Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
March 08, 2022གསུམ་བརྒྱད་མཆོད་འབུལ། - ཟླ་བ་གསུམ་པ། ༠༨, ༢༠༢༢ཕྱི་ལོ་༡༩༨༩་ལོའི་ཕྱི་ཟླ་༣་པའི་ཚེས་༨་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་པར་སྐབས་དེའི་ཞི་རྒོལ་ལ་ཞུགས་མཁན་བོད་པ་སྐྱ་སེར་མང་པོའི་ཚེ་སྲོག་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག བོད་པ་མང་དག་ཅིག་འཛིན་བཟུང་བྱས་ནས་ལོ་༣༣་འཁོར་བའི་དུས་དྲན་ཡིན་ཞིང་།4 minPlay
March 08, 2022བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི། - ཟླ་བ་གསུམ་པ། ༠༨, ༢༠༢༢ཟླ་༣་པའི་ཚེས་༨་ཉིན་ནི་རྒྱལ་སྤྱིའི་བུད་མེད་ཀྱི་དུས་ཆེན་ཡིན་ཞིང་།བཞུགས་སྒར་རྡ་རམ་ས་ལའི་ཁྲོམ་གཞུང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་གཉིས་ཟུང་འབྲེལ་གྱིས་བུད་མེད་ཀྱི་མཛད་རྗེས་ཁག་ལ་བསྔགས་བརྗོད་དང་ཕོ་མོ་དབྱེ་འབྱེད་མཚམས་འཇོག་བྱ་དགོས་ཞེས་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ།4 minPlay
March 08, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༠༨, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
March 08, 2022ཐེ་ཝན་དང་ཡུཀ་རེན་གྱི་གནད་དོན་ཐད་རྒྱ་ནག་གི་ལངས་ཕྱོགས་གཉིས། - ཟླ་བ་གསུམ་པ། ༠༨, ༢༠༢༢༄༅།། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཚོགས་ཆེན་གཉིས་ཀྱི་གལ་ཆེའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཅིག་ཡིན་པས་ཡུཀ་རེན་གྱི་གནད་དོན་དང་ཡོངས་སུ་མི་འདྲ་བ་ཞིག་རེད་ཅེས་བརྗོད་ཡོད་ཅིང་།6 minPlay
March 08, 2022ལྷོ་ཀོ་རི་ཡའི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་ལ་ཉེས་རྡུང་། - ཟླ་བ་གསུམ་པ། ༠༨, ༢༠༢༢ལྷོ་ཀོ་རི་ཡར་སྲིད་འཛིན་གྱི་འོས་བསྡུ་བྱེད་གྲབས་ཡོད་པའི་སྔོན་དུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་ལ་རེས་གཟའ་ཟླ་བའི་ཉིན་ཉེས་རྡུང་བཏང་སྟེ་སྨན་ཁང་དུ་ལུས་ཡོད་པ་བཅས་ཀྱི་སྐོར།5 minPlay
March 08, 2022སྐྱབས་བཅོལ་བའི་འགྲོ་ལམ་ཕྱེ་ཡོད་ཟེར་ཡང་མེ་འཕེན་མཚམས་མ་བཞག་པ། - ཟླ་བ་གསུམ་པ། ༠༨, ༢༠༢༢༄༅།། ཨུ་རུ་སུ་དང་ཡུཀ་རེན་གྱི་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་པ་བྱས་པའི་སྐབས་སུ་ཨུ་རུ་སུས་མེ་འཕེན་མཚམས་འཇོག་བྱས་ནས་ཡུཀ་རེན་གྱི་མི་མང་རྣམས་བྲོས་བྱོལ་ལ་འགྲོ་རུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཀྱང་དོན་དངོས་སུ་ཡུཀ་རེན་ལ་མུ་མཐུད་དུ་གཏོང་རྒོལ་བྱས་ནས་འཐབ་འཁྲུག་མཚམས་འཇོག་གི་མེད་པའི་སྐོར།4 minPlay
March 08, 2022ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དམིགས་བསལ་ཁྱད་ཆོས། - ཟླ་བ་གསུམ་པ། ༠༨, ༢༠༢༢༄༅། ཐེངས་འདིའི་བདེ་སྐྱིད་ཀྱི་ས་བོན་ལེ་ཚན་ལ་ཆོས་ལུགསས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་དམིགས་བསལ་ཁྱད་ཆོས་སྐོར། ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ལྟ་གྲུབ་སྡེ་ཚན་གྱི་སློབ་དགེ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཀུན་བཟང་སྒྲོལ་མས་བཅར་འདྲི་ཞུས་པའི་དུམ་བུ་ཞིག་གསན་རོགས་གནང་།།13 minPlay
March 08, 2022རྒྱ་ནག་གིས་ཨུ་རུ་སུ་དཔལ་འབྱོར་ཉམས་ཆག་འོག་ནས་སྐྱོབ་ཀྱི་མེད་པ། - ཟླ་བ་གསུམ་པ། ༠༨, ༢༠༢༢ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དམ་བསྒྲགས་ཀྱི་ཉེས་ཆད་ནན་པོ་བཀལ་ནས་ཨུ་རུ་སུའི་དཔལ་འབྱོར་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད་པ་རྒྱ་ནག་གིས་སྐྱོབ་ཐུབ་སྲིད་ཅིང་། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་གིས་ཨུ་རུ་སུ་དཔལ་འབྱོར་ཉམས་ཉེས་འོག་ནས་སྐྱོབ་ཐབས་བྱ་རྒྱུའི་རྣམ་པ་མེད་པའི་སྐོར།6 minPlay
March 08, 2022ཨུ་རུ་སུར་ཉེས་ཆད་ཕོག་སྟེ་བྱང་ཀོ་རི་ཡར་དངུལ་སྨར་ཡོང་འབབ་ཆད་ཉེན། - ཟླ་བ་གསུམ་པ། ༠༨, ༢༠༢༢རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་དངུལ་ལོར་རུ་བྷུལ་གྱི་འཛའ་ཐག་ཆག་ཡོད་ཅིང་། དེར་བརྟེན་ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་ཕྱིན་པའི་བྱང་ཀོ་རི་ཡའི་མི་མང་གིས་རང་ཡུལ་ལ་དངུལ་སྨར་སྐུར་གྱི་ཡོད་པ་རྣམས་དངུལ་ཁང་བརྒྱུད་ནས་གཏོང་མི་ཐུབ་པ་4 minPlay
March 08, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གསུམ་པ། ༠༨, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay