Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 19, 2022བྷ་ཌན་གྱིས་ཨུ་རུ་སུས་བཙན་འཛུལ་བྱ་འཆར་འདུག་ཅེས་ནན་བརྗོད། - ཟླ་བ་གཉིས་པ། ༡༩, ༢༠༢༢༄༅།། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་གྱེན་ལོག་ས་གནས་གཉིས་ནས་ཨུ་རུ་སུའི་ཕྱོགས་གཏོགས་གྱེན་ལོག་པ་ཚོས་མངའ་ཁུལ་དེའི་ཞི་བའི་མི་མང་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་ཉེན་བྱོལ་དུ་གཏོང་གི་ཡོད་ཅིང་།4 minPlay
February 19, 2022ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་ཕར་འགྱངས། - ཟླ་བ་གཉིས་པ། ༡༩, ༢༠༢༢ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་ཅིང་། དེར་བརྟེན་ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་བྱེད་དགོས་པ་ཕྱི་ཟླ་༥་པའི་ཚེས་༨་བར་དུ་ཕར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་འདུག་པའི་སྐོར།5 minPlay
February 19, 2022རྒྱ་ནག་ལ་མུ་མཐུད་དུ་གནོན་ཤུགས་སྤྲོད་དགོས་པའི་ནན་སྐུལ། - ཟླ་བ་གཉིས་པ། ༡༩, ༢༠༢༢རྒྱ་ནག་ལ་འཚོགས་བཞིན་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕེཀ་རྩེད་འགྲན་དེ་མཇུག་སྒྲིལ་གྲབས་ཡོད་ཅིང་། བོད་པ་དང་ཡུ་གུར་བ། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གིས་མུ་མཐུད་དུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ཞེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ།6 minPlay
February 19, 2022ཨ་རི་དང་ཨི་རན་གྱི་རྡུལ་ཕྲན་གྲོས་མོལ་ཡར་རྒྱས། - ཟླ་བ་གཉིས་པ། ༡༩, ༢༠༢༢༄༅།། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཉམ་འབྲེལ་གྱི་ལས་སྣེ་ཞིག་གིས་རེས་གཟའ་པ་སངས་ཉིན་ཨ་རི་དང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གྲོས་ཆོད་ཅིག་གཟའ་འཁོར་གཅིག་ཡས་མས་ཤིག་གི་ནང་ཚུད་དུ་འཇོག་ཐུབ་རྒྱུའི་རེ་བ་འདུག4 minPlay
February 19, 2022ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་གྱི་མི་མང་རྣམས་ཨུ་རུ་སུ་ལ་ཉེན་བྱོལ་དུ་བྲོས། - ཟླ་བ་གཉིས་པ། ༡༩, ༢༠༢༢ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པའི་དབང་སྒྱུར་འོག་གི་ས་གནས་གཉིས་ཀྱི་མི་མང་དཀྱུས་མ་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་ཉེན་བྱོལ་དུ་འབྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་།4 minPlay
February 19, 2022འབར་མའི་དམག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ཁང་གི་ངོས་ལེན་ཐོབ་ཐབས། - ཟླ་བ་གཉིས་པ། ༡༩, ༢༠༢༢༄༅།། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་རྗེས་མར་འབར་མའི་དམག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ནས་ངོས་ལེན་ཐོབ་ཐབས་བྱེད་ཀྱི་ཡོད་ཅིང་།4 minPlay
February 19, 2022པེ་ཅིང་གི་རྩེད་འགྲན་སྐབས་སུ་རྒྱ་ནག་དང་ལྷོ་ཀོ་རི་ཡའི་འགལ་ཟླ་ཇེ་ཆེ། - ཟླ་བ་གཉིས་པ། ༡༩, ༢༠༢༢ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་བཞིན་པའི་སྐབས་འདིར་ལྷོ་ཀོ་རི་ཡའི་རིག་གཞུང་ལ་རྒྱ་ནག་གིས་བརྩི་བཀུར་མ་ཞུས་པ་དང་ལྷོ་ཀོ་རི་ཡའི་རྩེད་འགྲན་པ་ཚོར་དྲང་པོ་བྱུང་མེད་པ་བཅས་ཀྱིས་ལྷོ་ཀོ་རི་ཡའི་མི་དམངས་གྲས་སུ་རྒྱ་ནག་ལ་མི་དགའ་བའི་སྡག་ཟུག་དང་རྒྱ་ནག་དགྲར་འཛིན་གྱི་འདུ་ཤེས་འཛིན་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་།6 minPlay
February 19, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༡༩, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 18, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༡༨, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 18, 2022ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཨ་རྒྱ་གཉིས་ལ་ལྟ་ཚུལ་ཇེ་ལེགས། - ཟླ་བ་གཉིས་པ། ༡༨, ༢༠༢༢༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་བསམ་ཚུལ་སྡུས་ལེན་བྱས་པར་གཞིགས་ན། ད་ལྟ་མངའ་ཁུལ་དེའི་རྒྱལ་ཁབ་ཁག་གི་མི་དམངས་རྣམས་ཨ་རི་ལ་སྔར་ལས་ལྟ་ཚུལ་ཇེ་ལེགས་སུ་ཕྱིན་ཡོད་པར་མ་ཟད། རྒྱ་ནག་ལའང་སྔར་བས་ལྟ་ཚུལ་ཡག་ཏུ་ཕྱིན་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།3 minPlay