Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
December 28, 2021ཀུ་ཤུ་ཚགས་པར་གྱི་འགོ་ལས་ཚོར་ཉེས་འཛུགས་འཕར་མ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡༄༅།། རྒྱ་ནག་གཞུང་གི་བཀོད་ཇུས་འོག་ཏུ་ཡོད་པའི་ཧོང་ཀོང་ས་གནས་གཞུང་་གིས་མངའ་ཁུལ་དེའི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་དང་ལས་བྱེད་པ་༦་ལ་གྱེན་ལངས་སྐུལ་སློང་གི་གནས་ཚུལ་འགྲེམ་སྤེལ་བྱས་པ་རེད་ཅེས་ཉེས་འཛུགས་འཕར་མ་ཞིག་བྱས་ཡོད་པའི་སྐོར།5 minPlay
December 28, 2021རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་ཚོར་དམ་དྲག་ཇེ་ཆེ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་དམ་བསྒྲགས་བྱ་རྒྱུ་ཤུགས་ཇེ་ཆེ་དང་བོད་ཀྱི་རིག་གཞུང་རྩ་མེད་བཏང་ནས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་ལེན་བསྟར་ནས་བོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ། ལྷག་པར་དུ་ན་གཞོན་ཤེས་ཡོན་ཅན་རྣམས་གང་བྱུང་བཀག་ཉར་བྱས་པའི་གནས་ཚུལ་སོགས་སྤེལ་འདུག6 minPlay
December 28, 2021དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 28, 2021ལྷོ་ཨ་ཧྥི་རི་བ་ཚོས་ཆོས་དཔོན་ཊུ་ཊུ་མཆོག་ལ་མྱ་ངན་དང་རྗེས་དྲན། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡༄༅།། ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཆེན་མོ་ཌེ་སི་མོན་ཊུ་ཊུ་རེས་གཟའ་ཉི་མའི་ཉིན་དགུང་གྲངས་༩༠་ཐམ་པའི་ཐོག་ཏུ་དགོངས་པ་རྫོགས་ཡོད་ཅིང་། ལྷོ་ཨ་ཧྥི་རི་ཀ་བ་ཚོས་བདུན་ཕྲག་གཅིག་གི་རིང་དུ་རྒྱལ་ཁབ་ཀྱི་ཆོས་དཔོན་དམ་པ་དེར་མྱ་ངན་དང་མཛད་རྗེས་ཁག་ལ་རྗེས་དྲན་ཞུ་ཡི་ཡོད་པ་བཅས་ཀྱི་སྐོར།6 minPlay
December 28, 2021དགའ་ལྡན་ལྔ་མཆོད་ཆེན་མོ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡གཟའ་ལྷག་པའི་ཉིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དགོངས་རྗོགས་དུས་ཚིགས་ཏེ། ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཁེལ་གྱི་ཡོད་ཅིང་། དེ་རིང་གི་ལས་རིམ་ནང་དུ་པདྨ་བདེ་ཆེན་ལགས་ཀྱིས་དགའ་ལྡན་ལྔ་མཆོད་ཆེན་མོའི་བྱུང་རབས་སོགས་ལ་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་གནང་པ་དེ་གསན་རོགས་གནང་།13 minPlay
December 28, 2021ཀྲང་ཀྲན་འཆི་ལ་ཉེ་བས་གློད གྲོལ་གཏོང་དགོས་པའི་འབོད་སྐུལ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡༄༅།། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་སྐོར་ཐོག་མར་གནས་ཚུལ་སྤེལ་མཁན་རྒྱ་ནག་གི་གསར་འགོད་པ་ཀྲང་ཀྲན་གྱི་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པས་གློད་གྲོལ་གཏོང་དགོས་ཞེས་ཛ་དྲག་གི་འབོད་སྐུལ་ཞུས་འདུག་ཅིང་།5 minPlay
December 28, 2021ཨི་རག་གི་བདག་དབང་ཐོག་ཏུ་འཐབ་རྩོད་འབྱུང་རྒྱུའི་ཉེན་ཁ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡༄༅།། ༢༠༢༢་ལོར་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རག་གི་བདག་དབང་དང་མདུན་ལམ་གྱི་ཆེད་དུ་ཨ་མི་རི་ཀ་དང་ཨ་རབ་རྒྱལ་ཁབ་ཁག དེ་བཞིན་ཨི་རན་བཅས་ཀྱིས་འཐབ་རྩོད་བྱེད་དགོས་པ་ཞིག་ཏུ་འགྱུར་སྲིད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
December 28, 2021སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 27, 2021འབར་མའི་དམར་གསོད་ལ་རྒྱལ་ཚོགས་ཀྱིས་བློ་འཚབ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༡༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མི་སྣ་ཞིག་གིས་འབར་མའི་ཞི་བའི་མི་མང་༣༠་ཙམ་དམར་གསོད་བྱུང་སྟེ་ཕུང་པོ་མེར་སྲེག་བཏང་པའི་གནས་ཚུལ་ཤེས་རྟོགས་བྱུང་པའི་རྗེས་སུ་དམར་གསོད་དེར་གཞུང་འབྲེལ་གྱི་འདྲི་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར།5 minPlay
December 27, 2021ཧོང་ཀོང་གི་གསར་འགོད་རང་དབང་ཉམས་པའི་ལོ་ནག - ཟླ་བ་བཅུ་གཉིས། ༢༨, ༢༠༢༡༄༅།། ༢༠༢༡་ནི་ཧོང་ཀོང་གི་གསར་འགོད་རང་དབང་ལ་དཀའ་ངལ་ཚབས་ཆེན་ཕྲད་པའི་ལོ་ཞིག་ཡིན་ཞིང་། དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་པའི་རྗེས་སུ་མངའ་ཁུལ་དེའི་གསར་འགོད་རང་དབང་ལ་ཉམས་ཉེས་ཆེན་པོ་བྱུང་བའི་ལོ་ནག་ཅིག་ཏུ་གྱུར་ཡོད་པའི་སྐོར།6 minPlay