Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
April 24, 2022སྲིད་སྐྱོང་མཆོག་གི་ཨ་རིའི་འཚམས་གཟིགས་དང་བརྩོན་གྲུས་ལགས་ཀྱི་ཡོ་རོབ་ཁུལ་གྱི་བསྐོར་བསྐྱོད། - ཟླ་བ་བཞི་པ། ༢༤, ༢༠༢༢༄༅། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེའི་གལ་གནད་དང། དེ་བཞིན། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་གྲུས་ལགས་ཀྱིས་ཡོ་རོབ་མངའ་ཁུལ་ལ་བོད་དོན་དྲིལ་བསྒྲགས་ཀྱི་བསྐོར་བསྐྱོད་ལས་འགུལ་སྤེལ་བཞིན་པ་གཉིས་ཀྱི་སྐོར་གླེང་མོལ་ཞུས་པ་གསན་རོགས།...more25minPlay
April 10, 2022བོད་དོན་ལས་འགུལ་བ་གཉིས་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ་དང་ཉམས་མྱོང། - ཟླ་བ་བཞི་པ། ༡༡, ༢༠༢༢༄༅། ཀེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་ནང་གནས་སྡོད་སངས་རྒྱས་སྐྱབས་ལགས་དང། བྷེ་ས་ཁུལ་ལ་གནས་སྡོད་བསྟན་པ་འཇམ་འབྱངས་ལགས་གཉིས་ཀྱིས་འདས་པའི་ལོ་མང་་རིང་ལྷ་དཀར་འཆར་ཅན་ལ་ས་གནས་ཀྱི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་ལ་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད།...more23minPlay
March 27, 2022ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་གྱི་དམག་འཐབ་དེར་ཁ་ཕྱོགས་དང་མཇུག་འབྲས་ཇི་ཆགས་ཀྱི་སྐོར་གླེང་བ། - ཟླ་བ་གསུམ་པ། ༢༨, ༢༠༢༢ཕྱི་ཚེས་༢༤ ཉིན་ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་པ་ནས་འདས་པའི་ཟླ་བ་གཅིག་ལྷག་གི་ནང་ཚུད་ཡུ་ཀེ་རན་གྱི་ཞི་བའི་མི་སྣ་ཧ་ཅང་མང་པོར་སྲོག་སྐྱོན་དང་རྨས་སྐྱོན་བྱུང་ཡོད་པ་མ་ཟད། དུས་ཡུན་ཐུང་ཐུང་འདིའི་ནང་ཡུ་ཀེ་རན་གྱི་མི་མང་ས་ཡ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བྲོས་བྱོལ་བྱ་དགོས་པའི་གནས་ཚུལ་ཐབས་སྡུག་མང་པོ་བྱུང་ཡོད།...more23minPlay
March 20, 2022དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་གསེར་ཁྲི་མངའ་གསོལ་དང་གལ་གནད། - ཟླ་བ་གསུམ་པ། ༢༠, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་མི་མང་ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་ལྷན་དུ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་གསེར་ཁྲི་མངའ་གསོལ་དང་། ལོ་རྒྱུས་ཐོག་གི་གལ་གནད་སྐོར་ལ་བཀའ་འདྲི་ཞུས་པ་གསན་རོགས་གནང།...more21minPlay
March 13, 2022སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་༦༣་པའི་ཐོག་རྩལ་བའི་གསུང་བཤད་ལ་དཔྱད་གླེང་ཞུས་པ། - ཟླ་བ་གསུམ་པ། ༡༣, ༢༠༢༢ཐེངས་འདིའི་ལས་རིམ་ནང་སྲིད་སྐྱོང་མཆོག་གིས་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ཀྱི་ནང་དོན་དང་དེའི་གནད་འགག་གི་སྐོར་གཞུང་ཞབས་ཟུར་པ་ཀུན་དགའ་བཀྲིས་ལགས་དང་གླེང་མོལ་ཞུས་པ་ཡིན།...more27minPlay
March 06, 2022ཡུཀེ་རན་མང་ཚོགས་ཀྱིས་འགོག་རྒོལ་དང་རྒྱལ་སྤྱི། - ཟླ་བ་གསུམ་པ། ༠༧, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་ཡུཀེ་རན་གཞི་རིམ་མང་ཚོགས་ཀྱིས་འགོག་རྒོལ་ལ་རྒྱལ་སྤྱིས་གདེང་འཇོག་གནང་སྟངས་ཀྱི་ཐད་རྩོམ་སྒྲིག་པ་རྣམ་རྒྱལ་ལགས་དང་ལྷན་གླེང་མོལ་ཞུས་པ་དེ་གསན་རོགས།...more18minPlay
February 27, 2022ཨུ་རུ་སུས་ཡུ་ཀེ་རན་ནང་བཙན་འཛུལ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་ཕྱོགས་སྐོར་གླེང་བ། - ཟླ་བ་གཉིས་པ། ༢༧, ༢༠༢༢༄༅། ཨུ་རུ་སུས་་ཁྱིམ་མཚེས་ཡུ་ཀེ་རན་བཙན་འཛུལ་བྱེད་འགོ་འཛུགས་པ་དང། ད་རིང་གི་ལས་རིམ་འདིའི་ནང་ཉེས་འཆད་དེ་རིགས་ཀྱིས་ཨུ་རུ་སུར་ཤུགས་རྐྱེན་ཇི་ཙམ་ཡོང་སྲིད་མིན་དང་། ཉེས་ཆད་དེ་རིགས་ཀྱིས་སྲིད་འཛིན་པུ་ཏིན་གྱི་ཐག་གཅོད་ལ་འགྱུར་བ་གཏོང་ཐུབ་མིན་སོགས་ཀྱི་ཐད་ལ་གླེང་མོལ་ཞུས་པ་དེ་གསན་རོགས་གནང།...more24minPlay
February 20, 2022ཏོག་དབྱིབས་ནད་ཡམས་ཁྲོད་གནས་མཆོག་རྡོ་རྗེ་གདན་གྱི་ཁོར་ཡུག - ཟླ་བ་གཉིས་པ། ༢༠, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ལྕིག་གི་ལས་རིམ་ནང། ཏོག་དབྱིབས་ནད་ཡམས་ཁྲོད་གནས་མཆོག་རྡོ་རྗེ་གདན་གྱི་ཁོར་ཡུག་དང་འགྱུར་བ་ཇི་སོང་བཅས་ཀྱི་སྐོར་བཅར་འདྲི་ཞུས་པ་དེ་གསན་རོགས།...more17minPlay
February 13, 2022སྤྱི་ཚོགས་བརྒྱུད་ལམ་ཐོག་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་ལ་གདོང་ལེན་བྱེད་ཕྱོགས། - ཟླ་བ་གཉིས་པ། ༡༣, ༢༠༢༢རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གཞུང་གིས་འཛམ་གླིང་ནང་ཆེས་དར་ཁྱབ་ཆེ་བའི་སྤྱི་ཚོགས་བརྒྱུད་ལམ་ཁག་བེད་བྱས་ཏེ་རྒྱལ་སྤྱིའི་སྐྱོན་བརྗོད་ཁག་ལ་གདོང་ལེན་དང་ཡང་རང་གི་ཕྱོགས་སུ་མཐོང་ཚུལ་ལེགས་པོ་ཡོང་ཐབས་བྱེད་ཀྱི་ཡོད་པའི་སྐོར་གསན་རོགས་གནང།...more30minPlay
February 06, 2022ཨོ་རྩེད་ལ་ངོ་རྒོལ་དང་ཤུགས་རྐྱེན། - ཟླ་བ་གཉིས་པ། ༠༦, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་པེ་ཅིང་ཨོ་ལོམ་པིཀ་རྩེད་འགྲན་ལ་གཞུང་དང་རྩེད་འགྲན་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་སྟོན་པ་འདིས་མགྲོན་བདག་རྒྱལ་ཁབ་རྒྱ་ནག་ལ་ཤུགས་རྐྱེན་གང་འདྲ་ཞིག་སྤྲོད་ཐུབ་ཀྱི་ཡོད་མེད་ཀྱི་སྐོར་གསན་རོགས།...more22minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.