༠༢༢མི་སྒེར་པ་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་དུ་ནད་ཡམས་སྐོར་གྱི་གནས་ཚུལ་སྤེལ་འདུག་ཅེས་མཚོ་སྔོན་འབའ་རྫོང་གི་ས་གནས་ཡུལ་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གསར་འགྱུར་མཁོ་སྤྲོད་པས་ཉེ་ཆར་ཕྱི་ཚེས་༡༨་ནས་རྒྱ་ནག་གཞུང་གིས་ནད་ཡམས་སྐོར་གྱི་གནས་ཚུལ་གང་བྱུང་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཀའ་ཕབ་སོང་།3 minPlay
April 21, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་བཞི་པ། ༢༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
April 20, 2022སྨོན་ལམ་ཚིག་མཛོད་ཐོན་རིམ་༣་པ་༧གོང་ས་མཆོག་ལ་སྤྱན་འབུལ། - ཟླ་བ་བཞི་པ། ༢༡, ༢༠༢༢རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལ་མཇལ་ཁ་སྩལ།།5 minPlay