Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 25, 2022བོད་ཀྱི་བརྙན་འཕྲིན་ཁང་སོགས་ལ་བསྔགས་བརྗོད། - ཟླ་བ་གཉིས་པ། ༢༥, ༢༠༢༢བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་བོད་ཀྱི་བརྙན་འཕྲིན་ཁང་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གོ་རྟོགས་སྤེལ་བར་རྗེས་སུ་ཡི་རང་གི་བསྔགས་བརྗོད་བྱས་ཤིང་།5 minPlay
February 25, 2022ཨུ་རུ་སུའི་བཙན་འཛུལ་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་མེད་པ། - ཟླ་བ་གཉིས་པ། ༢༥, ༢༠༢༢རྒྱ་ནག་གིས་ཕུ་ཊིན་ལ་སྐྱོན་བརྗོད་མ་བྱས་པ་དང་བཙན་འཛུལ་ཞེས་མིང་ཚིག་ཀྱང་བཀོལ་སྤྱོད་བྱེད་ཀྱི་མེད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།6 minPlay
February 25, 2022ཡུཀ་རེན་ལ་བཙན་འཛུལ་བྱུང་སྟེ་ཉུང་མཐར་མི་༤༠་ལ་སྲོག་སྐྱོན། - ཟླ་བ་གཉིས་པ། ༢༥, ༢༠༢༢ཨུ་རུ་སུའི་དམག་གིས་གཟའ་ཕུར་བུའི་ཞོགས་པ་ནས་ཡུཀ་རེན་ལ་སྐམ་མཚོ་གནམ་གསུམ་ནས་རྒོལ་རྡུང་བྱ་རྒྱུ་མགོ་ཚུགས། ཡུཀ་རེན་གྱི་རྒྱལ་ས་ཀིབ་ཚུད་པའི་གྲོང་ཁྱེར་བཅུ་གྲངས་ཤིག་ལ་གནམ་ནས་འཕུར་མདེལ་གྱིས་རྒོལ་རྡུང་བཏང་ཞིང་། དམག་མི་དང་ཞི་བའི་མི་མང་བཅས་ཉུང་མཐར་ཡང་མི་བརྒྱ་ཕྲག་ལ་རྨས་སྐྱོན་ཕོག་ཡོད་པའི་སྐོར།6 minPlay
February 25, 2022སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུར་ཉེས་ཆད་གསར་པ་གསལ་བསྒྲགས། - ཟླ་བ་གཉིས་པ། ༢༥, ༢༠༢༢ད་ལྟ་ཨུ་རུ་སུའི་དམག་གིས་དངོས་སུ་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་འཛམ་གླིང་ཡོངས་སུ་ཨུ་རུ་སུར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་སོགས་ཀྱི་སྐོར།5 minPlay
February 25, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༢༥, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 24, 2022བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོའི་དུས་དྲན་སླར་གསོ། - ཟླ་བ་གཉིས་པ། ༢༥, ༢༠༢༢༄༅།། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགོ་ཁྲིད་ཚོས་བཀའ་ཤག་ནས་ཕྱི་ཟླ་༣་པའི་ཚེས་༡༢་ནི་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་སྲུང་བརྩི་ཞུ་བའི་དུས་དྲན་སླར་གསོ་བྱ་རྒྱུའི་ཐག་གཅོད་ལ་དགའ་བསུ་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།5 minPlay
February 24, 2022༧གོང་ས་མཆོག་གིས་རང་དབང་ཁེན་ཊར་ལ་དྲྭ་ལམ་དུ་མཇལ་ཁ་སྩལ། - ཟླ་བ་གཉིས་པ། ༢༥, ༢༠༢༢ཨ་རིའི་ལག་གྲུག་རྩེད་འགྲན་པ་གྲགས་ཅན་རང་དབང་ཁེན་ཊར་ལ་དྲྭ་ལམ་བརྒྱུད་ནས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཞིག་ཡིན། ང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྒྱབ་སྐྱོར་ཐོབ་པ་དང་གྲོགས་པོར་གྱུར་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཡི་ཡོད་ཅེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ་འདུག་པའི་སྐོར།2 minPlay
February 24, 2022རྒྱ་གཞུང་གིས་ཁམས་བྲག་མགོའི་བོད་པ་བཅུ་བཀག་ཉར། - ཟླ་བ་གཉིས་པ། ༢༥, ༢༠༢༢ད་ལོའི་ཕྱི་ཟླ་དང་པོའི་མགོ་སྟོད་དེར་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲ་ཤིས་རྡོ་རྗེ། བྲག་མགོ་དཀྲོལ་པ་གྲོང་ཚོའི་ལྷ་མོ་དབྱངས་སྐྱིད་དང་ནོར་པ་འབྲོག་སྡེའི་ཚེ་རིང་བསམ་གྲུབ། གཞན་པ་མིང་ཤེས་རྟོགས་མ་ཐུབ་པའི་བོད་པ་དྲུག་བཅས་ཁྱོན་བསྡོམས་བོད་པ་བཅུ་འཛིན་བཟུང་བཀག་ཉར་བྱས་འདུག4 minPlay
February 24, 2022ཕུ་ཊིན་གྱིས་ངོས་འཛིན་བྱས་པའི་རྒྱལ་ཁབ་གསར་པ་གཉིས། - ཟླ་བ་གཉིས་པ། ༢༥, ༢༠༢༢གཟའ་འཁོར་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་ཤིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་གནས་ཚུལ་དེའི་སྐོར་གླེང་སློ་ཞུ་རྒྱུ་ཡིན།།13 minPlay
February 24, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༢༤, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay