Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
December 31, 2021ཧི་མ་ལ་ཡའི་འཁྱག་རོམ་ཞུ་སྟེ་འཐུང་ཆུ་དཀོན་དུ་འགྱུར་ཉེན། - ཟླ་བ་བཅུ་གཉིས། ༣༡, ༢༠༢༡ཉེ་ཆར་འདོན་སྤེལ་བྱས་པའི་ཚན་རིག་གི་ཉམས་ཞིབ་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེར་རི་བོ་ཧི་མ་ལ་ཡའི་འཁྱག་རོམ་རྣམས་ཞུ་བཞིན་པའི་ཚད་གཞི་ནི་འཛམ་གླིང་གི་ས་ཕྱོགས་གཞན་དུ་ཡོད་པའི་འཁྱག་རོམ་ཁག་ལས་ཀྱང་ཞུ་ཚད་ལྡབ་༡༠་ཙམ་མགྱོགས་པ་ཡོད་པ་གསལ་སྟོན་བྱུང་ཡོད་པའི་སྐོར།7 minPlay
December 31, 2021ཐེ་ཝན་པ་བརྒྱ་ཆ་༧༢་དང་ཕྱེད་ཀས་རྒྱ་ནག་ལ་འཐབ་རྒོལ་བྱ་དགོས་ཟེར། - ཟླ་བ་བཅུ་གཉིས། ༣༡, ༢༠༢༡རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཉམས་ཞིབ་པ་ཚོས་ཐེ་ཝན་མི་མང་ལ་སྐད་ཆ་དྲིས་ནས་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན།5 minPlay
December 31, 2021སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༣༡, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 30, 2021ཞི་བདེ་རྒྱ་མཚོའི་མཉམ་འབྲེལ་དམག་སྦྱོང་ལ་ཐེ་ཝན་མགྲོན་འབོད། - ཟླ་བ་བཅུ་གཉིས། ༣༡, ༢༠༢༡༄༅།། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ལོ་རྗེས་མའི་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་དམག་གི་མཉམ་འབྲེལ་དམག་སྦྱོང་དེར་ཐེ་ཝན་མཉམ་ཞུགས་བྱེད་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།5 minPlay
December 30, 2021ཞི་ཨན་གྲོང་ཁྱེར་དུ་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་ཕྱིན་འདུག - ཟླ་བ་བཅུ་གཉིས། ༣༠, ༢༠༢༡རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་དུ་ཟླ་འདིར་ས་གནས་རང་དུ་བྱུང་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠༠་ལྷག་བརྒལ་ཡོད་ཅིང་། ཉེ་བའི་ཉིན་གྲངས་ཁ་ཤས་ཀྱི་རིང་དུ་ཉིན་ལྟར་ནད་པ་གསར་པ་བརྒྱ་ལྷག་འབྱུང་གི་ཡོད་པས་ཞི་ཨན་གྲོང་ཁྱེར་གཞུང་གིས་མི་མང་ཡོད་དོ་ཅོག་ལ་བརྟག་དཔྱད་ཐེངས་ལྔ་པ་རེ་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་4 minPlay
December 30, 2021ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལི་ཐུ་ཝྭེ་ཎི་ཡར་རྒྱབ་སྐྱོར། - ཟླ་བ་བཅུ་གཉིས། ༣༠, ༢༠༢༡༄༅།། རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡར་བཙན་དྲག་གི་སྲིད་ཇུས་ཤིག་བཟུང་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་ཨ་མི་རི་ཀ་དང་དབྱིན་ཇི། འཇར་མན་ཎི་དང་ཧྥ་རན་སི་བཅས་ཀྱིས་ལི་ཐུ་ཝྭེ་ཎི་ཡར་གདུང་སེམས་མཉམ་སྐྱེད་བཞིན་ཡོད་ཅིང་།5 minPlay
December 30, 2021༢༠༢༡་ལོར་རྒྱ་གར་ལ་བྱུང་བའི་ཕྱི་འབྲེལ་དང་རྒྱལ་ནང་གི་ཆིག་སྒྲིལ་དཀའ་ངལ། - ཟླ་བ་བཅུ་གཉིས། ༣༠, ༢༠༢༡༄༅།། ༢༠༢༡་ལོར་རྒྱ་གར་ནི་རྒྱལ་སྤྱིའི་ཆབ་སྲིད་དང་ཕྱི་འབྲེལ་སོགས་ལ་ཤུགས་རྐྱེན་གྱི་ནུས་པ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཅིང་། རྒྱ་གར་གྱི་སྲིད་ཇུས་དང་རྒྱལ་ནང་གི་ཡར་རྒྱས་རྣམས་རྒྱལ་སྤྱིའི་ལས་དོན་ཁག་ལ་གནད་འགག་ཆེ་རུ་ཕྱིན་མོད། འོན་ཀྱང་རྒྱ་གར་རྒྱལ་ནང་གི་ཆིག་སྒྲིལ་ལ་དཀའ་ངལ་ཕྲད་ཡོད་པ་སོགས་ཀྱི་སྐོར།5 minPlay
December 30, 2021ཁྲེན་ཆོན་གོ་འཕོ་འགྱུར་དང་ཞིན་ཅང་ལ་འཛིན་པའི་སྲིད་ཇུས། - ཟླ་བ་བཅུ་གཉིས། ༣༠, ༢༠༢༡༄༅།། དེང་སྐབས་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱ་ཡུལ་ཞིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གཟའ་འཁོར་འདིར་འཕོ་འགྱུར་བཏང་སྟེ་དེའི་ཚབ་ཏུ་རྒྱ་ནག་ལྷོ་ཕྱོགས་ཀྱི་འགོ་ཁྲིད་གསར་པ་ཞིག་བསྐོ་བཞག་བྱས་ཡོད་ཅིང་། དེ་རིང་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་རིམ་ལ་དེའི་སྐོར་བགྲོ་གླེང་ཞུས་ཡོད།།17 minPlay
December 30, 2021དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༣༠, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 30, 2021ཧོང་ཀོང་གི་དྲྭ་ལམ་གསར་འགྱུར་ཁང་ཞིག་ལ་དམ་དྲག - ཟླ་བ་བཅུ་གཉིས། ༣༠, ༢༠༢༡༄༅།། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ལག་ལེན་ཐད་ཀྱི་ཉེན་རྟོག་པས་དམངས་གཙོའི་ལྟ་བ་འཛིན་པའི་དྲྭ་ལམ་གསར་འགྱུར་ལས་ཁང་ཞིག་ལ་སྔོག་བཤེར་གྱིས་གསར་འགྱུར་ལམ་ནས་གྱེན་ལངས་སྐུལ་སློང་གི་ཉེས་མིང་འོག་མི་༦་འཛིན་བཟུང་བྱས་ཡོད་ཅིང་།5 minPlay