Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 24, 2022ཡུཀ་རེན་ལ་གཏོར་རྒོལ་འགོ་ཚུགས་པར་འཛམ་གླིང་གིས་སྐྱོན་བརྗོད། - ཟླ་བ་གཉིས་པ། ༢༤, ༢༠༢༢༄༅།། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་འགོ་བཙུགས་པར་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཅིང་། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ནན་པོ་ཞིག་གཅོད་རྒྱུ་ཡིན་པའི་སྐོར།6 minPlay
February 24, 2022ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་གཏོར་རྒོལ། - ཟླ་བ་གཉིས་པ། ༢༤, ༢༠༢༢༄༅། དེ་རིང་གཟའ་ཕུར་བུའི་སྔ་དྲོར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་འགོ་བཙུགས་ཡོད་ཅིང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་ཁབ་གཞན་ཁག་གིས་དེར་ཐེ་ཇུས་བྱེད་ན་འགྲིག་ཐབས་མེད་ཅེས་ཉེན་བརྡ་བཏང་འདུག5 minPlay
February 24, 2022ཧོང་ཀོང་གི་ནད་པ་ཉམ་ཐག་ཚོ་ཟུར་འགོག་བྱ་ཡུལ་མེད་པའི་དཀའ་ངལ། - ཟླ་བ་གཉིས་པ། ༢༤, ༢༠༢༢༄༅།། ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་ཧོང་ཀོང་གི་ས་གནས་ཁག་ཏུ་ནད་པ་ཉམ་ཐག་ཚོ་ཟུར་འགོག་བྱ་ཡུལ་མེད་པར་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་དེ་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།4 minPlay
February 24, 2022ཨ་རིའི་གྲོས་ཚོགས་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་། - ཟླ་བ་གཉིས་པ། ༢༤, ༢༠༢༢༄༅།། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་ཅིག་དང་ཐུག་འཕྲད་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་དང་དོ་སྣང་བྱེད་ཀྱི་ཡོད་ཅེས་བཀའ་མོལ་གནང་འདུག་པའི་སྐོར།6 minPlay
February 24, 2022ཡུཀ་རེན་ལ་བལྟས་ནས་ཐེ་ཝན་གྱིས་རྒྱ་ནག་ལ་དོགས་ཟོན། - ཟླ་བ་གཉིས་པ། ༢༤, ༢༠༢༢ཐེ་ཝན་གྱི་དཔོན་རིགས་ཤིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་མིག་དཔེ་བལྟས་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་ཅིང་། ཉེ་དུས་ཤིག་ནས་རྒྱ་ནག་གི་དམག་དཔུང་རྒྱུན་ལྡན་མིན་པའི་འགུལ་སྐྱོད་བྱེད་ཀྱི་ཡོད་པར་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་འདུག5 minPlay
February 24, 2022རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འབྲེལ་བ་དམ་ཟབ་འཛིན་རྒྱུའི་ཁས་ལེན། - ཟླ་བ་གཉིས་པ། ༢༤, ༢༠༢༢༄༅།། ཨུ་རུ་སུས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་པའི་དབང་སྒྱུར་འོག་གི་ས་གནས་གཉིས་ལ་དམག་མི་གཏོང་རྒྱུའི་ཐག་གཅོད་བྱས་པར་རྒྱ་ནག་གིས་ཡ་ལན་ཇི་ལྟར་སློག་དགོས་མིན་ཐག་མ་ཆོད་པར་ཅི་བྱ་གཏོལ་མེད་དུ་གྱུར་འདུག་ཅེས་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པའི་སྐོར།4 minPlay
February 24, 2022ཉི་ཧོང་དང་ཨོ་གླིང་གིས་ཨུ་རུ་སུ་ལ་ཉེས་ཆད་བཙན་འགེལ། - ཟླ་བ་གཉིས་པ། ༢༤, ༢༠༢༢ཉི་ཧོང་དང་ཨོ་གླིང་གཉིས་ཀྱིས་ཀྱང་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་སོགས་ཀྱི་ཉེས་ཆད་གཅདོ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
February 24, 2022རང་དབང་ཁན་ཊར་ལ་འགྲོ་བ་མིའི་ཐབ་ཐང་གི་གཟེངས་རྟགས་འབུལ་རྒྱུ། - ཟླ་བ་གཉིས་པ། ༢༤, ༢༠༢༢ཨ་རིའི་ལག་གྲུག་རྩེད་འགྲན་པ་གྲགས་ཅན་རང་དབང་ཁན་ཊར་གྱིས་འཛེམ་ཟོན་མེད་པར་འཐེར་འདོན་བྱེད་བཞིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་ཇཱི་ཎི་ཝར་ལྷན་འཛོམས་ཀྱིས་༢༠༢༢་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་ཅན་གྱི་གཟེངས་རྟགས་དེ་རང་དབང་ཁན་ཊར་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པའི་སྐོར།7 minPlay
February 24, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༢༤, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 23, 2022རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨུ་རུ་སུར་ཉེན་བརྡ། - ཟླ་བ་གཉིས་པ། ༢༤, ༢༠༢༢༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་འཛམ་གླིང་ཡོངས་སུ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ངེས་རེད་ཅེས་ཉེན་བརྡ་བཏང་ཡོད་ཅིང་། ཡུཀ་རེན་གྱི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཨུ་རུ་སུའི་བཙན་འཛུལ་འགོག་ཐབས་གནང་དགོས་ཞེས་འབོད་སྐུལ་ཞུས་འདུག་པའི་སྐོར།6 minPlay