Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
February 18, 2022རྒྱ་གཞུང་གི་མགྲིན་ཚབ་པ་ཚོས་གསར་འགོད་པའི་དྲི་བར་ལན་འདེབས། - ཟླ་བ་གཉིས་པ། ༡༨, ༢༠༢༢༄༅།། རྒྱ་ནག་པེ་ཅིང་དུ་འཚོགས་བཞིན་པའི་ཨོ་རྩལ་འགྲན་ཚོགས་མཇུག་གྲུབ་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གི་ཨོ་རྩལ་ལྷན་ཚོགས་ཀྱི་མགྲིན་ཚབ་པ་སོགས་ནས་ཡུ་གུར་བའི་ཐོབ་ཐང་སོགས་གནད་དོན་ཁག་ཅིག་ལ་ལན་འདེབས་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་རྒྱུ་རེད།།4 minPlay
February 18, 2022ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མིན་པ་གསལ་སྟོན་བྱ་དགོས་ཟེར། - ཟླ་བ་གཉིས་པ། ༡༨, ༢༠༢༢༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མིན་ཞེས་རྣམ་འགྱུར་གསལ་པོར་སྟོན་དགོས་པར་མ་ཟད། ད་ལྟ་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་རེས་གཟའ་ཕུར་བུའི་ཉིན་ནན་བརྗོད་གནང་འདུག5 minPlay
February 18, 2022ཇོ་མོ་གླང་མའི་སྟེང་དུ་དངུལ་མདོག་ལྕགས་གཏེར་གསར་རྙེད། - ཟླ་བ་གཉིས་པ། ༡༨, ༢༠༢༢རྒྱ་ནག་གི་ཚན་རིག་དུས་དེབ་ནང་དུ་འཁོད་པ་ལྟར་ན། ཉེ་ཆར་བོད་མཐོ་སྒང་ཕྱོགས་ཀྱི་རི་བོ་ཇོ་མོ་གླང་མའི་སྟེང་དུ་ལི་ཐི་ཡམ་ཞེས་འབོད་པའི་དངུལ་མདོག་ལྕགས་རིགས་ཀྱི་གཏེར་ཁ་ཆེན་པོ་ཞིག་ཡོད་པ་གསར་རྙེད་བྱུང་ཡོད་ཅིང་། གཏེར་ལྕགས་དེ་གློག་རྫས་སོགས་ཀྱི་ནང་དུ་དགོས་མཁོ་ཆེན་པོ་ཡོད་པའི་སྐོར།4 minPlay
February 18, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་གཉིས་པ། ༡༨, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
February 17, 2022ཐེ་ཝན་དུ་བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ལས་འགུལ། - ཟླ་བ་གཉིས་པ། ༡༨, ༢༠༢༢རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་དང་དམ་དྲག་གི་སྲིད་ཇུས་ལག་བསྟར། དེ་བཞིན་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་བཞིན་པ་སོགས་ལ་ངོ་རྒོལ་ཆེད་དུ་ཐེ་ཝན་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པར་མ་ཟད། ད་ལོ་སྔོན་དང་མི་འདྲ་བར་ལས་འགུལ་དེར་ཉམས་ཞུགས་བྱེད་མཁན་མང་དུ་ཕྱིན།6 minPlay
February 17, 2022ཨ་རིའི་སྲིད་འཛིན་གཞོན་པ་འཇར་མན་ཎིའི་ཚོགས་འདུར་ཆེད་ཕེབས། - ཟླ་བ་གཉིས་པ། ༡༨, ༢༠༢༢༄༅།། ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རཱི་སི་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་གྲོང་ཁྱེར་མུ་ཎིཀ་ལ་འཚོགས་ཀྱི་ཡོད་པའི་བདེ་འཇགས་ལས་དོན་གྱི་ཚོགས་ཆེན་དེར་ཕེབས་ཡོད་ཅིང་། ཁོང་གི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་རྣམས་གླེང་སློང་གནང་རྒྱུ་ཡིན་པའི་སྐོར།5 minPlay
February 17, 2022བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་ཡམས་མགོ་འཇོམས། - ཟླ་བ་གཉིས་པ། ༡༨, ༢༠༢༢བོད་པ་བཙན་བྱོལ་བ་ལོ་ན་༡༨་ཡན་ཆད་ལ་སོན་པ་༤༩༨༧༡་ལ་སྨན་ཐུན་གཉིས་པའི་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་ཡོད་དང་མི་༤༧༧་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན། བལ་ཡུལ་དུ་མི་༦༩༩༠་ལ་སྨན་ཐུན་གཉིས་ཀའི་སྔོན་འགོག་སྨན་ཁབ་ཐོབ་ཡོད།5 minPlay
February 17, 2022ཐེ་ཝན་གྱིས་ཡུཀ་རེན་ལ་དོ་སྣང་གཟབ་ནན་བྱེད་དགོས་པ་ཞིག་ཏུ་གྱུར། - ཟླ་བ་གཉིས་པ། ༡༨, ༢༠༢༢ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཡོད་པ་དེར་ཐེ་ཝན་གྱིས་བློ་འཚབ་དང་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།6 minPlay
February 17, 2022ཧོང་ཀོང་གི་མགྲོན་ཁང་མང་པོ་ཞིག་སྨན་བཅོས་ཁང་དུ་བསྒྱུར་རྒྱུ། - ཟླ་བ་གཉིས་པ། ༡༧, ༢༠༢༢དེང་སྐབས་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པ་འགོག་ཐབས་སུ་ཧོང་ཀོང་གཞུང་གིས་མགྲོན་ཁང་ཁག་གི་ཁང་མིག་ཁྲི་ཚོ་༡་གཅིག་བླངས་ཏེ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྡོད་གནས་བཀོད་སྒྲིག་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པའི་སྐོར།5 minPlay
February 17, 2022བལ་ཡུལ་དུ་ཨ་རིའི་རོགས་དངུལ་ལེན་མི་ཆོག་ཅེས་ངོ་རྒོལ། - ཟླ་བ་གཉིས་པ། ༡༧, ༢༠༢༢དེ་རིང་ཕྱི་ཚེས་༡༧་ཉིན་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་ནས་ཉེན་རྟོག་པ་ཚོས་མཆི་སྦྱིན་དུག་རླངས་གཏོར་བ་དང་མི་༡༥༠་ལྷག་བཀག་ཉར་བྱས་འདུག་པའི་སྐོར།6 minPlay