Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
March 30, 2022རྒྱ་གར་གྱིས་ཨུ་རུ་སུ་དང་ཚོང་འབྲེལ་རྒྱུན་འཁྱོངས། - ཟླ་བ་གསུམ་པ། ༣༠, ༢༠༢༢༄༅།། དེང་སྐབས་ཨུ་རུ་སུས་ཁྱིམ་ཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ཨུ་རུ་སུར་ཚོང་འབྲེལ་གཅོད་ཀྱི་ཡོད་ཅིང་། འོན་ཀྱང་རྒྱ་གར་གྱིས་སྔར་བཞིན་ཨུ་རུ་སུར་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་མ་ཟད། གཟའ་འཁོར་འདིར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་རྒྱ་གར་ལ་ཕེབས་ཀྱི་ཡོད་པའི་སྐོར།4 minPlay
March 30, 2022རྒྱ་གར་གྱིས་སིངྒ་ལར་གློག་ཁང་འཛུགས་སྐྲུན། - ཟླ་བ་གསུམ་པ། ༣༠, ༢༠༢༢༄༅།། སིངྒ་ལའི་བྱང་ཕྱོགས་ཀྱི་གླིང་ཕྲན་ཞིག་ཏུ་རྒྱ་གར་གྱིས་རླུང་ཤུགས་དང་ཉི་འོད་གློག་ཁང་གསར་པ་ཞིག་འཛུགས་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་ཅིང་། དེར་བརྟེན་རྒྱ་གར་རྒྱ་མཚོ་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་ཀྱི་ཡོད་པ་དེར་འགྲན་སྡུར་དང་ཁ་གཏད་ཀྱི་ཐབས་ཇུས་དེར་རྒྱལ་ཁ་ཞིག་ཐོབ་ཡོད་པའི་སྐོར།5 minPlay
March 30, 2022ཨུ་རུ་སུའི་རང་དབང་ཅན་གྱི་གསར་ཁང་མཐའ་མ་དེ་སྒོ་བརྒྱབ། - ཟླ་བ་གསུམ་པ། ༣༠, ༢༠༢༢༄༅། ཨུ་རུ་སུའི་འཕྲིན་གཏོང་སྟངས་འཛིན་ལྷན་ཁང་གིས་ཉེན་བརྡ་ཐེངས་གཉིས་པ་དེ་བཏང་བའི་རྗེས་སུ་ཡུལ་དེའི་རང་དབང་ཅན་གྱི་གསར་ཁང་མཐའ་མ་སྟེ། ནོ་ཝ་ཡ་གྷ་ཛེ་ཏ་ཞེས་པའི་ཚགས་པར་ལས་ཁུངས་སྒོ་རྒྱག་དགོས་བྱུང་ཡོད་པའི་སྐོར། རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།5 minPlay
March 30, 2022བལ་ཡུལ་གྱི་སྲིད་བློན་རྒྱ་གར་ལ་འཚམས་འདྲིར་ཕེབས་རྒྱུ། - ཟླ་བ་གསུམ་པ། ༣༠, ༢༠༢༢བདུན་ཕྲག་འདིའི་གཟའ་པ་སངས་ནས་བལ་ཡུལ་གྱི་སྲིད་བློན་རྒྱ་གར་ལ་ཉིན་གསུམ་གྱི་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནས་རྒྱ་བལ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་གཏོང་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་པའི་སྐོར།4 minPlay
March 30, 2022ཧྲང་ཧེ་ལ་ནད་དུག་ཁྱབ་སྟེ་སྒོ་རྒྱ་བསྡམས་པའི་ཤུགས་རྐྱེན། - ཟླ་བ་གསུམ་པ། ༣༠, ༢༠༢༢༄༅།། རྒྱ་ནག་གི་ཚོང་ལས་དང་དངུལ་རྩའི་ལྟེ་གནས་སུ་གྱུར་པའི་ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་མང་ས་ཡ་མང་པོ་རང་ཁྱིམ་དུ་བཀག་ནས་སྒོ་རྒྱ་བསྡམས་ཡོད་ཅིང་། ད་ཐེངས་ཀྱི་འགྲོ་འོང་བཀག་སྡོམ་གྱིས་རྒྱ་ནག་ཙམ་མ་ཟད། རྒྱལ་ཁབ་གཞན་གྱི་ཚོང་ལས་ལའང་ཤུགས་རྐྱེན་ཐེབས་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར།4 minPlay
March 30, 2022ཡུཀ་རེན་གྱི་རྒྱལ་སར་དཔུང་འཇུག་བྱ་རྒྱུ་ཤུགས་ཆུང་དུ་གཏོང་རྒྱུ། - ཟླ་བ་གསུམ་པ། ༣༠, ༢༠༢༢གཟའ་མིག་དམར་ཉིན་ཕྱོགས་གཉིས་ཀྱི་འཐུས་མི་ཚོས་ཏུར་ཀི་རྒྱལ་ཁབ་ཀྱི་ས་ཐོག་ཏུ་གྲོས་མོལ་བྱས་ཏེ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་སར་དཔུང་འཇུག་བྱེད་ཀྱི་ཡོད་པ་ཤུགས་ཆུང་དུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར།5 minPlay
March 30, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༣༠, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
March 29, 2022སྐབས་༡༧་གྲོས་ཚོགས་ཚོགས་དུས་གསུམ་པར་བཀའ་ཤག་གི་གསལ་བཤད། - ཟླ་བ་གསུམ་པ། ༣༠, ༢༠༢༢༄༅།། ཕྱི་ཚེས་༢༩་ཉིན་སྐབས་༡༧་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་སྙན་སྒྲོན་ཞུས།4 minPlay
March 29, 2022ཕྱུག་བདག་ཨེ་བྷ་ར་མོ་ཝི་ཆི་སོགས་ལ་དུག་བཏང་ཡོད་པའི་དོགས་པ། - ཟླ་བ་གསུམ་པ། ༣༠, ༢༠༢༢ཨུ་རུ་སུའི་ཕྱུག་བདག་ཨེ་བྷ་ར་མོ་ཝི་ཆི་དང་ཡུཀ་རེན་གྱི་ཞི་བའི་གྲོས་མོལ་སྐུ་ཚབ་ཚོར་ཨུ་རུ་སུས་དུག་བཏང་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་ཨུ་རུ་སུ་དང་ཡུཀ་རེན་གྱི་གྲོས་མོལ་བ་ཚོས་བྷེ་ལ་རུ་སིའི་ས་ཐོག་ཏུ་གྲོས་མོལ་ཐེངས་དང་པོ་བྱས་པའི་རྗེས་སུ་ཡུཀ་རེན་གྱི་སྐུ་ཚབ་ཚོར་དུག་ཕོག་པའི་ནད་རྟགས་ཐོན་ནས་ནད་མནར་བྱུང་བར་5 minPlay
March 29, 2022ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོས་ལག་པ་མ་བཏང་བར་གྲོས་མོལ། - ཟླ་བ་གསུམ་པ། ༢༩, ༢༠༢༢༄༅། ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀྱི་ཞི་བའི་གྲོས་མོལ་བ་ཚོས་ལྷན་འཛོམས་གྲོས་མོལ་བྱས་ཀྱང་ཐོག་མར་ངོ་ཐུག་པའི་སྐབས་སུ་ཕན་ཚུན་ལག་པ་མ་བཏང་བར་མི་མཐུན་པའི་རྣམ་པ་ཐོན་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay