Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
March 09, 2022ཞིས་ཅིན་ཕིང་དང་ཕུ་ཊིན་གྱི་འབྲེལ་བས་རྒྱ་ནག་ལ་དཀའ་ངལ། - ཟླ་བ་གསུམ་པ། ༠༩, ༢༠༢༢རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པའི་རྗེས་སུ་ཡུ་རོབ་ལ་ལོ་བཅུ་ཕྲག་མང་པོར་བྱུང་མྱོང་མེད་པའི་དམག་འཁྲུག་དང་སྐྱབས་བཅོལ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་།6 minPlay
March 09, 2022འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཞིན་ཅང་ལ་ཕེབས་རྒྱུ། - ཟླ་བ་གསུམ་པ། ༠༩, ༢༠༢༢མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་བྷ་ཤེ་ལེ་༢༠༢༢་ལོའི་ཕྱི་ཟླ་༥་པར་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་དང་དེའི་སྐབས་སུ་ཞིན་ཅང་གི་གནས་སྟངས་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུའི་གསལ་བསྒྲགས་སྤེལ་འདུག་པའི་སྐོར།4 minPlay
March 09, 2022ཨ་མི་རི་ཀས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བཀག་འགོག - ཟླ་བ་གསུམ་པ། ༠༩, ༢༠༢༢ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་མུ་མཐུད་དུ་བྱེད་བཞིན་པའི་སྐབས་འདིར་རེས་གཟའ་མིག་དམར་ཉིན་ཡུཀ་རེན་གྱི་ཞི་བའི་མི་མང་ལ་འཆི་རྨས་བྱུང་བའི་གྲངས་འབོར་འཕར་འདུག་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ། ཨ་རིའི་གཞུང་གིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མཚམས་འཇོག6 minPlay
March 09, 2022ཡུཀ་རེན་གྱི་འཐབ་འཁྲུག་གིས་ཐེ་ཝན་ལ་སེམས་སྐུལ་ཐེབས་སྐད། - ཟླ་བ་གསུམ་པ། ༠༩, ༢༠༢༢ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པ་ཚོར་ཡུཀ་རེན་གྱི་སྐྱབས་བཅོལ་བ་ཚོར་ཨ་སྒོར་ས་ཡ་མང་པོ་རོགས་རམ་སྤྲོད་རྒྱུ་དང་ཨུ་རུ་སུའི་བཙན་འཛུལ་ལ་ཡུཀ་རེན་མི་དམངས་ཀྱིས་འགོག་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དེས་ཐེ་ཝན་མི་དམངས་ལ་སེམས་སྐུལ་ཆེན་པོ་ཐེབས་སོང་ཞེས་བརྗོད་འདུག་པའི་སྐོར།5 minPlay
March 09, 2022རྒྱ་གཞུང་གིས་ཡུཀ་རེན་གྱི་གནས་ཚུལ་འགོད་ཕྱོགས་ལ་བཀའ་བཀོད། - ཟླ་བ་གསུམ་པ། ༠༩, ༢༠༢༢༄༅།། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་དང་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་བཞིན་པའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་གནས་ཚུལ་འགོད་ཕྱོགས་ལ་བཀའ་བཀོད་བཏང་སྟེ་དམ་དྲག་ཆེན་པོ་བྱེད་བཞིན་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་།།5 minPlay
March 09, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༠༩, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
March 08, 2022རྒྱ་ནག་གིས་པེ་ཅིང་དང་མོ་སི་ཀོའི་འབྲེལ་བ་བྲག་རི་ལྟར་བརྟན་པོ་ཡིན་ཟེར། - ཟླ་བ་གསུམ་པ། ༠༩, ༢༠༢༢རྒྱ་ནག་གིས་ཡུཀ་རེན་གྱི་གནད་དོན་ལ་བར་འདུམ་བྱེད་ཆོག་ཟེར་བ་དང་ཆབས་ཅིག པེ་ཅིང་དང་མོ་སི་ཀོའི་འབྲེལ་བ་ནི་བྲག་རི་བཞིན་དུ་བརྟན་པོ་ཡིན། ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ན་ཡག་པོ་ཞིག་པོ་ཡོང་མི་སྲིད་ཅེས་ཉེན་བརྡ་བཏང་ཡོད་པའི་སྐོར།5 minPlay
March 08, 2022ཨུ་རུ་སུའི་གཏོར་རྒོལ་གྱི་ངར་ཤུགས་ཆག་སྟེ་མི་མང་རྣམས་བྲོས་བྱོལ། - ཟླ་བ་གསུམ་པ། ༠༩, ༢༠༢༢ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་དྲག་རྒོལ་བྱ་རྒྱུ་མཚམས་འཇོག་གི་མེད་ཀྱང་གཏོར་རྒོལ་གྱི་ངར་ཤུགས་ཆུང་དུ་ཕྱིན་ཡོད་ཅིང་། དེ་བཞིན་ཡུཀ་རེན་གྱི་མི་མང་ཕོན་ཆེན་ཞིག་འཕུར་མདེལ་གྱི་གཏོར་བཤིག་ཕོག་པའི་གྲོང་ཁྱེར་ཁག་ནས་ས་གནས་གཞན་ལ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་ཅེས་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་བརྗོད་འདུག་པའི་སྐོར།5 minPlay
March 08, 2022ཨུ་རུ་སུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཉན་ཞིབ་ལ་ངོ་བཅར་མ་ཞུས་པ། - ཟླ་བ་གསུམ་པ། ༠༩, ༢༠༢༢ཡུཀ་རེན་གྱི་དམག་འཁྲུག་གིས་ལོ་མང་རྗེས་སུ་ཡུ་རོབ་གླིང་ལ་སྐྱབས་བཅོལ་བའི་དཀའ་ངལ་ཆེ་ཤོས་ཤིག་འབྱུང་དུ་འཇུག་གི་ཡོད་ཅིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་སུ་དམིགས་བསལ་ཉན་ཞིབ་ཅིག་ཚོགས་ཀྱང་སྐབས་དེར་ཨུ་རུ་སུ་ངོ་བཅར་ཞུས་མེད་པ་རེད།5 minPlay
March 08, 2022ཨུ་རུ་སུའི་རྡོ་སྣུམ་ཕྱིར་ཚོང་འགོག་དགོས་པའི་གླེང་སློང་། - ཟླ་བ་གསུམ་པ། ༠༨, ༢༠༢༢ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོས་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱེད་བཞིན་ཡོད་པས་ཨུ་རུ་སུའི་གཞུང་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བ་རྡོ་སྣུམ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རྣམས་འགོག་དགོས་པའི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར།5 minPlay