Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
October 05, 2021ཨ་རིས་མུ་མཐུད་དུ་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་འཆར། - ཟླ་བ་བཅུ་པ། ༠༥, ༢༠༢༡གཟའ་ཟླ་བ་ཉིན་ཨ་རིའི་གཞུང་གིས་མུ་མཐུ་དུ་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་དང་སྔོན་ཆད་རྒྱ་ནག་གིས་ཁས་ལེན་བྱས་པའི་གྲོས་མཐུན་ཁག་དོན་འཁྱོལ་ཡོང་ཐབས་བྱེད་དགོས་པའི་སྐུལ་འདེད་སྔར་བས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པའི་སྐོར།5 minPlay
October 05, 2021ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་འབར་མ། - ཟླ་བ་བཅུ་པ། ༠༥, ༢༠༢༡༄༅།། རེས་གཟའ་ཟླ་བའི་ཉིན་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཞི་བའི་གྲོས་གཞི་བཏོན་པ་དེར་འབར་མའི་དམག་གི་དབང་སྒྱུར་བ་ཚོས་ངོས་ལེན་ཡག་པོ་ཞིག་བྱེད་ཀྱི་མེད་པར་ཡི་ཐང་ཆད་ཡོད་པའི་རྣམ་པ་བསྟན་ཡོད་ཅིང་།3 minPlay
October 05, 2021ཚན་རིག་པ་གཉིས་ལ་སྨན་གྱི་ནོ་བྷེལ་གཟེངས་རྟགས་ཐོབ་པ། - ཟླ་བ་བཅུ་པ། ༠༥, ༢༠༢༡༄༅།། ཚན་རིག་པ་གཉིས་ཀྱིས་ལུས་ཀྱི་དབང་པོས་ཚ་བ་དང་ཟུངས་ཤུགས་ཀྱི་ཤེས་ཚོར་གང་འདྲ་མྱོང་གི་ཡོད་པ་ཤེས་རྟོགས་ཐུབ་ཡོད་ཅིང་། མ་འོངས་པར་སྙིང་ནད་བཅོས་ཐུབ་རྒྱུའི་རེ་བ་ཡོད་པའི་སྟབས་ཀྱིས་རེས་གཟའ་ཟླ་བའི་ཉིན་མོར་ཚན་རིག་པ་དེ་དག་ལ་ནོ་བྷལ་གཟེངས་རྟགས་ཐོབ་ཡོད་པའི་སྐོར།3 minPlay
October 05, 2021གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ། - ཟླ་བ་བཅུ་པ། ༠༥, ༢༠༢༡ཡེ་ཤུའི་བླ་ཆེན་ཕོབ་མཆོག་གཙོས་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཁག་ཅིག་མཉམ་རུབ་ཀྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཆག་གི་ཛ་དྲག་དཀའ་ངལ་རྣམས་སེལ་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་ཞེས་བོད་སྐུལ་ཞུས་འདུག་པ་བཅས་ཀྱི་སྐོར།4 minPlay
October 05, 2021སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་པ། ༠༥, ༢༠༢༡ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
October 04, 2021གསར་འགོད་པ་གྲགས་ཅན་མཱིར་སི་ཀི་ལོ་ན་༨༨་ཐོག་ཏུ་འདས་གྲོངས། - ཟླ་བ་བཅུ་པ། ༠༥, ༢༠༢༡གསར་འགོད་པ་གྲགས་ཅན་དང་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་སྲིད་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་མཁན་བྱུང་རིམ་སྨྲ་བ་ཇཱེ་ན་ཐན་མཱིར་སི་ཀི་དགུང་གྲངས་༨༨་ཐོག་ཏུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་འདས་གྲོངས་སུ་འགྱུར་ཡོད་པའི་སྐོར།8 minPlay
October 04, 2021རྒྱ་ནག་ལ་ལས་ཀའི་གཞུག་ཏུ་ཆང་བཏུངས་ཏེ་བཙན་གཡེམ་བྱ་རྒྱུ་ཇེ་མང་། - ཟླ་བ་བཅུ་པ། ༠༥, ༢༠༢༡༄༅།། རྒྱ་ནག་གི་སྤྱི་ཚོགས་སུ་ཚོང་འབྲེལ་ཡག་པོ་ཡོང་རྒྱུའི་ཆེད་དུ་ལས་ཀའི་རྗེས་སུ་ཆང་འཐུངས་ཏེ་མི་ལ་འབྲེལ་བ་འཛུགས་རྒྱུ་གནད་འགག་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་ཅིང་། ལས་མི་གསར་པ་ན་གཞོན་མ་ཚོར་ཆང་འཐུང་དུ་བཅུག་སྟེ་བཙན་གཡེམ་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད།5 minPlay
October 04, 2021རྒྱ་གར་གྱི་ཞིང་པའི་ངོ་རྒོལ་བྱུང་སྟེ་མི་༩་ལ་སྲོག་སྐྱོན། - ཟླ་བ་བཅུ་པ། ༠༤, ༢༠༢༡༄༅།། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏར་པར་དེ་ཤིར་ཞིང་པའི་ངོ་རྒོལ་བྱུང་སྟེ་མི་༩་ལ་སྲོག་སྐྱོན་བྱུང་པའི་རྐྱེན་གྱིས་རྒྱ་གར་དབུས་གཞུང་གིས་མངའ་ཁུལ་དེའི་དྲ་རྒྱའི་བརྒྱུད་ལམ་བཀག་སྡོམ་དང་སྲིད་དོན་ཀྱི་འགོ་ཁྲིད་ཚོ་འགྲུལ་བཞུད་བྱེད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པའི་སྐོར།4 minPlay
October 04, 2021ས་རཱ་མཐོ་སློབ་ཏུ་རྒྱ་གར་གྱི་ནང་པའི་ཚོགས་ཆེན་བསྡུ་སྐོང་། - ཟླ་བ་བཅུ་པ། ༠༤, ༢༠༢༡༄༅།། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཛམ་གླིང་ནང་པའི་ཚོགས་ཆེན་གྱི་ས་གནས་ཚོགས་འདུ་ཐེངས་དང་པོ་འགོ་འཛུགས་གནང་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།5 minPlay
October 04, 2021རྒྱ་ནག་གིས་ཐེ་ཝན་ལ་འཁྲུག་རྩོད་སློང་རྒྱུ་ཚོད་འཛིན་དགོས་པའི་ནན་སྐུལ། - ཟླ་བ་བཅུ་པ། ༠༤, ༢༠༢༡༄༅།། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་སྟེ་འཁྲུག་རྩོད་སློང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ནན་སྐུལ་བྱས་ཡོད་ཅིང་། འདི་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིང་གནམ་གྲུ་༣༠་ལྷག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པའི་སྐོར།5 minPlay