Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
October 07, 2021འདེམས་ཐོན་སྤྱི་འཐུས་ཚོས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་དམ་འབུལ་ཞུ་རྒྱུ། - ཟླ་བ་བཅུ་པ། ༠༧, ༢༠༢༡ནང་མོལ་ཚོགས་འདུའི་གཙོ་སྐྱོང་བ་མཁན་པོ་བསོད་ནམས་བསྟན་འཕེལ་དང་སྒྲོལ་མ་ཚེ་རིང་རྣམ་གཉིས་ཀྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་བསྐོངས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཐག་གཅོད་ཅི་བྱུང་རྣམས་ཁྱབ་བསྒྲགས་གནང་འདུག5 minPlay
October 07, 2021ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དམག་འཁྲུག་གི་གྲ་སྒྲིག - ཟླ་བ་བཅུ་པ། ༠༧, ༢༠༢༡ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གྱིས་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་།5 minPlay
October 07, 2021ཨ་མི་རི་ཀ་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ། - ཟླ་བ་བཅུ་པ། ༠༧, ༢༠༢༡༄༅།། ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝྭན་དང་རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་དབྱང་ཅེ་ཊི་གཉིས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་ཛུ་རིག་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་གནང་གི་ཡོད་པའི་སྐོར། གསར་འགྱུར་རྒྱུད་ལམ་ཁག་ལ་ཐོན་པའི་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།5 minPlay
October 07, 2021བྷ་ཌན་དང་ཞིས་ཅིན་ཕིང་གིས་ཐེ་ཝན་གླེང་སློང་། - ཟླ་བ་བཅུ་པ། ༠༧, ༢༠༢༡ཐེ་ཝན་དང་རྒྱ་ནག་གི་འཁོན་འཛིན་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཉེ་ཆར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་བཀའ་མོལ་གནང་བའི་སྐབས་སུ་ཕྱོགས་གཉིས་ཀས་ཐེ་ཝན་གྱི་གནད་དོན་གླེང་སློང་བྱུང་ཡོད་ཅིང་།4 minPlay
October 07, 2021སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་པ། ༠༧, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
October 06, 2021ཆེ་དགྲ་ལྷ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་དུ་གནས་སྤར། - ཟླ་བ་བཅུ་པ། ༠༧, ༢༠༢༡༄༅།། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་གཙོ་འཛིན་ཆེ་དགྲ་ལྷ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་དུ་བསྐོ་བཞག་བྱ་འཆར་ཅེས་ལྷོ་རྒྱ་ནག་གི་ཞོགས་པའི་ཚགས་ཤོག་གིས་གསར་འགྱུར་སྤེལ་ཡོད་ཅིང་།9 minPlay
October 06, 2021དགེ་བཤེས་ངག་དབང་ཆོས་རྒྱན་བོད་ལ་ཕེབས་ནས་རྒྱ་གཞུང་གིས་ཕྱིར་སློག - ཟླ་བ་བཅུ་པ། ༠༧, ༢༠༢༡དགེ་བཤེས་ངག་དབང་ཆོས་རྒྱན་བོད་ལ་གཉེན་འཕྲད་དུ་ཕེབས་ཏེ་རྒྱ་གཞུང་གིས་དུས་ཡུན་བདུན་ཕྲག་གཉིས་ཙམ་ལ་འཛིན་བཟུང་དང་བཀག་ཉར། ཉེན་རྟོག་པས་འདྲི་རྩད་ནན་པོ་བྱས་པའི་རྗེས་སུ་བལ་ཡུལ་ལ་ཕྱིར་སློག་བྱས་ཤིང་། བལ་ཡུལ་གཞུང་གིས་དགེ་བཤེས་ངག་དབང་ཆོས་རྒྱན་རྒྱ་གར་ལ་ཕྱིར་ལོག་བྱས་ནས་ཕ་མ་སོགས་ལ་ཐུག་འཕྲད་བྱུང་མེད་པའི་གནས་ཚུལ་ཐོན་7 minPlay
October 06, 2021དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་པ། ༠༦, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
October 06, 2021སྲིད་སྐྱོང་དང་ཐེ་ཝན་གྱི་གཞུང་ཚབ་པ་མཇལ་འཕྲད། - ཟླ་བ་བཅུ་པ། ༠༦, ༢༠༢༡སྲིད་སྐྱོང་སྤེན་པ་ཆེ་རིང་གིས་ཕྱི་ཟླ་༡༠་པའི་ཚེས་༤་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པ་པཱའོ་ཧྲྭན་གེར་གཙོས་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་ཅིག་ལ་མཇལ་མོལ་གནང་འདུག བོད་མིའི་སྒྲིག་འཛུགས་ལྡི་ལིའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་སྐབས་དེར་སྲིད་སྐྱོང་གི་ལྷན་དུ་བཅར་ཡོད་ཅིང་།2 minPlay
October 06, 2021བོད་མཐོ་སྒང་དུ་རྒྱ་ནག་གི་མཁའ་དམག་རྟེན་གཞི་གསུམ་ཚུགས། - ཟླ་བ་བཅུ་པ། ༠༦, ༢༠༢༡རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཐབས་རྡུགས་ཀྱི་ངང་དུ་གནས་བཞིན་པའི་དུས་འདིར་རྒྱ་ནག་གིས་བོད་མཐོ་སྒང་དུ་མཁའ་དམག་གི་རྟེན་གཞི་གསུམ་ཚུགས་ཡོད་པ་ཡར་རྒྱས་བཏང་དང་གཏོང་བཞིན་ཡོད་མོད།5 minPlay